མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་ཀྱི་དཔལ་འབྱོར་འཕེལ་ཚད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གར་ ༢༠༣༠ ལོར་འཛམ་གླིང་ཐོག་གི་དཔལ་འབྱོར་སྟོབས་ཆེ་ཤོས་ཨང་གསུམ་པ་དང་དུས་རབས་འདིའི་དུས་དཀྱིལ་ནས་བཟུང་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེ་ཤོས་ཨང་དང་པོ་ཆགས་རྒྱུ་རེད་ཟེར།

 

ཁ་སང་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་དཔལ་འབྱོར་ཚོང་ལས་དང་ཞིབ་འཇུག་ལྟེ་གནས་ (CEBR) ཞེས་པས་འདས་པའི་ལོ་གཅིག་རིང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་ཚད་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་ཞིག་བཏོན་པའི་ནང་། ༢༠༢༩ ལོར་རྒྱ་ནག་རྒྱལ་སྤྱིའི་ཐོག་དཔལ་འབྱོར་སྟོབས་ཆེ་ཤོས་དང་གཉིས་པ་ཨ་རི། གསུམ་པ་རྒྱ་གར་ཆགས་རྒྱུ་ཡིན་སྐོར་བསྒྲགས་འདུག

 

སྙན་ཐོའི་ནང་། “ཕྱི་ལོ་ ༢༠༡༥ ལོ་མགོ་ཚུགས་པ་ནས་འཛམ་གླིང་གི་མི་འབོར་ཆེ་ཤོས་ཨང་གཉིས་པ་རྒྱ་གར་གྱི་དཔལ་འབྱོར་འཕེལ་ཚད་རྒྱ་ནག་ལས་མྱུར་བ་བྱུང་ཡོད་ཀྱང་། རྒྱ་ནག་ལས་རྣམ་པར་རྒྱལ་བར་ད་དུང་ཡུན་རིང་འཐབ་རྩོད་བྱེད་དགོས་པ་ཆགས་ཡོད། ཡིན་ཡང་ད་ལྟ་རྒྱ་གར་གཞུང་གིས་དཔལ་འབྱོར་ལེགས་བཅོས་བཏང་སྟེ་རྣམ་པ་མི་འདྲ་བའི་ཐོག་ནས་རྩོད་ལེན་བྱས་ན་དུས་རབས་འདིའི་དུས་དཀྱིལ་དུ་རྒྱ་ནག་ལས་དཔལ་འབྱོར་སྟོབས་ཆེ་བ་ཆགས་རྒྱུའི་རེ་བ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོར་དབྱིན་ཡུལ་ལས་ཀྱང་དཔལ་འབྱོར་སྟོབས་ཤུགས་ཆེ་བ་ཆགས་ཏེ། དེ་སྔོན་དབྱིན་ཡུལ་གྱི་མངའ་འོག་ཏུ་ཚུད་མྱོང་བའི་རྒྱལ་ཁབ་ཁག་ (Commonwealth Nation) ནང་ནས་དཔལ་འབྱོར་ཆེ་ཤོས་ཨང་དང་པོ་ཆགས་རྒྱུ་རེད།”ཅེས་བཀོད་འདུག

 

དེའི་ནང་མུ་མཐུད་དུ། ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་དཔལ་འབྱོར་སྟོབས་ཤུགས་ཆེ་ཆུང་ལ་དཔག་སྟེ། མ་འོངས་པར་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་གདམ་རྒྱུའི་སྲིད་བྱུས་གསར་པ་འཛིན་བཞིན་ཡོད་ཀྱང་། ད་ལྟའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བརྒྱད་ (G-8) དེ་ལོ་རེའི་རྒྱལ་ཁབ་སོ་སོའི་ཐོན་སྐྱེད་ཡོང་འབབ་མང་ཉུང་ལ་གཞིགས་ཏེ་བསྐོ་བཞིན་ཡོད་ཚེ། ༢༠༣༠ ལོའི་ནང་ཚུད་དུ་རྒྱ་གར་དང་བྷར་ཛེལ། ལྷོ་ཀོ་རི་ཡ་བཅས་ཀྱི་དཔལ་འབྱོར་འཕེལ་ཚད་ཇེ་མགྱོགས་སུ་ཕྱིན་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལས་སྟོབས་ཆེན་ཆགས་ཏེ། ཧྥ་རན་སི་དང་ཨུ་རུ་སུ། ཨི་ཌ་ལི་སོགས་སྟོབས་ཆེན་རྒྱལ་ཁབ་གྲས་ནས་ཕྱིར་འཕུད་རྒྱུ་རེད། ཅེས་སོགས་བཀོད་འདུག

 

ཕྱི་ལོ་ ༢༠༣༠ ལོར་རྒྱ་གར་ལ་ལོ་རེའི་འཆར་ཟིན་ཐོན་སྐྱེད་ཡོང་འབབ་ཨ་སྒོར་ཐེར་འབུམ་$10,133 དང་། ཨ་རིར་ཨ་སྒོར་ཐེར་འབུམ་ $32,996། རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་$ 34,338 བཅས་ཟིན་ཏེ། རྒྱལ་སྤྱིའི་ཐོག་རྒྱ་ནག་དཔལ་འབྱོར་སྟོབས་ཆེ་ཤོས་དང་ཨ་རི་ཨང་གཉིས་པ། རྒྱ་གར་ཨང་གསུམ་པ་དང་ལྷོ་ཀོ་རེ་ཡ་ཨང་ལྔ་པ་ཆགས་རྒྱུ་ཡིན་པ་མ་ཟད། བྷེ་ལཱ་རུ་སི་ (Belarus) དང་སིང་གྷ་ལ། ཁེན་ཡ་དང་ཨི་ཋོ་པི་ཡ་ཡང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ ༦༠ ཡི་ཁོངས་སུ་ཚུད་རྒྱུ་ཡིན་འདུག

 

ཨེ་ཤ་ཡའི་དུས་བབ་སྟེང་རྒྱལ་སྤྱིའི་དཔལ་འབྱོར་རིག་པ་ཁག་ཅིག་གིས། ཕྱི་ལོ་ ༢༠༣༠ ལོའི་རྗེས་རྒྱ་ནག་གི་མི་འབོར་མང་ཆེ་བ་བརྒས་ཏེ་དཔལ་འབྱོར་ཐོན་སྐྱེད་བྱེད་པའི་ནུས་པ་མེད་སྟབས། རྒྱ་གར་ལ་ཁེ་བཟང་རག་ནས་དཔལ་འབྱོར་འཕེལ་ཚད་གྲངས་ཆ་གཉིས་ཐོག་འཕར་ཏེ། དུས་རབས་འདིའི་དུས་དཀྱིལ་ནས་རྒྱལ་སྤྱིའི་ཐོག་དཔལ་འབྱོར་ཆེ་ཤོས་ཆགས་རྒྱུ་དང་། དེ་བཞིན། ད་ལྟ་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་ཕྱིན་པ་དང་དངུལ་གྱི་ཛ་ཐང་མར་ཆག་པ་སོགས་ལ་བརྟེན་ཏེ། ཨ་རི་ལས་རྣམ་པར་རྒྱལ་ཁག་པོ་ཡིན་སྐོར་ཡང་བརྗོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

སྐར་མ ༡༧ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese