མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེའི་སྨོན་ལམ་ཆེན་མོ་མཇུག་གྲུབ།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

 

གནས་མཆོག་ལུམ་བཱི་ནིར་ཕྱི་ཚེས་ ༡༥ ནས་ ༢༥ བར་གྱི་ཉིན་བཅུའི་རིང་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཚོགས་པ་མཇུག་བསྒྲིལ་ཡོད་འདུག

 

946115_1696426893977734_7862693257458299349_nའདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ ༡༥ ཉིན་ནས་བཟུང་བདག་ཅག་གི་སྟོན་པ་སྐུ་འཁྲུངས་ཡུལ་གནས་མཆོག་ལུམྦིནཱིར་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༢༤ པ་དེ་དབུ་ཚུགས་གནང་ཡོད་ཅིང་། ཚོགས་མགོན་དུ་དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་དང་། གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་གཙོས་པའི་ཕོ་བྲང་གཉིས་ཀྱི་འཁོན་གདུང་རྣམ་པ། ངོར་ཁྲི་བ་ཐར་རྩེ་མཁན་རིན་པོ་ཆེ། ས་ངོར་ཚར་གསུམ་གྱི་ཞབས་དྲུང་རྣམ་པ། གདན་ས་ཁག་གི་མཁན་པོ་བླ་སྤྲུལ་བརྒྱ་ལ་ཉེ་བ་དང་། གཞན། རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་དགེ་འདུན་ཞལ་གྲངས་ ༤༠༠༠ ལ་ཉེ་བ་འཛོམས་ཡོད་འདུག

 

འདས་པའི་ཉིན་བཅུའི་རིང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་དང་། འཇམ་དཔལ་མཚན་བརྗོད་གཉིས་གྲངས་གསོག་མཛད་པ་དང་། ཚེས་ ༡༧ ཉིན་ས་སྐྱ་སྨོན་ལམ་ཁོར་ཡུག་ལྷན་ཚོགས་དང་། ལུམྦིནཱི་ཡར་རྒྱས་ཚོགས་པ་མཉམ་འབྲེལ་གྱིས་ལུམྦིནཱིའི་ཁོར་ཡུག་གཙང་སྦྲ་སྔར་ལས་ཡར་རྒྱས་ཡོང་ཐབས་སུ་ལས་འགུལ་སྤེལ་ཡོད་པ་དང་། ཚེས་ ༡༨ ཉིན་དེ་སྔོན་ནས་གསོལ་འདེབས་ཞུས་པ་བཞིན་ཐེངས་འདིའི་སྨོན་ལམ་རྒྱུན་ལས་ཀྱི་ངོས་ནས་ད་ལྟའི་ཆར་དགུང་གྲངས་གྱ་བདུན་ལ་ཕེབས་པ་ཕུན་ཚོགས་ཕོ་བྲང་གི་གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཚེས་ ༡༩ ཉིན་༧གོང་མ་རིན་པོ་ཆེ་མཆོག་གིས་ཧི་མ་ལ་ཡའི་མི་རིགས་གཙོ་བྱས་པའི་དད་ལྡན་སྟོང་ཕྲག་མང་པོར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནས་བརྒྱུད་པའི་ཚེ་དབང་ལོ་བརྒྱ་མ་བསྩལ། ཚེས་ ༢༡ ཉིན་གོང་མ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ཚེས་ ༢༤ ཉིན་ས་པཎ་བླ་མཆོད་དང་འབྲེལ་རྒྱ་གར་གྱི་མཁས་དབང་མུཤྲིར་མཆོག་གིས་བསྒྱུར་གནང་ཞིང་། ས་པཎ་རིག་གཞུང་ཉམས་ཞིབ་བསྟི་གནས་ཁང་གིས་དཔེ་སྐྲུན་གནང་བའི་ཆོས་རྗེ་ས་པཎ་གྱི་རང་རྣམ་ང་བརྒྱད་མ་རྩ་འགྲེལ་ཧིན་རྡུ་དང་དབྱིན་ཇི། ལེགས་སྦྱར་བཅས་སྐད་ཡིག་གསུམ་དུ་འགྱུར་བ་དེ་ཉིད་༧གོང་མ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་དང་། ཕྱི་དྲོར་ཆོས་རྗེ་ས་པཎ་གྱི་བརྩམས་ཆོས་གྲགས་ཅན། སྡོམ་གསུམ་རབ་དབྱེ་དང་། ཚད་མ་རིགས་གཏེར་གཉིས་བརྗོད་གཞིར་བཟུང་སྟེ་དཔལ་ས་སྐྱའི་གདན་ས་ཁག་གི་སློབ་གཉེར་པ་ཚོས་རྟགས་གསལ་གྱི་མཆོད་སྤྲིན་ཕུལ།

 

ཕྱི་ཚེས་ ༢༥ ཉིན་དཔལ་ས་སྐྱའི་སྨོན་ལམ་ཚོགས་པས་གོ་སྒྲིག་འོག ད་ལོར་བལ་ཡུལ་གྱི་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་པ་དག་གི་ཆེད་གོང་མ་རིན་པོ་ཆེ་ཡབ་སྲས་རྣམ་པ་དབུ་བཞུགས་ཐོག་ཀུན་རིག་བྱང་ཆོག་འཚོགས་གནང་མཛད་མཐར་ལོ་འདིའི་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཡོངས་སུ་མཇུག་གྲུབ་ཡོད་འདུག གནས་ཚུལ་གཏོང་མཁན་ཨ་འདུས་སྐལ་བཟང་རྒྱ་མཚོ།

 

འབྲེལ་ཡོད་གསར་འགྱུར།

Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese