མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཕྱྭར་སྔར་ལས་དོ་ནན་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་ཁང་གིས་༧གོང་ས་མཆོག་གི་བཞུགས་གནས་ཀྱི་སྲུང་སྐྱོབ་ཆེད་མི་རྒྱུ་གཉིས་ཀྱི་ཐོག་སྔར་ལས་ཤུགས་གནོན་གནང་རྒྱུ་ཡིན་སྐོར་བརྗོད་འདུག

2015_12$largeimg31_Thursday_2015_000319093དེ་རིང་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་ཁང་གིས་རྒྱ་གར་གྱི་ཁྲོལ་བྷོན་(The Tribune)དྲ་བའི་ཐོག རྒྱ་གར་གསང་བའི་ལས་ཁུངས་(CID)དང་ (Intelligence Bureau)། དམག་དོན་གསང་བའི་ལས་ཁུངས་སོགས་གསང་བའི་ལས་ཁུངས་མང་པོ་ཞིག་གིས་མཉམ་ལས་ཞིབ་འཇུག་བྱས་པ་བརྒྱུད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཕྱྭའི་བདེ་སྲུང་ཡར་རྒྱས་གཏོང་ཆེད། ཁོང་གི་བཞུགས་གནས་ཀྱི་བདེ་སྲུང་མི་སྣ་ཇེ་མང་དུ་གཏོང་རྒྱུ་ཡིན་པ་དང་། སྤུས་ཚད་ལེགས་པའི་བརྙན་ལེན་འཕྲུལ་ཆས་དང་། ཅ་དངོས་ཞིབ་བཤེར་འཕྲུལ་ཆས། དེ་བཞིན། ཉེན་སྲུང་འཕྲུལ་ཆས་རིགས་གསར་འཛུགས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག དེ་བཞིན། “ནང་སྲིད་ལས་ཁུངས་ཀྱིས་ང་ཚོའི་ལས་འཆར་དེར་རྒྱབ་སྐྱོར་ཐོབ་པ་ཡིན་ན། ང་ཚོས་བདེ་སྲུང་མི་སྣ་ ༥༠ ནས་ ༡༠༠ ལྷག་བར་ཕར་གནོན་བྱ་རྒྱུ་ཡིན།” ཞེས་སོགས་བརྗོད་འདུག

ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་ཁང་གིས་གོང་གནས་ཚུལ་གྱི་ཞིབ་ཕྲའི་ལས་འཆར་མངའ་སྡེའི་ནང་སྲིད་ལས་ཁུངས་སུ་ཕུལ་ཡོད་སྟབས། མ་འོངས་པར་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱིས་དབུས་ནང་སྲིད་ལས་ཁུངས་ལ་སྙན་གསེང་ཞུས་ཏེ། ༧གོང་ས་མཆོག་གི་སྐུ་ཕྱྭའི་བདེ་སྲུང་ཆེད་དཔལ་འབྱོར་གྱི་འགྲོ་གྲོན་སྔར་ལས་མང་པོ་གཏོང་བར་བཀའ་འཁྲོལ་ཞུ་རྒྱུ་ཡིན་འདུག

ཡང་གནས་ཚུལ་དེའི་ནང་། ༧གོང་ས་མཆོག་གི་སྐུ་ཕྱྭའི་བདེ་སྲུང་ཤུགས་གནོན་བྱེད་དགོས་དགོས་གཙོ་བོ་ནི། ཕྱི་ཕྱོགས་ནས་སྐུ་ཕྱྭར་ཉེན་ཁ་བཟོ་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་པ་མ་ཟད། དེ་སྔོན་༧གོང་ས་མཆོག་གི་བཞུགས་གནས་ཉེ་འགྲམ་ནས་རྒྱ་ནག་གི་གསང་ཉུལ་བ་ཁག་ཅིག་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་འཛིན་ཟུང་བྱེད་སྐབས། གསང་ཉུལ་བ་དེ་ཚོས་༧གོང་ས་མཆོག་གི་ཕོ་བྲང་གི་ས་ཁྲ་དང་གསང་བའི་ཡིག་ཆ་ཁག་ཅིག་ཉར་ཡོད་པ་ལག་སོན་བྱུང་ཡོད་ལུགས་སོགས་བརྗོད་འདུག

གཞན། ཟླ་འདིའི་ཚེས་ ༡༤ ཉིན། རྒྱ་གར་དབུས་གཞུང་གིས་རྒྱ་གར་མཁའ་འགྲུལ་ལས་ཁུངས་ལ། དེ་སྔོན་ནས་རྒྱ་གར་དབུས་གཞུང་གིས་བོད་མིའི་སྐྱབས་མགོན་༧ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་རྒྱལ་ཡོངས་ཀྱི་གནམ་ཐང་ཁག་ཏུ་ལུས་བཤེར་བྱེད་མི་དགོས་པའི་དམིགས་བསལ་ཆེ་མཐོང་ཞིག་སྤྲད་ཡོད་པ་དེ་མུ་མཐུད་ལག་བསྟར་བྱེད་དགོས་པའི་བཀའ་བཏང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. ཐོས་པ་དགའ། says:
    ལོ་ 11 སྔོན།

    རྒྱ་གར་གཞུང་ལ་བཀའ་དྲིན་དང་ཐུགས་རྗེ་ཞུ། ཕྱི་ལོ་༢༠༡༦གསར་དུ་ཚེས་པའི་་དུས་བཟང་འདིར་བོད་ཀྱི་དུས་བབ་ཚང་གི་གསར་འགོད་པ་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། འདས་ཟིན་པའི་ལོ་ཟླའི་ཁྲོད་ཁྱེད་རྣམ་པས་གསར་འགྱུར་གྱི་ལས་རིགས་ཐོག་ནས་བོད་དང་བོད་མིར་ཕན་པའི་བྱ་བཞག་རླབས་ཆེན་བསྒྲུབས་པར་སྙིང་དབུས་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ། མ་འོངས་པའི་ལོ་ཟླའི་ཁྲོད་ཁྱེད་རྣམས་ནད་མེད་ཚེ་རིང་དང་བྱ་བཞག་ལེགས་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

    Reply
  2. རང་དབང་། says:
    ལོ་ 11 སྔོན།

    དུས་བབ་ཚང་གི་གསར་འགོད་པ་ཚོ་གཙོས་ལས་བྱེད་ཡོངས་ལ་ལོ་སར་བའི་ནང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་དེ་བཞིན་ལོ་འདིའི་ནང་གསར་འགྱུར་ལས་རིགས་སྔར་ནས་སྤུས་དག་ཡར་རྒྱས་འགྲོ་བའི་སྨོན་འདུན་ཞུ།

    གསར་འགོད་པ་གསར་པ་བསྟན་འཛིན་ཆོས་གྲགས་ལགས་ཁམས་བདེ་ཞུ། ཁྱེད་རང་དུས་བབ་ནང་གི་ཕོ་གསར་རྫིག་པོ་སྐུ་ཤ་རྒྱག་པ་དེ་ཨེ་རེད། ཧ་ཧ་ཧ། སྐུ་རྩེད་ཡིན། ལེགས་གསོལ། ཁྱེད་རྣམ་པ་ཚོར་སླར་ཡང་བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese