མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་ནང་ཆོས་སྤུས་དག་པོ་ཞིག་ཡོང་ཐུབ་ལ་འབད་བརྩོན་བྱེད་ཀྱིན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

 

དེང་སྐབས་ཕྱི་རྒྱལ་མི་རིགས་ཁྲོད་བོད་ཡིག་བོད་སྐད་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། ཨ་རི་དང་ཡུ་རོབ་ནང་གི་སློབ་ཆེན་མང་པོ་ཞིག་ཏུའང་བོད་ཡིག་བོད་སྐད་སློབ་ཁྲིད་བྱེད་ཀྱིན་ཡོད་འདུག བོད་ནང་དང་བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་ཡོན་སྡེ་ཚན་ཁག་ཏུ་ཕྱི་རྒྱལ་མི་རིགས་བོད་ཡིག་བོད་སྐད་སྦྱོང་མཁན་དང་། ལྷག་པར་དུ་ནང་ཆོས་སློབ་གཉེར་བྱེད་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དེའི་ཁྲོད་ཀྱི་དཔེ་མཚོན་ཡག་ཤོས་གཅིག་དྷ་རམ་ས་ལའི་ ‘ནང་བསྟན་སྲི་ཞུ་ཁང’ ཆགས་ཡོད་པ་རེད།

 

དྷ་རམ་ས་ལར་རྟེན་གཞི་བྱས་པའི་ནང་བསྟན་སྲི་ཞུ་ཁང་ནི་ ༢༠༡༡ ལོར་གསར་དུ་བཙུགས་ཤིང་། སྲི་ཞུ་ཁང་འདིས་ཕྱི་རྒྱལ་བ་ཚོར་བོད་ཀྱི་སྐད་ཡིག་དང་ནང་ཆོས་སོགས་སློབ་ཁྲིད་བྱེད་ཀྱིན་ཡོད་ཅིང་། ཁྲིད་ཐབས་ཀྱི་ཐད་ནས་དྲ་ཐོག་ནས་ཁྲིད་པ་དང་། དངོས་སུ་འཛིན་གྲྭ་ཚོགས་པ། སྒྲ་འཇུག་དང་བརྙན་སོགས་ཀྱི་ལམ་ནས་ཁྲིད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱོད་ཀྱིན་ཡོད་འདུག སྲི་ཞུ་ཁང་འདིའི་འོག་མྱུར་སྦྱོང་འཛིན་གྲྭ་དང་དྲ་ཐོག་འཛིན་གྲྭ སྒྲ་སྒྱུར་འཛིན་གྲྭ བཀའ་བསྟན་དཔེ་བསྡུར་སྡེ་ཚན། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཡན་ལག ཞིབ་འཇུག་སྡེ་ཚན། སྤྱི་ཁྱབ་ཡིག་ཚང་གཅིག་དང་སྤྱི་ཐབ་གཅིག་བཅས་སྡེ་ཚན་ ༨  ལས་གྲུབ་ཡོད་ཅང་། གཏན་འཇགས་མིན་ཡང་ད་ལྟའི་ཆར་ཁྱོན་བསྡོམས་ཕྱག་ལས་གནང་མཁན་ ༧༡ ཙམ་ཡོད་འདུག

 

DSC_9138གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། མྱུར་སྦྱོང་འཛིན་གྲྭའི་ནང་ད་ལྟའི་ཆར་དགེ་རྒན་ ༡༧ དང་སློབ་ཕྲུག་༢༤ ཡོད་པ་དང་། སྡེ་ཚན་འདིས་ཕྱི་གླིང་བ་ཚོར་བོད་ཡིག་དང་བོད་སྐད་ཀྱི་རྨང་གཞིའི་སློབ་ཁྲིད་བྱེད་ཀྱིན་ཡོད་ཅིང་། མྱུར་སྦྱོང་ནང་གི་སློབ་མ་མང་ཆེ་བར་སློབ་མ་རེར་དགེ་རྒན་རེ་ཡོད་པ་དང་། འཛིན་གྲྭ་འདིར་སློབ་ཡོན་སྤྲོད་སྟངས་རིགས་མི་འདྲ་བ་ཁ་ཤས་ཡོད་པ་ལས། བདུན་ཕྲག་ཅིག་ལ་བོད་ཡིག་སྦྱོང་མཁན་ཚོར་ཆུ་ཚོད་རེར་མི་གཅིག་ལ་ཧིན་སྒོར་༢༢༠ རེ་དང་། བདུན་ཕྲག་གཉིས་ལ་སྦྱོང་མཁན་ཚོར་ཆུ་ཚོད་གཅིག་ལ་ཧིན་སྒོར་ ༢༡༠ ། བདུན་ཕྲག་གསུམ་ལ་སྦྱོང་མཁན་ཚོར་ཆུ་ཚོད་གཅིག་ལ་ཧིན་སྒོར་ ༢༠༠ ། བདུན་ཕྲག་བཞི་དང་དེ་ལས་མང་བར་སྦྱོང་མཁན་ཚོར་ཆུ་ཚོད་གཅིག་ལ་ཧིན་སྒོར་ ༡༨༠ བཅས་ཡིན་འདུག

 

དྲ་ཐོག་འཛིན་གྲྭའི་ནང་ད་ལྟའི་ཆར་དགེ་རྒན་ ༡༥ དང་སློབ་ཕྲུག་ ༡༥༠ ཡས་མས་ཡོད་པ་དང་། སྡེ་ཚན་འདིས་ཕྱི་རྒྱལ་སློབ་ཕྲུག་ཚོའི་ཆུ་ཚད་ལ་དཔག་པའི་གནས་རིམ་འདྲ་མིན་ལ་སློབ་ཁྲིད་བྱེད་ཀྱིན་ཡོད་འདུག དྲ་ཐོག་འཛིན་གྲྭའི་སློབ་ཡོན་ཆུ་ཚོད་ ༡ ནས་ ༥ བར་ཆུ་ཚོད་རེར་མི་གཅིག་ལ་ཡུ་སྒོར་ ༥ རེ་(ཧིན་སྒོར་ ༣༦༠ རེ།)ཡིན་པ་དང་། ཆུ་ཚོད་ ༥༡ ནས་ ༡༠༠ བར་ཡུ་སྒོར་ ༤།༥ རེ་(ཧིན་སྒོར་ ༣༢༠ རེ།)།  ཆུ་ཚོད་ ༡༠༡ ལས་མང་ན་ཆུ་ཚོད་རེར་ཡུ་སྒོར་ ༤ རེ་(ཧིན་སྒོར་ ༢༨༠ རེ།)བཅས་ཡིན་འདུག

 

སྒྲ་སྒྱུར་འཛིན་གྲྭའི་ནང་ད་ལྟའི་ཆར་དགེ་རྒན་ ༤ དང་སློབ་ཕྲུག་ ༤ ཡོད་པ་དང་། སྡེ་ཚན་འདིས་བོད་ཡིག་དང་བོད་སྐད་ཀྱི་རྨང་གཞི་ཅུང་ཙམ་ཡག་པོ་ཡོད་མཁན་ཚོ་དང་། ལྷག་པར་དུ་ནང་ཆོས་ཀྱི་ཚད་གཞི་ཡོད་མཁན་ཚོར་ཡིག་བསྒྱུར་སྐོར་ལ་སློབ་ཁྲིད་བྱེད་ཀྱིན་ཡོད་འདུག འཛིན་གྲྭ་འདིའི་སློབ་ཕྲུག་རེར་སློབ་ཡོན་ཆུ་ཚོད་རེར་ཧིན་སྒོར་ ༢༠༠ ཙམ་ཡིན་འདུག སྒྲ་སྒྱུར་འཛིན་གྲྭའི་དམིགས་ཡུལ་གཙོ་བོ་ཡིག་སྒྱུར་བ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པ་དང་ད་ལྟའི་ཆར་ཚོད་ལྟའི་ཚུལ་དུ་འགྲོ་བཞིན་ཡོད་འདུག

 

35.picབཀའ་འགྱུར་དཔེ་བསྡུར་སྡེ་ཚན་ནང་ད་ལྟའི་ཆར་ལས་བྱེད་ ༡༧ ཡོད་པ་དང་། སྡེ་ཚན་འདིས་སྡེ་དགེའི་དཔར་མ་གཞི་ལ་བཞག་སྟེ། བོད་ཡུལ་གྱི་དཔར་ཁང་འདྲ་མིན་ནས་དཔར་བསྐྲུན་བྱས་པའི་བཀའ་འགྱུར་དང་བསྟན་འགྱུར་རྣམས་དཔེ་བསྡུར་བྱེད་ཀྱིན་ཡོད་འདུག ཁོ་ཚོས་དཔེ་བསྡུར་བྱེད་སའི་དཔར་ཁང་གཙོ་བོ་ ༤ ཡོད་པ་ནི་སྡེ་དགེ་དཔར་ཁང་དང་ཅོ་ནེ་དཔར་ཁང་། སྣར་ཐང་པར་ཁང་། ལི་ཐང་པར་ཁང་བཅས་ཡིན་འདུག བཀའ་འགྱུར་དཔེ་བསྡུར་གྱི་དམིགས་ཡུལ་གཙོ་བོ་སྔོན་ཆད་བོད་ཀྱི་དཔར་ཁང་འདྲ་མིན་གྱི་བཀའ་བསྟན་རྣམས་དཔེ་བསྡུར་བྱས་ཏེ། དཔེ་ཆའི་ནང་གི་ཆད་ལྷག་རྣམས་ལ་ཟུར་མཆན་བཀོད་དེ་བཀའ་བསྟན་སྤུས་དག་པོ་གཅིག་བཟོ་རྒྱུ་དང་། དེ་ཡང་མ་འོངས་པར་སྐད་ཡིག་གཞན་པའི་ནང་བསྒྱུར་རྒྱུའི་འཆར་གཞི་ཡོད་འདུག

 

བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཡན་ལག་ཞེས་པར་ད་ལྟའི་ཆར་ལས་བྱེད་ ༤ ཡོད་པ་དང་། སྡེ་ཚན་འདི་ཨ་རིའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ (Tibetan Buddhist Resource Center) དང་མཉམ་འབྲེལ་བྱས་ཡོད་འདུག སྡེ་ཚན་འདིས་ཨ་རིའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་བོད་ཀྱི་མཁས་དབང་རིམ་བྱོན་གྱི་གསུང་འབུམ་དེབ་ ༡༦༠༠༠ ལྷག་བསྡུ་རུབ་ཀྱིས་དཔར་སློག་བརྒྱབ་སྟེ་དྲ་ཐོག་ཏུ་ཉར་ཡོད་པའི་ནང་། དཀར་ཆགས་མེད་པ་དག་ལ་དཀར་ཆགས་བཟོ་བཞིན་ཡོད་འདུག

 

ཞིབ་འཇུག་སྡེ་ཚན་ནང་ད་ལྟའི་ཆར་ལས་བྱེད་ ༤ ཡོད་པ་དང་། སྡེ་ཚན་འདིས་ནང་བསྟན་སྲི་ཞུ་ཁང་རང་གི་མྱུར་སྦྱོང་དང་སྒྲ་སྒྱུར། དྲ་ཐོག་འཛིན་གྲྭ་བཅས་ཀྱི་སློབ་མའི་གནས་རིམ་ལ་གཞིགས་ཏེ། སློབ་དེབ་དང་དགེ་རྒན་གྱི་ཁྲིད་དེབ་སོགས་གྲ་སྒྲིག་བྱེད་ཀྱིན་ཡོད་འདུག ཞིབ་འཇུག་སྡེ་ཚན་གྱིས་དབུས་སྐད་ཐོག་སློབ་ཚན་སྒྲ་འཇུག་བྱས་ཏེ་ཉན་རྒྱུ་དང་། ཡུ་རོབ་ཀྱི་སྐད་ཡིག་གཉིས་པའི་ཐབས་ལམ་བོད་བསྒྱུར་བྱས་ཏེ། བོད་ཡིག་ནང་གི་མིང་ཚིག་དང་བྱ་ཚིག རྒྱན་ཚིག་སོགས་དབྱེ་བ་བཀར་ཏེ། ཡུ་རོབ་ཀྱི་སྐད་ཡིག་གི་ཕུང་པོ་ཞེས་པའི་རིག་ལམ་སྤྱད་དེ་བོད་སྐད་ནང་ཕུང་པོ་བཟོ་བཞིན་ཡོད་འདུག

 

སྤྱི་ཁྱབ་ཡིག་ཚང་ནང་དུ་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལགས་དང་རྩིས་པ་ཕུར་ཚེ་ལགས་གཙོ་བྱས་པའི་འཛིན་སྐྱོང་དང་འབྲེལ་བའི་ལས་བྱེད་ ༥ ཡོད་པ་དང་། སྤྱི་ཐབ་ནང་ལས་བྱེད་ཚོར་ཉིན་གུང་གསོལ་ཚིགས་བཟོ་མཁན་མ་བྱན་ ༣ དང་ལས་ཁུངས་གཙང་མ་བཟོ་མཁན་གཅིག་དང་ཅ་དངོས་ཉར་ཚགས་བྱེད་མཁན་གཉེར་བ་གཅིག་བཅས་ཡོད་འདུག

 

121212འདི་གའི་གསར་འགོད་པས་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། ད་ལྟའི་ཆར་སྲི་ཞུ་ཁང་གི་ཁྱབ་ཁོངས་ཡོངས་སུ་ལས་བྱེད་ ༧༡ ལྷག་ཡོད་པ་དང་། བཀའ་འགྱུར་དཔེ་བསྡུར་འཕུད་པའི་དགེ་རྒན་དང་ལས་བྱེད་རྣམས་ཐོག་མའི་ཚོད་ལྟའི་ཟླ་གསུམ་རིང་ཟླ་རེར་ཧིན་སྒོར་ ༧༠༠༠ རེ་དང་། ཟླ་གསུམ་གྱི་རྗེས་སུ་ལས་བྱེད་དངོས་ལ་ཚུད་རྗེས་ཟླ་རེར་གསོལ་ཕོགས་ཧིན་སྒོར་ ༡༠༠༠༠ རེ་སྤྲོད་བཞིན་ཡོད་པ་དང་། ལོ་རེར་ཧིན་སྒོར་ ༧༠༠ རེ་འཕར་གྱིན་ཡོད་འདུག བཀའ་འགྱུར་དཔེ་བསྡུར་སྡེ་ཚན་ནང་ཐོག་མའི་ཚོད་ལྟའི་ཟླ་གསུམ་རིང་ཟླ་རེར་གསོལ་ཕོགས་ཧིན་སྒོར་ ༡༠༠༠༠ རེ་དང་། ཟླ་གསུམ་གྱི་རྗེས་སུ་ལས་གཞི་དངོས་ལ་ཚུད་རྗེས་ཟླ་རེར་ཧིན་སྒོར་ ༡༡༠༠༠ རེ་སྤྲོད་ཀྱིན་ཡོད་ཅིང་། ལོ་རེ་ལ་ཧིན་སྒོར་ ༧༠༠ རེ་འཕར་གྱི་ཡོད་འདུག

 

ངག་དབང་འཕྲིན་ལས་ལགས་ཀྱིས་ངོ་སྤྲོད་གནང་བར། མྱུར་སྦྱོང་འཛིན་གྲྭ་དང་དྲ་ཐོག་འཛིན་གྲྭ སྒྲ་སྒྱུར་འཛིན་གྲྭ་སོགས་ཀྱི་སློབ་ཡོན་ཡོང་འབབ་ཀྱིས་ཞིབ་འཇུག་སྡེ་ཚན་དང་སྤྱི་ཁྱབ་ཡིག་ཚང་གི་ལས་བྱེད་ཚོར་གསོལ་ཕོགས་སྤྲོད་བཞིན་ཡོད་པ་དང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཡན་ལག་གི་འགྲོ་སོང་ཨ་རིའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་གཏོང་གི་ཡོད་འདུག གཞན། བཀའ་འགྱུར་དཔེ་བསྡུར་སྡེ་ཚན་ལ་ཐའེ་ཝན་འབའ་རོམ་བཀའ་བརྒྱུད་ཆོས་ཚོགས་ (中華民國巴融噶舉如意成就學佛會) ཀྱིས་མཐུན་འགྱུར་གནང་གི་ཡོད་འདུག

 

སྲི་ཞུ་ཁང་གི་དམིགས་ཡུལ་ག་རེ་ཡིན་མིན་སྐོར་ལ་འགན་འཛིན་ངག་དབང་འཕྲིན་ལས་ལགས་སུ་བཅའ་འདྲི་བྱས་པར་ཁོང་གིས། ནང་བསྟན་སྲི་ཞུ་ཁང་གི་ཚོགས་པ་འདི་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ལྷག་པར་དུ་བོད་ཀྱི་ནང་བསྟན་རིག་གནས་ཡུལ་ལུང་གཞན་དང་སྐད་རིགས་གཞན་ལ་དར་སྤེལ་གཏོང་རྒྱུ་དེ་ཡིན་པ་དང་། ༧རྒྱལ་བ་རིན་པོ་ཆེ་ཡི་བཀའ་སློབ་གཅིག་གི་ནང་། ད་ལྟའི་བོད་པའི་མི་རབས་འདི་ལ་ནང་པའི་མི་རིགས་གཞན་དང་མ་འདྲ་བར་ནང་ཆོས་སྤུས་དག་མོ་ཞིག་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་དམིགས་བསལ་གྱི་འགན་འཁུར་ཡོད་ཅེས་གསུངས་པ་བཞིན། ང་ཚོས་ནང་ཆོས་ཡང་དག་པ་དང་སྤུས་དག་པོ་ཞིག་ཡོང་བའི་ཆ་རྐྱེན་བསྐྲུན་ཐུབ་ལ་ཐབས་ལམ་སྣ་ཚོགས་སྤྱད་དེ་འབད་བརྩོན་བྱེད་བཞིན་ཡོད། ཅེས་བརྗོད་སོང་།

 

སྲི་ཞུ་ཁང་འདི་ཚོགས་པ་ཆེན་པོ་ཡིན་སྟབས་འདིའི་འགྲོ་གྲོན་མ་དངུལ་ཇི་ལྟར་ཐབས་འཚོལ་གནང་གི་ཡོད་མེད་དྲིས་པར་ཁོང་གིས། ཚོགས་པ་འདིའི་བཀའ་འགྱུར་དཔེ་བསྡུར་ལྟ་བུར་མཚོན་ན་ཐའེ་ཝན་གྱི་འབའ་རོམ་བཀའ་བརྒྱུད་ཀྱི་བླ་མ་ཚོགས་ཉིད་འོད་ཟེར་དང་མཉམ་འབྲེལ་བྱས་བསྡད་ཡོད་པ་རེད། གཞན་ང་ཚོར་སྦྱིན་བདག་རྫིག་པོ་དེ་འདྲ་ཡོད་པ་མ་རེད། ལས་བྱེད་ཚོར་ཟླ་ཕོགས་ཆེན་པོ་སྤྲོད་ཐུབ་ཀྱི་མེད་ཀྱང་འཚོ་བ་འགྲོ་ཐུབ་ཙམ་སྤྲོད་ཀྱི་ཡོད་པ་རེད།

 

ང་ཚོས་བོད་ཀྱི་སྐད་ཡིག་གི་ཁྲོམ་ར་བཟོས་ཡོད་པ་རེད། མི་མང་པོ་ཞིག་གིས་བོད་པའི་སྐད་ཡིག་ལ་ཁྲོམ་ར་ཡོད་པ་མ་རེད། བོད་ཀྱི་སྐད་ཡིག་གིས་གྲོད་ཁོག་བརྒྱག་གི་མ་རེད་ཟེར་གྱི་ཡོད་པ་རེད། ཕྱོགས་གཅིག་ནས་བདེན་པ་ཡིན་ཡང་ཕྱོགས་གཞན་ཞིག་ནས་ཁྲོམ་ར་སོ་སོས་མ་བཟོས་པ་རེད། སྤྱིར་བཏང་བོད་པའི་སྐད་ཡིག་ལ་ཁྲོམ་ར་མེད་པ་ཁྱོན་ནས་མ་རེད། ད་ལྟ་བོད་སྐད་སྦྱོང་རྒྱུ་ཡིན་ཟེར་མཁན་དང་སྐད་བསྒྱུར་བྱ་རྒྱུ་ཡིན་ཟེར་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ད་ལྟ་ཁྲོམ་རྭ་ཆེ་ཤོས་དེ་ཕྱི་རྒྱལ་བ་མ་རེད་བོད་པ་རེད། ད་ལྟ་ཕྱི་རྒྱལ་ཁག་ཏུ་སྡོད་མཁན་བོད་པ་ཚོར་ཡང་བོད་ཡིག་བོད་སྐད་ཐོག་དོ་སྣང་གསར་པ་སླེབས་ཀྱི་ཡོད་པ་རེད། དེ་གཙོ་བོ་ ༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཡིན་ས་རེད། ཁོང་ཡར་མར་ཕེབས་སྐབས་བཀའ་སློབ་མང་པོ་གནང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

 

ཚོགས་པ་འདི་བཙུགས་ནས་ད་ལྟའི་བར་དཀའ་ངལ་གང་འདྲ་འཕྲད་ཡོད་མེད་དྲིས་སྐབས་ཁོས། དཀའ་ངལ་མང་པོ་འཕྲད་ཡོད་པ་རེད། དཀའ་ངལ་རེ་རེ་འཕྲད་དུས་སློབ་སྦྱོང་རེ་རེ་རག་ཡོང་གི་འདུག ང་ཚོའི་ཚོགས་པ་འདིར་གྲུབ་འབྲས་ཡག་པོ་ཞིག་འཐོན་བཞིན་པ་འདི་ང་གཅིག་པུ་མ་རེད། ལས་བྱེད་མང་པོ་ཞིག་ཡོད་པ་ཁོ་རང་ཚོས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་རེད། གང་ལྟར། ཚོགས་པ་འདི་བརྒྱུད་ནས་སློབ་མ་གཅིག་སྟོང་ཉིས་བརྒྱ་གསུམ་བརྒྱ་ཞིག་ལ་སློབ་ཁྲིད་བྱས་པ་རེད། ད་ལྟ་དེ་དག་བོད་པའི་རིག་གཞུང་དང་སྐད་ཡིག་ལ་འབྲེལ་བ་ཡོད་མཁན་ཞིག་ཆགས་པ་རེད། དེ་ནས་བོད་མི་བརྒྱད་ཅུ་དགུ་ཅུ་ཞིག་ལ་ལས་ཀ་སྤྲད་ཡོད་པ་རེད། འདི་དག་ང་ཚོའི་གྲུབ་འབྲས་དང་གཟི་བརྗིད་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་བརྗོད་སོང་།

 

ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལགས་ཀྱིས་ཁོ་རང་ངོ་སྤྲད་བྱས་པ་ལྟར་ན། ཁོ་བོ་ཧྥ་རན་སིའི་མི་རིགས་ཡིན་ཞིང་ཕ་ཡུལ་ནས་སློབ་གྲྭ་ཚད་ལྡན་དེ་འདྲར་འགྲོ་མྱོང་མེད་པར་བ་ཕྱུགས་འཚོ་སྐྱོང་བྱས་མཁན་ཞིག་ཡིན་པ་དང་། རྗེས་སུ་རྒྱ་གར་དུ་ཡོང་སྟེ་སྤུར་ཉེ་འཁྲིས་དཔལ་སྤུངས་ཤེས་རབ་གླིང་ནས་ནང་དོན་རིག་པ་གཙོས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སློབ་གཉེར་གནང་ཡོད་འདུག

 

གསར་འགོད་པ།འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

མཆན། 3

  1. བོླ་བཟང་མཐའ་ཡས།། says:
    ལོ་ 10 སྔོན།

    རྒན་ལགས་བཀྲིས་བདེ་ལེགས།། ང་ལས་བྱེད་ཟུར་པ་ཡིན་པས་མཐོང་སྣང་ནས་བརྗོད་ན། ཁྱེད་ཀྱིས་སྐུ་ངལ་འཛེམ་མེད་ཐོག་བོད་ཀྱི་ནང་བསྟན་དང་བོད་ཀྱི་སྐད་ཡིག་ལོ་རྒྱུས་སོགས་ལ་དོ་སྣང་ཆེན་པོ་དང་།། བོད་ཀྱི་ལུགས་སྲོལ་དང་གོམས་གཤིས་བཟང་པོ་ལ་རིང་ཐང་ཆེན་པོ་གཟིགས་ནས་དེ་དག་མི་ཉམས་པའི་སླད་དུ་སེམས་སྐུལ་ཇེ་ཆེར་བསྐྱེས་པ་དེ་སྤོབས་པ་དང་བསྔགས་བརྗོད་ཡོད།།

    དེ་རིང་གསར་ཤོག་སྟེང་ང་ཚོའི་ཚོགས་པ་དེ་ཁྱབ་་བསྒྲགས་དང་་་ཚོགས་པ་དེ་བོད་ཀྱི་རིག་གནས་དང་རིག་གཞུང་སོགས་ལ་ཞབས་འདེབས་གྲུབ་པ་ཤེས་རྟོགས་བྱུང་བ་དེ། རྐང་ལྷོད་སྐྱོང་མཁན་རྣམས་ལ་བློ་གསོ་གཅིག་དང་་་བག་མེད་དུ་སྡོད་མཁན་རྣམས་དྲན་གསོ་གཅིག་བྱས་པ་མཐོང་ཐུགས་རྗེ་ཆེ།།

    Reply
  2. བཀྲ་རྣམ། says:
    ལོ་ 10 སྔོན།

    འགན་འཛིན་ངག་དབང་འཕྲིན་ལས་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱོད་ཀྱིས་བོད་མི་རིགས་ལ་ཤ་ཚ་ལྷག་བསམ་དང་། བོད་པའི་སྐད་ཡིག་རིག་གཞུང་ལ་དགའ་ཞེན་ཆེན་པའི་ཐོག་ནས་ཕྱག་ལས་རླབས་ཆེན་གནང་བ་དེང་། ལྷག་པར་དུ་བོད་མི་མང་པོ་ཞིག་ལ་ལས་ཀ་སྤྲད་པ་དེ་བོད་གཞུང་གི་ལས་ཁུངས་ཤིག་གིས་ཀྱང་མི་འཇོན་པའི་གནས་ཚུལ་ཞིག་རེད། ཁྱེད་རང་གི་ཕྱག་ལས་དེ་ལྟ་བུ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་གྲྭ་རེ་ཟུང་གིས་ཀྱང་འཇོན་གྱིན་ཡོད་པ་མ་རེད་བསམ་བསམ་བྱུང་སོང་། ཐུགས་རྗེ་ཆེ།

    Reply
  3. གླིང་ཚང་། says:
    ལོ་ 10 སྔོན།

    ཐོག་མ་སྲིད་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལགས་སུ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ། དེ་ནས་བོད་པ་ཚོས་བསམ་བློ་གཏོང་དགོས་པ་ཞིག་ནི། ནོར་བུ་རང་ལ་ཡོད་དུས།། ནོར་བུའི་ནོར་ཉམས་མ་ཆོད།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚིང་ཡོང་།། ཟེར་བ་ལྟར། བོད་པའི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཚོར་ཟོས་གོས་གནས་མལ་ཕར་སྤྲད་ནའང་བོད་ཡིག་བོད་སྐད་སྦྱོང་མཁན་རེག་གི་ཡོད་པ་མ་རེད། ཕྱི་རྒྱལ་ཚོས་ཆུ་ཚོད་གཅིག་ལ་ཧིན་སྒོར་སུམ་བརྒྱ་བཞི་བརྒྱ་ཚུར་སྤྲད་དེ་བོད་ཡིག་བོད་སྐད་སྦྱོང་གི་ཡོད་པ་རེད། འདི་ལ་བསམ་བློ་ཡག་པོ་ཞིག་གཏོང་དགོས་ཀྱིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese