མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པར་ཁ་གཡར་ཏེ་དྲ་ལམ་དམ་དུ་གཏོང་འཆར་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་པེ་ཅིན་དུ་འཚོགས་བཞིན་པའི་རྒྱལ་ཡོངས་མི་མང་འཐུས་མིའི་རྒྱུན་ལས་ཚོགས་འདུའི་སྟེང་འཇིགས་སྐུལ་དྲག་སྤྱོད་པར་རྟོག་ཞིབ་བྱེད་ཆེད་རྒྱལ་ནང་གི་བརྡ་འཕྲིན་ཚང་མས་གནས་གསལ་གལ་ཆེན་རིགས་སྲིད་གཞུང་ལ་མཁོ་སྤྲོད་བྱེད་དགོས་པའི་སྒྲིག་ཁྲིམས་ཞིག་གཏན་འབེབས་བྱས་ཡོད་འདུག

དེ་རིང་ཨེ་ཕེ་དང་བྷེ་བྷེ་སེ་གསར་ཁང་གཉིས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནས་འཇིགས་སྐུལ་དྲག་སྤྱོད་པར་རྟོག་ཞིབ་དང་འགོག་རྒོལ་བྱེད་ཕྱོགས་ཀྱི་བཅའ་ཁྲིམས་གསར་བ་ཞིག་གཏན་འབེབས་བྱས་ཡོད་ཅིང་། སྒྲིག་ཁྲིམས་དེ་འཆར་ལོའི་ཕྱི་ཟླ་དང་པོ་ནས་དངོས་སུ་ལག་བསྟར་བྱ་འཆར་ཡོད་འདུག

ཐེངས་འདིར་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་དེ་ནི་འཕྲུལ་རིག་ཚན་རྩལ་ཚོང་གཉེར་ཁང་ (technology companies) ཚང་མས་རྒྱ་ནག་གཞུང་ལ་ཉིན་རེའི་གློག་འཕྲིན་གལ་ཆེན་ཁག་མཁོ་སྤྲོད་བྱེད་དགོས་པ་ཞིག་ཡིན་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་ནག་གི་སྒྲིག་ཁྲིམས་གསར་པ་དེས་དེང་རབས་འཕྲུལ་རིག་ཚན་རྩལ་ཁེ་ལས་ཁག་ལ་གྱོང་གུད་ཐེབས་ངེས་ཡིན་པ་མ་ཟད། སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལའང་དོ་ཕོག་འགྲོ་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་སྒྲིག་ཁྲིམས་གསར་པ་དེ་མང་མོས་ཐོག་གཏན་འབེབས་བྱས་པ་ཞིག་ཡིན་ལུགས་བཤད་ཀྱང་། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་རྟོག་ཞིབ་ལ་ཁ་གཡར་ཏེ། སྤྱི་ཚོགས་བརྒྱུད་ལམ་དང་དྲ་ལམ་ཁེ་ལས་ཁག་ལ། རྒྱལ་ཁབ་ཕྱི་ནང་གི་གསང་བའི་ཡིག་ཚགས་དང་བརྡ་འཕྲིན་ཡོད་ཚད་རྒྱལ་ཁབ་གསང་བའི་ལས་ཁུངས་ལ་མཁོ་སྤྲོད་དགོས་པའི་སུན་གཙེར་བཟོ་བཞིན་ཡོད་སྐོར་བརྗོད་འདུག

རྒྱ་ནག་དབུས་དྲ་ལམ་ཞིབ་བཤེར་ལྷན་ཁང་ (CCDIw) ཟེར་བས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་འབྲེལ་གློག་འཕྲིན་ཁང་ (China Telecom) གི་འགན་འཛིན་ཁྲང་ཞོ་པིན་ (Chang Xiaobing) ཟེར་བས་རྒྱལ་ཁབ་ཀྱི་དྲ་ལམ་སྒྲིག་ཁྲིམས་ལ་གཏོར་བརླག་ཚབས་ཆེན་བཟོས་པ་མ་ཟད། དེ་འབྲེལ་གྱི་རྒྱུ་ནོར་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་འཛིན་བཟུང་བྱས་ཡོད་སྐོར་འཁོད་ཡོད་ཀྱང་། ཁྲང་ཞོ་པིན་གྱིས་ནག་ཉེས་གང་ཞིག་བསགས་ཡོད་པའི་བདེན་གསལ་བོ་གང་ཡང་འཁོད་མི་འདུག ཁྲང་ཞོ་པིན་ད་ལྟ་ལོ་ ༧༠ ཡིན་པ་དང་། ཁོ་རྒྱ་ནག་གཞུང་འབྲེལ་གློག་འཕྲིན་ཁང་གི་གཙོ་འཛིན་ཡིན་འདུག

རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་སྲིད་ཇུས་འོག ཁྲང་ཞོ་པིན་ནི་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་ལ་གཏོར་བརླག་བཏང་བ་དང་རྒྱུ་ནོར་ལྐོག་ཟ་བྱས་པའི་ཉེས་མིང་ཐོག་འཛིན་བཟུང་བྱས་པའི་དཔོན་རིགས་མཐའ་མ་དེ་ཡིན་སྲིད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག

༢༠༡༤ ལོ་ནས་ད་ལྟའི་བར་རྒྱ་ནག་གཞུང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་སྲིད་ཇུས་འོག རྒྱ་ནག་དམར་ཤོག་ཚོགས་ཁོངས་ཀྱི་གནད་ཡོད་དཔོན་རིགས་ ༧༠ ལྷག་འཛིན་བཟུང་དང་བཀག་བསྐྱིལ་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༨ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese