མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་གཞོན་ནུ་སྒོ་མ་རྒྱག་རོགས།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

ཨ་རིའི་ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ནུ་ལྷན་ཚོགས་སྒོ་རྒྱག་དགོས་མིན་ཐད་མང་ཚོགས་ལ་བསམ་ཚུལ་དྲིས་ཏེ་འོས་བསྡུ་གནང་སྐབས་བརྒྱ་ཆ་ ༩༥ ལྷག་གིས་ས་གནས་གཞོན་ནུ་གནས་དགོས་པར་རྒྱབ་སྐྱོར་གནང་ཡོད་འདུག

 

ཉེ་ལམ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གནས་སྐབས་རིང་སྒོ་བརྒྱབ་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ནུའི་རྒྱུན་ལས་རྣམ་པས་ཁོང་ཅག་རྒྱུན་ལས་སུ་བསྐོ་བཞག་གནང་སྐབས་ས་གནས་མང་ཚོགས་ཀྱིས་འོས་འདེམས་བྱས་ནས་ཡོང་བ་དང་། གལ་སྲིད་ཁོ་རང་ཚོས་ལས་མཚམས་འཇོག་དགོས་ནའང་མི་མང་ལ་ཐག་གཅོད་གནང་གི་འཇུག་རྒྱུ་ཡིན་པའི་ངོས་འཛིན་འོག ཁ་སང་ཨ་རིའི་ས་གནས་ཀྱི་ཚེས་ ༢༦ ཉིན་མང་ཚོགས་བསྡུ་སྐོང་གནང་སྟེ། དམངས་གཙོའི་འགྲོ་ལུགས་ལྟར་ད་ལྟའི་ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་མུ་མཐུད་གནས་དགོས་མིན་ལ་འོས་བསྡུ་གནང་སྐབས། ཁྱོན་འོས་ཤོག་འཕེན་མཁན་ ༣༦༠ བྱུང་ཡོད་པ་ལས་ས་གནས་གཞོན་ནུའི་རྒྱུན་ལས་མུ་མཐུད་གནས་དགོས་པར་རྒྱབ་སྐྱོར་གནང་མཁན་ ༣༤༢ དང་། ས་གནས་མི་དགོས་པར་འོས་ ༡༦ ། འོས་ཤོག་ངོས་སྟོང་པར་བཞག་ཡོད་ ༢ རྩིས་མེད་ཕྱིན་བཅས་བྱུང་ཡོད་སྟབས། ནེའུ་ཡོག་དང་ནེའུ་ཇིར་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ད་ལྟའི་རྒྱུན་ལས་རྣམ་པ་མུ་མཐུད་གནས་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

 

སྐབས་དེར་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་ཀྱིས་ད་ལྟའི་རྒྱུན་ལས་རྣམ་པས་མུ་མཐུད་ས་གནས་གཞོན་ནུའི་རྒྱུན་ལས་ཀྱི་འགན་འཁུར་བླངས་ཏེ་མང་ཚོགས་ལ་ལས་འགུལ་རིགས་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་འདུག

 

ཚོགས་འདུའི་སྟེང་མང་ཚོགས་ཁྲོད་ད་ལྟའི་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་མུ་མཐུད་གནས་རྒྱུར་མོས་མཐུན་མེད་གསུང་མཁན་དང་། ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་ཀྱི་ཕུགས་ཀྱི་དམིགས་ཡུལ་ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ནུའི་ལངས་ཕྱོགས་དབུ་མའི་ལམ་ལ་བསྒྱུར་རྒྱུ་དེ་རེད་ཟེར་བ་སོགས་ཀྱི་དགོངས་ཚུལ་གསུང་མཁན་ཡང་བྱུང་ཡོད་འདུག

 

ཐེངས་འདིའི་འོས་བསྡུའི་ལས་རིམ་ལ་འགན་འཁུར་མཁན་དང་འོས་གྲངས་ཞིབ་བཤེར་བྱེད་མཁན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། བུད་མེད་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ཆུ་བཞི་སྒང་དྲུག་ཚོགས་གཙོ་དང་ཚོགས་གཞོན་བཅས་ཡིན་འདུག

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 10

  1. ཕུན་སྐྱིད། says:
    ལོ་ 10 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་གཞུང་ལ་ཕྱར་གྲུ་མཉམ་འདེགས་ཡོང་ཐབས་ཆེད་གསར་འཛུགས་གནང་བའི་ཚོགས་པ་ཞིག་རེད། དེ་བཞིན་མི་མང་གི་ཚོགས་པ་ཞིག་རེད། བོད་གཞུང་དང་བོད་པ་མི་མང་གི་མངོན་འདོད་ལ་ཕན་ཐོགས་མེད་ཚེ་ཚོགས་པ་འདིས་ཕན་མ་ཐོགས་པ་རེད།
    གཞོན་ནུ་ཚོགས་པ་ཞེས་པའི་སྐད་གྲགས་དེ་ཡང་རང་བཙན་གྱི་ལྟ་གྲུབ་ཡོད་པ་ལ་བརྟེན་ནས་བྱུང་བ་ཞིག་མ་རེད། རྒྱུན་ལས་དང་ཚོགས་མི་རྣམས་པས་བོད་ཀྱི་རྩ་དོན་ཆེན་དཀའ་ལས་བསྐྱོན་པ་དང་སྤྱི་ཚོགས་ཞབས་ཞུ་ཞུས་པ་སོགས་ལ་བརྟེན་ནས་མི་མང་ནང་རྒྱབ་སྐྱོར་དང་ཆེ་མཐོང་རེག་པ་ཞིག་རེད།
    བྱས་རྗེས་ཅན་གྱི་རྒྱུན་ལས་གོང་མ་རྣམ་པའི་མཇུག་སྐྱོངས་ཐུབ་ཚེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཚན་མཐོང་གནས་བ་དང་། མི་མང་གིས་རྒྱབ་སྐྱོར་ཡོང་ངེས་པ་ཞིག་རེད། དེ་མིན་ལྟ་གྲུབ་ཁོ་ན་གཙིགས་འཛིན་བྱས་ཚེ་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་གསུམ་ལ་ཁྱད་པར་མེད་སོང་བ་ཡིན་པས་ངའི་སེམས་ནང་གི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་མིང་དོན་མི་མཚུངས་པའི་ཤོག་བུའི་སྟག་ཞིག་ཏུ་འགྱུར་ངེས་ཡིན་པས་བོད་ལ་མི་ཕན། དགྲ་ལ་མི་གནོད་པ་ཞིག་ཏུ་དོན་གྱིས་གྱུར་སོང་བ་རེད།
    སྒྲིག་འཛུགས་ཡག་པོ་འདི་མི་ཚད་ལྡན་ཚོས་བེད་སྤྱོད་བཏང་ཚེ་རང་གཞན་གཉིས་ཕན་ཡོང་ངེས་དང་། ལྟ་གྲུབ་ཁ་ལ་འཁྱེར་བའི་མི་ངན་རེ་ཟུང་གིས་བེད་སྤྱོད་བྱས་ཚེ་ཕོ་རོག་དཀར་པོ་ཆགས་ངེས་པས་ད་ནི་སྐབས་བབ་རྒྱུན་ལས་ཚོས་བསམ་བློ་གཏོང་རྒྱུའི་དུས་སུ་བབ་ཡོད།

    Reply
  2. རང་དབང་། says:
    ལོ་ 10 སྔོན།

    ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ནེའུ་ཇར་སེ་གཉིས་ནང་བཞུགས་པའི་བོད་རིགས་སྤུན་ཟླ་རྣམ་པར་སྐུ་ཁམས་བཟང་། ཁྱེད་རྣམ་པར་ལྷག་བསམ་དང་འཇོན་ཐང་། མིའི་ཆོས་ཀུན་སྤྱོད་ཅིག་ཡོད་ཚེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆོག་མཆན་མེད་པར་ཚོགས་པའི་མིང་ཐོག་ནས་ཚོགས་འདུ་སྐོང་ཚོགས་བྱས་པར་བོད་རིགས་སྤྱི་ཡོངས་བློ་ཕམ་གྱི་གནས་སུ་ལྷུང་། ཁྱེད་རྣམ་པས་ངའི་ཁ་དང་ཁྱེད་ཀྱི་སྣ་ཟེར་བའི་བོད་རིགས་ནང་ཁུལ་རྙོག་གླེང་བཟོས་ཏེ་བོད་མིའི་འཐབ་རྕོད་ཀྱི་ཆིག་སྒྲིལ་གཏོང་བཤིག་བཏང་བར་བློ་ཕམ་ཤིན་ཏུ་ཆེ། དབུས་ལྷན་འགྲིག་ཡོད་མེད་ལ་མ་ལྟོས་པར་ཚོགས་པའི་མིང་དང་ལས་རྟགས་བེད་སྤྱོད་བྱས་པར་དམངས་གཙོའི་ཁེ་དབང་ཐོབ་ཐང་ལ་བརྩིས་མེད་དང་་ཁྲིམས་འགལ་རང་ཆགས་ཡོད། ཁྱེད་རྣམ་པས་དོན་དངོས་ཐོག་ཀྱི་བོད་དོན་ལ་སེམས་འཁུར་དང་ཐུགས་འཁུར་བྱེད་ཀྱི་ཚེ་ཕན་ཚུན་བསམ་ཤེས་ཀྱིས་གཞོན་ལྷན་གྱི་ཐག་གཅོད་ལ་གུས་བརྩི་དང་སོ་སོའི་ལངས་ཕྱོགས་དང་མཐུན་པའི་ཚོགས་པ་གསར་འཛུགས་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། དེ་མིན་བཙན་བྱོལ་སྤར་མོ་གང་བོ་ཚུར་དཀྲུགས་ཕར་དཀྲུགས་མ་བྱེད་རོགས་ཞུ་འདོད་བྱུང་།

    Reply
  3. རྡོ་སེངྒེ། says:
    ལོ་ 10 སྔོན།

    ཨ་རིའི་ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ནུ་ཚོགས་པ་གཉིས་དབུ་མའི་ལམ་དུ་བསྐྱོད་འདོད་ན། གཞོན་ནུའི་ཚོགས་ཁོངས་ནས་ཕྱིར་ཐོན་ནས་དབུ་ལམ་དུ་བསྐྱོད་ན་འགྲིག་གི་རེད། ཡིན་ཅིག་གཞོན་ནུའི་ཁ་ཕྱོགས་བརྗེ་པོ་རྒྱབ་དགོས་པ་ཡོད་མ་རེད། མ་གཞི་ནས་མི་འདི་ཚོས་ནང་ཁུལ་ལ་གཏོར་བཤིག་གཏོང་པ་ལས་ཕན་ཐོག་པའི་བྱ་བ་སྣ་གཅིག་བྱེད་ཀྱི་ཡོད་མ་རེད།

    Reply
  4. ཉི་མ། says:
    ལོ་ 10 སྔོན།

    གཞོན་ནུ་ཚོགས་པ་ནི་བཙན་བྱོལ་ནང་བོད་མི་རྒན་རབས་མང་པོ་ཞིག་ནས་དཀའ་ངལ་ཁྱད་དུ་བསད་ནས་ལས་འགུལ་སྤེལ་ཏེ་ད་བར་ཡོང་ཡོད། གང་ཟག་སྒེར་ཁག་ཅིག་ཁྱེད་རང་ཚོ་ལྟ་བ་ལངས་ཕྱོགས་གང་ཞིག་འཁྱེར་ནའང་། དེའི་ནང་མི་མང་འཁྲིད་པ་དང་ཚོགས་པ་ཡར་དཀྲུགས་མར་དཀྲུགས་མ་བཏང་རོགས། ང་ཚོར་ལོ་རྒྱུས་བདག་དབང་གི་གཞོན་རབས་གསོ་སྐྱོང་དང་ལས་འགུལ་སྣེ་ཁྲིད་ཀྱི་ཚོགས་པ་དགོས།།

    Reply
  5. ཕུན་སྐྱིད། says:
    ལོ་ 10 སྔོན།

    ཚོགས་པ་དང་སྐྱིད་སྡུག་ཟེར་བ་ནི་མི་མང་གི་གྲུབ་ཆ་ཡིན་པས་མི་མང་ལ་བདག་དབང་ཡོད་པ་ཞིག་ཀྱང་རེད། དེའི་ཕྱིར་ནིའུ་ཡོག་ས་གནས་ཚོགས་པ་ཁག་གི་བདག་དབང་ཡང་མི་མང་ཡིན་པས་ལྷག་བསམ་ཅན་གྱི་མི་མང་གི་ལངས་ཕྱོགས་ནམ་ཡང་ནོར་བ་ཡོང་མི་སྲིད་པས་ཧ་ཅང་ཡག་མོ་གདའ།
    མི་རེ་ཟུང་གིས་འདོད་པ་ཁེངས་མིན་གཙོ་བོ་དང་སྐད་ཅོར་རྒྱབ་མིན་གཙོ་བོ་མ་རེད། ༧གོང་ས་མཆོག་གི་ལམ་སྟོན་བཀའ་འོག་དང་བོད་གཞུང་གི་དབུ་འོག་ཤར་བསྐྱོད་བྱས་ཚེ་འཇོན་མིན་ལ་མ་བལྟས་པར་ལམ་ཁ་འདེམས་སྟངས་མ་ནོར་བ་གསལ་པོ་རེད།
    རང་བཙན་ལ་ཁ་གཡར་ནས་བོད་པའི་སྤྱི་ཚོགས་ནང་དཀྲུགས་ཤིང་བཟོ་མཁན་མི་མང་ནང་རེ་ཟུང་ཡོད་པ་མ་ཟད་སྤྱི་མཐུས་ནང་ཡང་ཡོད་པ་མངོན་གསལ་དོད་པོ་རེད། ཡིན་ནའང་། ལྷ་ཡོད་ས་ན་བདུད་ཡོད་པ་ཆོས་ཉིད་ཡིན་པས་མི་མང་ཚོ་སེམས་ཤུགས་མ་ཆག་རོགས། རྡོག་རྩ་ཅིག་བསྒྲིལ་དང་དམ་བཅའ་བརྟན་པོ་གནང་དང་གནད་འགག་ནི་གོ་སྐབས་ཡིན།

    Reply
    • འཆི་མེད་རྡོ་རྗེ། says:
      ལོ་ 10 སྔོན།

      ཁྱེད་ནི་བློ་ལྡན་གཟུ་བོ་གནས་པའི་བཀའ་མོལ་གསུངས་འདུག མཛེས་རྒྱན་བྱུང་འདུག ངས་མཐེ་བོང་སྒྲེངས་ནས་འགྲིག་ཤགས་ཞུ་རྒྱུ་ཡིན། སུམ་རྟགས་དག་གསུམ་དང་བརྗོད་བྱ་བརྗོད་བྱེད་ལ་མ་འཁྲུལ་པ་དཔེ་ཡག་པོ་རེད།

      Reply
  6. རང་དབང་། says:
    ལོ་ 10 སྔོན།

    དབུས་གཞོན་ལྷན་གྱིས་ཕྱིར་འབུད་ཟིན་པའི་ཚོགས་མི་འདི་ཚོ་འཁྲབ་སྟངས་ངན་པ་རེད། མི་༣༦༠ ལྷག་འདུ་འཛོམས་ཁྲོད་ནས་ཡོང་མཁན་བརྒྱ་ཆའི་དགུ་བཅུ་ཡན་གཞོན་ནུའི་ཚོགས་མི་མིན་པས་ས་གནས་གཞོན་ནུ་སྒོ་རྒྱག་མིན་གྱི་གནད་དོན་ཐོག་ཇུས་ཏོག་བྱས་པ་ནོར་འཁྲུལ་རེད།

    ས་གནས་ཚོགས་མི་འདི་ཚོས་ཁ་ནས་༧གོང་ས་མཆོག་དང་བོད་མིའི་བདེ་སྡུག་གླེང་བཞིན་དོན་དངོས་དབུ་རང་གཉིས་ཀྱི་འཐབ་རྩོད་དང་། སྟོད་པ་དང་གཙང་པའི་དབང་ཤུགས་འཐབ་རྩོད་ཅིག་རེད། དེ་ནས་ཡར་འདེད་ཚེ་སྐུ་དྲག་དང་ཁྱིམ་བརྒྱུད་འདི་དང་འདི་གཉིས་བར་གྱི་ཞེ་འཁོན་དང་སྡང་སེམས་རེད། དེ་རང་གང་ནས་བྱུང་བ་རེད་ཟེར་ན། མི་སྒེར་སོ་སོར་ལངས་ཕྱོགས་བརྟན་པོ་མེད་པར་ཆུ་སྣ་གར་འཁྲིད་དང་སྒེར་དོན་གཅེས་འཛིན་གྱིས་སྤྱི་དོན་ཆུ་གཡུག་རང་རེད།

    གཞོན་ནུ་ཚོགས་པ་ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་གཏེ་བོ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཚང་རེད། ཁོང་གིས་༧གོང་ས་མཆོག་གི་སྐུ་འཕྱ་ལ་ཉེན་ཁ་ཆེ་ཤོས་དོལ་རྒྱལ་ཚོགས་པ་ལས་ཀྱང་རང་བཙན་རྩོད་མཁན་ཚོ་རེད་གསུངས་བ་དང་། ཡང་ཁོང་གིས་དེང་སང་ང་ཚོས་དུས་དྲན་སྲུང་བརྩི་སྐབས་མི་དམངས་པ་གཅིག་གྱུར་གྱི་འབོད་ཚིག་མེད་པར་རང་ལངས་ཆགས་ལངས་ཀྱིས་བོད་ལ་རང་བཙན་དགོས་དང་རྒྱ་མིན་བོད་ནས་མཐར་སྤྲོད་དགོས་སོགས་ཀྱིས་དོན་དངོས་ཐོག་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀ་མང་པོ་ཞིག་ལ་ཕན་ལས་གནོད་ཆེས་སོགས་ཀྱི་དཀྲུགས་ཤིང་གསུང་བཤད་མང་པོ་གནང་ཚར་རེད། ནེའུ་ཡོག་ནས་ས་གཞོན་རྙོག་གླེང་བྱུང་དུས་མཁས་དབང་ཟམ་གདོང་ཚང་ནེའུ་ཡོག་ཕེབས་ནས་རང་ཉིད་གཙང་མ་ཡིན་མདོག་མདོག་བཟོས་པ་མ་གཏོགས་རྙོག་གླེང་སེལ་དགོས་མིན་སྐོར་ལ་སྐད་ཆ་ཚིག་སྣེ་ཙམ་ཡང་བཤད་མེད། དེ་རིང་ཙམ་ཡིན།

    Reply
    • འཆི་མེད་རྡོ་རྗེ། says:
      ལོ་ 10 སྔོན།

      འདི་ནི་བདེན་པ་རྩ་ཉིད་ནས་མ་རེད། ཁྱོད་ཀྱིས་ཕུ་དཀྲུགས་མདའ་དཀྲུགས་ཀྱིས་སྐད་ཆ་ཤོད་ཀྱིན་ད་དུང་མིར་བཤད་པ་ཁྱོད་ངོ་མི་ཚ་གི། མཁས་དབང་ཟམ་གདོང་རིན་པོ་ཆེས་ཁྱེད་འདྲ་པོ་ཉན་ཤེས་གོ་ཤེས་མིན་མཁན་ལ་གསུངས་ཡོད། རང་བཙན་ཁ་འཁྱེར་རོ་བོང་རྡོ་བརྫུ་གིས་སྤྱི་ཚོགས་ཕུ་དཀྲུགས་མདའ་དཀྲུགས་དང་༸རྒྱལ་བའི་སྐུ་འཕྱ་ལ་གནོད་མཁན་རེད་གསུངས་པ་མ་གཏོགས་ཁྱོད་ཀྱི་བསམ་སྟངས་དེ་ནི་གོལ། དེ་རིང་ནིར་ཙམ་ཡིན།

      Reply
  7. ལི་ཐང་གྲགས་པ། says:
    ལོ་ 10 སྔོན།

    ད་རེས་ཚོགས་འདུའི་སྟེང་ས་གནས་གཞོན་ནུའི་རྒྱུན་ལས་ཚོས་མུ་མཐུད་ལས་འཁུར་ཞུ་མིན་ཐག་བཅད་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། དབུས་གཞོན་ནུས་སྒྲིག་གཞི་དང་འགལ་བའི་ལས་ཀ་མང་པོ་ཞིག་བྱས་པ་དང་། ད་རེས་དབུས་གཞོན་ནུའི་རྒྱུན་ལས་མི་ ༥ ཨ་རིར་སླེབས་པའི་མགྲོན་ཤོག་གཏོང་མཁན་སུ་ཡིན་མང་ཚོགས་ལ་གསལ་བཤད་བྱེད་འཇུག་དགོས་ཡོད། སྤྱི་ཚོགས་ནང་གླེང་སློང་བྱུང་སྟངས་ལྟར་ན་ད་རེས་ཁོ་རང་ཚོར་མགྲོན་ཤོག་གཏོང་མཁན་རྒྱལ་ཡོངས་རང་བཙན་མཐུན་ཚོགས་ཟེར་བའི་བོད་སྤྱི་ཚོགས་དཀྲུག་མཁན་གྱི་ཚོགས་པ་དེ་ཡིན་པའི་སྐད་ཆ་འདུག ཐེངས་འདིར་གོ་སྐབས་བླངས་ཏེ་དབུས་གཞོན་ནུའི་རྒྱུན་ལས་མི་ ༥ ཨ་རིར་སྤྲོ་འཆམ་དུ་ཕྱིན་པ་དང་། ཁོ་བ་ཚོར་མགྲོན་ཤོག་སུས་བཏང་ཡོད་མེད་ཐོག་དབུས་གཞོན་ནུའི་རྒྱུན་ལས་རྣམས་ཀྱིས་ངེས་པར་དུ་མང་ཚོགས་ལ་གསལ་བཤད་བྱེད་དགོས།

    Reply
  8. བློ་གྲོས། says:
    ལོ་ 10 སྔོན།

    ནེའུ་ཡོག་ལ་བོད་མི་ཆིག་ཁྲི་བརྒལ་བ་ཡོད། འོས་ཤོག་བོད་མི་སུམ་བརྒྱ་ཙམ་གྱིས་བླུགས་ཟེར་ན་འདི་སྐབས་འཚོལ་བའི་བྱེད་སྟངས་ཤིག་མ་གཏོགས་གཞན་ཅི་ཡང་རེད་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese