མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་བསྡུའི་གསལ་བརྡ།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

༄༅། །ངག་གི་རང་བཞིན་ལ་བརྟེན་ནས་ཆོས་སྲིད་ལུགས་གཉིས་ཀྱི་བླང་དོར་གསལ་བར་བྱེད་པའི་རྒྱ་ཆེའི་རྩོམ་པ་པོ་ཡོངས་ལ་

ཆེད་ཞུ།

 

a7fd81849c01a33fca51302098d94304ཇི་ལྟར་དགོངས་པར་མངའ་གསལ་བཞིན། ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྒྱལ་བ་མ་ལུས་པའི་སྙིང་རྗེའི་རང་གཟུགས་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ།   ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འགྲོ་བ་ལྷ་དང་བཅས་པའི་སྟོན་པ་བླ་ན་མེད་པ། འཇིག་རྟེན་ཞི་བདེའི་དེད་དཔོན།   རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ།   ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགོས་པ་དང་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་སྐུ་རབས་ཀྱི་ཕྲེང་བ་འཕགས་བོད་ཧོར་སོག་གིས་གཙོས་པའི་འཛམ་གླིང་ཡུལ་གྲུ་དུ་མར་རྒྱལ་བློན་པཎ་གྲུབ་སོགས་གང་ལ་གང་འདོད་ཀྱི་སྤྲུལ་པའི་རོལ་གར་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་ཞིང་།   གངས་ཅན་ཁ་བའི་ལྗོངས་སུའང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས་དང་།   གངས་ཅན་ཚད་མའི་སྟོན་པ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཐུགས་སྲས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་སོགས་དང་།   ལྷག་པར་དུ་དྲེགས་ལྡན་བྱེ་བའི་གཙུག་རྒྱན་༸གོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆོས་སྲིད་ལུགས་གཉིས་ཀྱི་ཁ་ལོ་མངོན་པར་བསྒྱུར་བ་ནས་བཟུང་གསེར་སྦྱངས་བཙོ་མ་ལྟ་བུའི་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དང་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་ཤིང་།   ༸གོང་ས་བཅུ་གསུམ་པ་ཆེན་པོས་མཁས་གྲལ་གསར་གཏོད་མཛད་པ་སོགས་བསྟན་འགྲོའི་ཕན་བདེའི་འབྱུང་གནས་འདི་ཉིད་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་དང་།   ཁྱད་པར་དུ་རང་ཅག་གཞིས་བྱེས་བོད་མི་ཡོངས་ཀྱི་ཕན་བདེའི་སྲོག་རྩ་༸བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟ་བུའི་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང་། ལྷག་པར་བོད་གངས་ཅན་གྱི་དོན་དུ་ཕྱི་ལོ་༡༩༣༥ བོད་ཟླ་༥ ཚེས་༥ ཉིན་འཇམ་མགོན་རྒྱལ་བ་གཉིས་པའི་འཁྲུངས་ཡུལ་སྐུ་འབུམ་ལྟག་འཚེར་དུ་བསམ་བཞིན་མིའི་སྲིད་པ་བཟུང་བ་ནས་ད་ཆ་ཕྱི་ལུགས་དགུང་གྲངས་༨༠ ཕེབས་ཀྱང་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་འཇམ་མགོན་རྒྱལ་བ་གཉིས་པ་སླར་ཡང་འཇིག་རྟེན་དུ་བྱོན་པ་ལྟར། མཛད་བཟང་རྣམ་གསུམ་གྱིས་མཚོན་གུས་ཅག་ཐབས་མཁས་ཐུགས་རྗེས་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། བཀའ་དྲིན་རྣམས་བརྗེད་མེད་སྙིང་བཅངས་ཀྱིས་སྔ་ཕྱིའི་རྩ་ཆེའི་བཀའ་སློབ་ལམ་སྟོན་རྣམས་ལག་ལེན་ཐོག་ཁེལ་ཐུབ་པ་ཞུ་རྒྱུའི་སྒྲུབ་པའི་མཆོད་སྤྲིན་སྤྲོ་སླད།

 

ཕྱི་ལོ་༢༠༡༤ ལོར་དགེ་ལྡན་བསྟན་བདག་རྣམ་པ་དབུ་བཞུགས་ཀྱིས་ཆེད་འཛུགས་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་སྔ་ཕྱི་ལན་མང་ཚོགས་པའི་ཚོགས་འདུའི་གྲོས་ཆོད་དང་། ལྷག་པར་ཕྱི་ལོ་༢༠༡༥ ཟླ་༦ ཚེས་༢༣ དང་༢༤ ཉིན་གཉིས་རིང་རྡ་སར་བསྐོང་ཚོགས་གནང་བའི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དགེ་ལུགས་ཡོངས་ཀྱི་ཚོགས་ཆེན་ཐེངས་དང་པོའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་དགོངས་དོན། ཕྱི་ལོ་༢༠༡༥ ཟླ་ ༦ ཚེས་༢༡ ནས་ཕྱི་ལོ་༢༠༡༦ ཟླ་༦ ཚེས་༢༡ བར་ལོ་གཅིག་རིང་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་མཛད་རིམ་ནང་གསེས། “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་གླེང་བའི་གཏམ་བཅད་ལྷུག་སྤེལ་མ་ཚང་འཛོམས་ཀྱི་དེབ་ཅིག་རྩོམ་སྒྲིག་བྱ་རྒྱུ།” ཞེས་གསལ་བ་ལྟར་རིས་སུ་མ་ཆད་པའི་རྩོམ་པ་པོ་རྣམས་ཀྱིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། བཀའ་སློབ། གསུང་རྩོམ། དགོངས་གཞི་སོགས་གླེང་སློང་ཐོག་དཔྱད་བསྟོད་ཅི་རིགས་ཀྱི་བཅད་ལྷུག་སྤེལ་མའི་རྩོམ་གང་ཡིན་ཡང་རུང་། ཕྱི་ལོ་༢༠༡༦ ཕྱི་ཟླ་༤ འགྱངས་མེད་གཤམ་གསལ་ཡིག་ཟམ་ཐོག་སྨོན་ལམ་ཡིག་གཟུགས་གཉིས་པའི་ཐོག་སྩོལ་གནང་ཡོང་བ་དང་ཆབས་ཅིག       རྩོམ་པ་པོ་སོ་སོའི་ཞལ་པར་ཨང་ངམ།   སྐད་འཕྲིན་ཨང་སོགས་འབྲེལ་གཏུགས་སྟབས་བདེའི་ཨང་དང་ཁ་བྱང་རེ་བསྐུར་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད།

 

དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་

བོད་རྒྱལ་ལོ་༢༡༤༢ ཕྱི་ལོ་༢༠༡༥ ཟླ་༨ ཚེས་༢༠ ཉིན།

རྒྱུན་ལས་ཀྱི་ཡིག་ཟམ་ཁ་བྱང་། gelugkadrinjedren@gmail.com

འབྲེལ་གཏུགས་ཁ་པར་ཨང་།   ༩༨༨༦༥༨༣༣༦༤།

ཡང་ན།༩༨༨༠༠༦༦༠༡ ཡིན།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༨ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese