མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོད་མངའ་རིས་ལོ་རྒྱུས་དཔེ་དེབ་གསར་པ།

བོད་ཀྱི་དུས་བབ།
༢༠༡༥/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གིས་སྤྱི་ཟུར་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་ལགས་ཀྱིས་བརྩམས་པའི་སྟོད་མངའ་རིས་ཡུལ་ལུང་ཆགས་རབས་དང་མཐོང་ཐོས་མྱོང་གསུམ་སྐོར་གྱི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

IMG_4350དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ བའི་སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་དཔར་སྐྲུན་གནང་བའི་སྤྱི་ཟུར་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་ལགས་ཀྱིས་བརྩམས་མཛད་པའི་བོད་ཀྱི་ལོ་རྒྱུས་ <<སྟོད་མངའ་རིས་སྒར་ཁོངས་གཞུང་རྒྱུགས་རྙིང་ཁུངས་འབྲོག་སྡེ་གཞུང་པ་མ་མཚན་པའི་ཡུལ་ལུང་ཆགས་རབས་དང་འབྲེལ་མྱོང་ཐོས་ལོ་རྒྱུས་ད་ཕན་རི་ཁྲ་མཆོར་མོའི་སྲིད་པའི་གངས་རྒན་ཞེས་བྱ་བ་ཞུགས་སོ་>>ཞེས་པ་དབུ་འབྱེད་གནང་སོང་།

དཔེ་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་རིང་མཆོག་དང་། ལོ་རྒྱུས་རྩོམ་པ་པོ་སྤྱི་ཟུར་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་ལགས། དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་ཅིག་བཅས་འཛོམས་འདུག དཔེ་དེབ་དེར། མངའ་རིས་སྐོར་གསུམ་དང་། འབྲོག་སྡེ་གཞུང་པ་མ་མཚན་པའི་ཆགས་རབས། སྡེ་ཚོའི་མགོ་དཔོན། ཆོས་ཕྱོགས་ཀྱི་སྐོར། རྒྱ་དམག་བོད་དུ་བཙན་འཛུལ་བྱས་པ་བཅས་ས་བཅད་ ༤ དང་། ཟུར་རྒྱན་དཔར་དང་ཡིག་ཆ་ཁག་ཅིག་གི་ངོ་བཤུས་བཅས་ཁྱོན་ཤོག་ངོས་ ༣༦༤ འདུག

ཐོག་མར་རྩོམ་པ་པོ་སྤྱི་ཟུར་ཁྱུང་ལྷོ་གྲངས་པ་རྣམ་རྒྱལ་ལགས་ཀྱིས་ཁོང་གི་དེབ་དེའི་དཀར་ཆག་ས་བཅད་སོགས་རོབ་ཙམ་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་ལོ་རྒྱུས་བརྩམས་ཆས་དེ་དང་འབྲེལ་བའི་སྐོར་ལ། ང་ཚོའི་སྤྱི་ཚོགས་ནང་གྲགས་པ་རྣམ་རྒྱལ་ལགས་ལྟ་བུ་ཡིན་ན་དགུང་ལོ་ ༧༦ ཙམ་ལ་བསླེབས་ཀྱི་ཡོད་སྟབས། ཕལ་ཆེར་བོད་ནས་ཕེབས་སྐབས་ལོ་ ༡༩ དང་ ༢༠ ཙམ་ཆགས་བསྡད་ཡོད་རྒྱུ་རེད། བོད་ས་མ་ཤོར་གོང་དུ་སོ་སོའི་ལུང་པའི་ནང་གི་གནས་ཚུལ་ངོ་མ་ག་འདྲ་ཡིན་གང་ལ་གང་འཚམ་རྒྱུས་མངའ་ཡོད་པ་དང་། ལྷག་པར་དུ་ཁོང་གི་ཡབ་དེ་མངའ་རིས་ས་ཁུལ་གྱི་སྤྱི་ཁྱབ་ཀྱི་འགན་བཞེས་མཁན་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་མི་སྣ་ཞིག་ཆགས་ཡོད། དེབ་འདིའི་ཟུར་རྒྱན་ནང་དུ་སྔ་མོར་ཕར་ཚུར་ཡིག་འབྲེལ་བྱས་པའི་གནས་སྟངས་མང་པོ་ཞིག་བཀོད་ཡོད་སྟབས། གྲགས་པ་རྣམ་རྒྱལ་ལགས་ཀྱིས་བོད་ནང་ལོགས་སུ་ལོ་ ༢༠ ཙམ་རིང་མི་ཚེ་བསྐྱལ་བའི་ཉམས་མྱོང་དང་། རྒན་རབས་ཚོར་མཐུད་པའི་གནས་ཚུལ། ཡིག་ཆ་ལ་བལྟས་པའི་དངོས་ཡོད་གནས་ཚུལ། དེ་ནས་བཙན་བྱོལ་ནང་ཕེབས་ཏེ་ཐོག་མར་ང་ཚོ་ཧི་མ་ལ་ཡའི་རྒྱུད་དུ་ལམ་བཟོར་རྒྱུག་པའི་སྐབས་སུ། མ་ནཱ་ལི་རུ་སྤྱི་པའི་འགན་འཁུར་བ་དང་། དེ་ནས་གཞིས་ཆགས་འཛུགས་སྐབས་ཀོ་ལི་སྒར་གྱི་གནས་སྟངས་བཅས་ས་བཅད་ལྔ་ཡི་ཐོག་བགོ་བཤའ་བརྒྱབ་ནས་བཀོད་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ད་ལྟའི་བར་ཁྱེད་རང་གིས་བོད་སྤྱི་དོན་གྱི་ཆེད་དུ་སྐུ་ལས་བསྐྱོན་བཞག་པ་དེ་ཚོར་བསྔགས་བརྗོད་ཞུས་པ་ཡིན། དེའི་ཐོག་མི་རབས་རྒན་པ་ཚོ་རྫོགས་འགྲོ་བཞིན་ཡོད་པས། ཁྱེད་རྣམ་པས་སྔ་མོའི་བོད་ཀྱི་འགྲོ་སྟངས་དང་སོ་སོ་བཞུགས་པའི་རིང་གི་ཉམས་མྱོང་། མཐོང་ཚོར་དེ་ཚོ་ཚང་མ་བྲིས་མ་གནང་བ་ཡིན་ན། མི་རབས་རྗེས་མ་ཚོར་གཟིགས་ས་ཞིག་མེད་དུས། དེབ་འདི་ལ་ཏན་ཏན་དུས་ཚོད་མང་པོ་ཞིག་བཏང་ཡོད་སྟབས། འབྱུང་འགྱུར་གྱི་མི་རབས་ཚོར་དེབ་འདིས་སྟོད་མངའ་རིས་སྐོར་གསུམ་གྱི་བྱུང་སྟངས་དང་བྱུང་རབས་ངོས་མ་ཟིན་པའི་གནས་སྟངས། དེ་ནས་བཙན་བྱོལ་ནང་བསླེབས་པའི་གནས་སྟངས་སྐོར་ལ་ཏན་ཏན་ཞིབ་འཇུག་བྱེད་པར་ཐུགས་ཕན་གསོ་ཐུབ་པ་ཞིག་འདུག དེར་བརྟེན། གྲགས་པ་རྣམ་རྒྱལ་ལགས་ཀྱིས་སྐུ་ལས་བསྐྱོན་ཏེ་དེབ་འདི་བརྩམས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཨ་མྱེ་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གིས་དེབ་འདི་པར་སྐྲུན་བྱས་པ་དང་། དེ་ཙམ་མ་ཟད་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ལོ་རྒྱུས་ཀྱི་ཐོག་ནས་ཏག་ཏག་བསྡད་ཡོད་མེད་སོགས་ལ་བལྟས་ནས་མ་འགྲིག་པ་འགྲིག་པ་བཟོ་བའི་ཕན་ཐོགས་བྱུང་ཡོད་པ་རེད་བསམ་གྱི་འདུག ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་དང་ལས་མི་ཚང་མར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཞེས་གསུངས་སོང་།

གཞན། ལོ་རྒྱུས་བརྩམས་ཆས་འདིའི་གླེང་བརྗོད་ནང་། བོད་ལྗོངས་མངའ་རིས་སྐོར་གསུམ་འདི་བཞིན་སྔ་དུས་ཞང་ཞུང་གི་ཤེས་རིག་དང་། ཆབ་སྲིད། དམག་དོན་སོགས་ཀྱི་ལྟེ་གནས་ཡིན་འདུག་ཅིང་། དེང་གི་མངའ་རིས་སྐོར་གསུམ་ཆགས་ཚུལ་ནི། ནུབ་ཕྱོགས་སེང་གེ་ཁ་འབབ་གཙང་ཆུ་རྒྱུད་ལ་དྭགས་དང་། བྱང་ཕྱོགས་ཤིན་ཅང་ཡུ་གུར། ལྷོ་ཕྱོགས་ལ་སྒོ་ཁག་རྒྱ་གར་དང་། བལ་པོ་སོགས་ཧི་མ་ལ་ཡ་ཞེས་གངས་རི་དར་དཀར་གྱི་ཡོལ་བ་འཐེན་པ་ལྟ་བུ། ཤར་ཕྱོགས་རྟ་མཆོག་ཁ་འབབ་གཙང་ཆུ་རྒྱུད་གཙང་དབུས་དང་འབྲེལ་བ་མ་ཟད། བྱང་ཤར་བརྒྱུད་ནག་ཚང་ཚོ་དྲུག་དང་འབྲེལ་བ་དེ་དག་གི་དབུས་སུ་གནས་མཆོག་གངས་དཀར་ཏི་སེ་རྒྱལ་པོ་གདན་ལ་བཞུགས་འདྲ་ངོ་མཚར་གྱི་དཔལ་འབར་བ། གངས་རིན་པོ་ཆེའི་གཡས་གཡོན་མདུན་རྒྱབ་རི་བྲག་མཐོ་དམའ་སྣ་ཚོགས་བཀྲ་ཤིས་རྟགས་བརྒྱད་དང་། རིན་ཆེན་སྣ་བདུན་གྱི་བཀོད་པ་ཚང་བ། མ་ཕམ་གཡུ་མཚོ་བཙུན་མོ་ཁྲུས་ལ་རོལ་བ་ལྟ་བུའི་མཛེས་སྡུག་ལང་ཚོས་སྒེག་པའི་གངས་མཚོ་གཉིས་ཀྱི་བྱང་ཤར་དུ་གནས་ཤིང་ཆགས་པའི་འབྲོག་སྡེ་གཞུང་པ་མ་མཚན་པའི་སྔ་རབས་ས་མི་ཆགས་ཚུལ་དང་འབྲེལ་གང་ཤེས་གང་དྲན་དྲན་ཐོར་བཀོད་པ་འདི་དག་འུར་བཤད་སྒྲོག་བཏགས་སོགས་མེད་པར་ཟུར་རྒྱུན་ཡིག་རིགས་སོགས་ཡོད་རིགས་ཟུར་སྦྱར་དང་བཅས་བྲིས། ཞེས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༨ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 4

  1. རས་པ། says:
    ལོ་ 11 སྔོན།

    གུས་པོ་ལོ་མང་ལས་གྲོགས་བྱས་མྱོང་བའི་ཐད་བསྐོས་སྤྱི་ཟུར་སྐུ་ངོ་གྲགས་པ་རྣམ་རྒྱལ་མཆོག་གིས་<>ཞེས་པའི་ཕྱག་དེབ་བརྩམས་གྲུབ་སྟེ་འགྲེམས་སྤེལ་དབུ་འབྱེད་མཛད་སྒོ་ཚོགས་ཀྱི་ཡོད་པ་ཉིན་ཤས་སྔོན་བརྡ་ལན་གནང་། སྐབས་དེར་ང་རང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པས་ཉེ་བཅར་ཞུ་མ་ཐུབ།
    རྒན་ལགས་ཁོང་ནི་བོད་ཀྱི་རིག་གནས་མཐའ་དག་ལ་ཐུགས་རྒྱུས་ཆེ་ཞིང་། ཉེ་རབས་ལོ་རྒྱུས་ལ་དེ་བས་རྒྱུས་མངའ་ཟབ་པ་མ་ཟད། བོད་ཀྱི་ལོ་རྒྱུས་ཁྲོད་ཧ་ཅང་གལ་ཆེན་ཡིན་པའི་མངའ་རིས་ཁུལ་གྱི་ལོ་རྒྱུས་འབྲི་རྩོམ་མཛད་པ་ནི་ཕྱི་རབས་མི་ཐོག་ལ་བཞག་པའི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཏུ་ངེས་གཤིས། རྒན་ལགས་ཁོང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།
    གུས་པོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་འབྲི་རྩོམ་ཚན་པར་ལས་དུས་རིང་རྒན་ལགས་ཀྱིས་གཞུང་ཡིག་ཡིག་ཚགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་། སྐབས་སྐབས་ཀྱི་གནས་ཚུལ་མ་གསལ་བ་ཁག་དང་། དེ་བཞིན་མངའ་རིས་ཁུལ་གྱི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནས་ཚུལ་སོགས་རྒྱུས་སྟོན་གནང་མྱོང་བ་ཐུགས་རྗེ་བླ་ལྷག་གིས་ཆེ་ཞིང་། དེའི་ཁྲོད་མངའ་རིས་ཁུལ་དུ་བྱུང་བའི་འཕྲིན་ཡིག་ཅིག་ལ་འགྲེལ་བཤད་དང་བཅས་གནང་བ་ནི་འདི་ལྟ་སྟེ།
    སྒར་ཡིད་འོང་རྒོད་ཚང་དམར་ཡག་ལ།།
    བྱ་ཁུ་བྱུག་གཉིས་ཀྱིས་གྲོས་ཚོགས་བྱས།།
    དེ་ལ་བྱ་ཕྲན་མང་པོས་གྲལ་ཚོགས་རྒྱབ།།
    ཤར་ཕྱོགས་ཀྱི་དོལ་བ་ནག་པོ་ཁྱོད།།
    མ་བྲོས་གླུ་ཡི་གཏེར་སྒོ་རེ་ཕྱེས།།
    ཡི་གེ་འདི་གང་བྱུང་མ་ཤེས་ན།།
    ཟབ་མོ་གླང་ཆུ་བྱ་ཡི་ཁ་ནས་སྤྲིངས།།
    ཨོཾ་ཨཱ་ཧཱུཾ་མེ་ལྷ་དམར་པོའི་ཞལ་དུ་ཐོངས།།
    ཞེས་པའོ།
    མཐར་ཁོང་གི་སྐུ་ལུས་བདེ་ཐང་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་རྒྱུ་དང་། ཁོང་གིས་བརྩམས་པའི་ཕྱག་དེབ་ལ་མགྱོགས་ནས་མྱུར་དུ་མཇལ་ཐུབ་པའི་རེ་བ་ཆེན་པོ་དང་བཅས།

    Reply
  2. ཟླ་བ། says:
    ལོ་ 11 སྔོན།

    རང་ཅག་མངའ་རིས་བའི་ཕྱི་རབས་བུ་བརྒྱུད་ལ་མཁོ་བའི་དེབ་འདི་ལྟ་བུ་བྲིས་གནང་མཛད་པར་ཁོ་བ་ནས་སྙིང་ནས་སྤྲོ་བའི་ཐུགས་རྗེ་ཆེ་ཞུ། རྒད་པོ་ཁྱོད་སྐུ་ཚེ་རིང།

    Reply
  3. གངས་གཞོན། says:
    ལོ་ 11 སྔོན།

    ཡག་པོ་རེད།་

    Reply
  4. གཡང་སྐྱིད། says:
    ལོ་ 11 སྔོན།

    ཨ་མྱེ་རྨ་ཆེན་ཚང་གིས་སྔོན་ཆད་དེབ་རིན་ཐང་ཅན་མང་པོ་ཞིག་དཔར་སྐྲུན་ཞུས་ཡོད་པ་རེད། བར་སྐབས་ཤིག་ནས་སྙན་ངག་གི་དེབ་ཐབ་ཐེབ་དེ་འདྲ་ཡང་འགའ་ཞིག་དཔར་སོང་། ཐེངས་འདིའི་དེབ་དེ་ག་འདྲ་ཞིག་ཡིན་ནམ་ཀློག་འདོད་ཤིན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese