མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐུན་སྒྲིལ་གོང་འཕེལ་གྱི་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་སྙིང་སྟོབས་གླིང་དུ་ཡུལ་མི་དང་མཐུན་སྒྲིལ་གོང་འཕེལ་གྱི་ལས་འགུལ་ཞིག་སྤེལ་ཏེ་རྒྱ་གར་གྱི་ཡུལ་མི་ཉམ་ཐག་ཚོར་གྱོན་གོས་དང་རས་གདན་བཅས་གནང་སོང་།

IMG_4377དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ། ནོར་གླིང་དུ་རྟེན་གཞི་བྱས་པའི་སྙིང་སྟོབས་གླིང་གིས་ཡུལ་མི་དང་མཐུན་སྒྲིལ་གོང་འཕེལ་གྱི་ལས་འགུལ་ཞིག་སྤེལ་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་སྙིང་སྟོབས་གླིང་གི་སྦྱིན་བདག་རྙིང་གྲས་རྒྱ་གར་གྱི་རོ་ཊ་རའི་སྐྱིད་སྡུག་ཚོགས་(Rotary Club) པའི་ཚོགས་གཙོ་སྐུ་ཞབས་ཝི་སི་པཱར་མཱར་(V.S Parmar)ལགས དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཱ་ཇི་མན་ཀོ་ཊི་ཡ་(Ajay Mankotia)ལགས། བོད་ཀྱི་གཏོང་ལེན་ཚོགས་པའི་སྐུ་ཚབ་དང་སློབ་ཕྲུག་གི་གཙོས་རྒྱ་གར་གྲོང་གསེབ་ཁག་ནས་ཡོང་བའི་ཉམ་ཐག་ཡུལ་མི་ཁག་ཅིག་དང་། དེ་བཞིན་སྤྱི་ཟུར་ངག་དབང་ལྷ་མོ་ལགས་ཀྱི་དབུས་སྙིང་སྟོབས་གླིང་གི་དགེ་ལས་སློབ་ཕྲུག་བཅས་མི་གྲངས་ ༡༠༠ ཡས་མས་འཛོམས་འདུག མཛད་སྒོའི་ཐོག་སྙིང་སྟོབས་གླིང་གི་སློབ་ཕྲུག་ཚོས་གཞས་སྣ་འཁྲབ་སྟོན་དང་། གཏོང་ལེན་ཚོགས་པའི་སློབ་ཕྲུག་རྣམས་དང་ཡུལ་མི་ཉམ་ཐག་ཚོར་གྱོན་གོས་དང་རས་གདན་བཅས་ཀྱི་སྦྱིན་གཏོང་གནང་སོང་།

ཐོག་མར་སྙིང་སྟོབས་གླིང་གི་འགན་འཛིན་ངག་དབང་ལྷ་མོ་ལགས་ཀྱིས་སྙིང་སྟོབས་གླིང་དང་པོ་ཧ་ཅང་སྐྱོ་པོ་ཞིག་ནས་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམ་པའི་བཀའ་དྲིན་དང་དབུ་ལས་ཡོངས་ཀྱིས་དཀའ་ལས་བརྒྱབ་པ་ལ་བརྟེན་ནས་རིམ་གྱིས་ཕྱི་ནང་གི་མཐུན་རྐྱེན་ཡར་རྒྱས་སོང་ཡོད་ལ། ཚོགས་པ་དེ་བཙུགས་པའི་དམིགས་ཡུལ་ནི་ཉམ་ཐག་དབང་པོ་སྐྱོན་ཅན་རྣམས་ལ་བདག་སྐྱོང་གང་ལེགས་བྱེད་པའི་ཆེད་དུ་ཡིན་པ་སོགས་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཝི་སི་པཱར་མཱར་ལགས་ཀྱིས་གསུང་བཤད་གནང་སྐབས། ངག་དབང་ལྷ་མོ་ལགས་སུ་མི་མང་ལ་ཞབས་འདེགས་ཞུ་བའི་སེམས་ཤུགས་ཆེན་པོ་ཡོད་ལ། བོད་པ་དང་རྒྱ་གར་གཉིས་ཀྱི་སྤྱི་ཚོགས་ནང་འདི་འདྲའི་བུད་མེད་སེམས་ཤུགས་ཅན་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ས་གནས་འདིའི་མི་མང་ལ་མཚོན་ནས་བཤད་ན། འདི་འདྲའི་སྤྱི་ཚོགས་ཞབས་ཞུའི་ཚོགས་སྡེ་ཞིག་ཡོད་པ་དེས་ཕྲུ་གུ་རྣམས་ལ་ལྟ་སྐྱོང་བྱ་བར་ཕན་གྱི་ཡོད་པ་རེད། སྤྱིར་དྷ་རམ་ས་ལ་དང་ཧི་མ་ཅལ་མངའ་སྡེའི་ནང་ཚོགས་སྡེ་ཁག་མང་པོ་ཡོད་ཀྱང་། དུས་ཡུན་རིང་པོ་ཞིག་ལ་ཚོགས་སྡེ་འདི་དག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུས་ཏེ་གནས་ཐུབ་ཀྱི་ཡོད་པ་མ་རེད། དེའི་རྒྱུ་མཚན་གཅིག་ནས་སློབ་ཕྲུག་ཚོར་སློབ་སྦྱོང་སྤྲོད་རྒྱུ་དཀའ་ལས་ཁག་པོ་ཡོད་པ་དང་། གཉིས་ནས་མཐུན་རྐྱེན་མང་པོ་ཞིག་དགོས་ཀྱི་ཡོད་དུས། རྒྱ་གར་གཞུང་འབྲེལ་ཚོགས་སྡེ་ཁག་ནས་མཐུན་རྐྱེན་སྦྱོར་གྱི་ཡོད་པ་མ་རེད། ཡིན་ནའང་ངག་དབང་ལྷ་མོ་ལགས་ཀྱིས་སློབ་ཕྲུག་ཚོར་སློབ་སྦྱོང་སྤྲོད་ཐབས་སུ་དཀའ་ལས་རྒྱག་བཞིན་ཡོད་པ་མ་ཟད། ངའི་གོ་ཐོས་ལྟར་ན། ཁོ་མོས་གསོ་སྐྱོང་བྱས་པའི་སློབ་ཕྲུག་ཁ་ཤས་ད་ལྟ་འཛིན་རིམ་བཅུ་གཅིག་བཅུ་གཉིས་ནང་ཡོད་པ་རེད་ཟེར་གྱི་འདུག་པས། ཤེས་ཡོན་དང་སློབ་གསོ་དེས་མ་འོངས་པར་ཁོ་ཚོའི་མདུན་ལམ་ལ་ཕན་ཐོགས་ཏན་ཏན་ཡོང་གི་རེད། ཅེས་བརྗོད་སོང་།

སྐུ་ཞབས་ཨཱ་ཇི་མན་ཀོ་ཊི་ཡ་ལགས་ཀྱིས་སྙིང་སྟོབས་གླིང་གི་དབུ་ལས་ཡོངས་ཀྱི་ཕྱག་ལས་གནང་ཕྱོགས་ལ་བསྔགས་བརྗོད་གནང་བ་དང་འབྲེལ་བརྗོད་དོན། ང་ཚོ་བོད་པ་དང་རྒྱ་གར་བར་མཐུན་པོ་བྱས་ནས་སྡོད་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད་བསམ་གྱི་འདུག མཐུན་པོ་ཟེར་དུས་ཡིན་གཅིག་མིན་གཅིག་གིས་བོད་པས་རྒྱ་གར་བར་ཆང་ས་བརྒྱབ་ནས་སྡོད་དགོས་རེད་ཟེར་གྱི་མེད། ང་ཚོའི་འབྲེལ་ལམ་ཡར་རྒྱས་བཏང་སྟེ་ཚང་མ་མཉམ་རུབ་བྱས་ནས་སྡོད་དགོས་པ་དེ་གལ་ཆེན་པོ་རེད། དེ་ནས་ང་ཚོས་ཁོར་ཡུག་གཙང་བཟོ་ལ་དོ་གནང་ཆེན་པོ་བྱེད་དགོས་ཀྱི་འདུག སྲིད་བློན་མུ་དྷི་མཆོག་གིས་དགོངས་པ་རྒྱ་ཆེན་པོ་བཞེས་ནས་ཁོར་ཡུག་གཙང་མ་ཉར་དགོས་གསུང་གིན་ཡོད་པ་ལྟར། ང་ཚོས་ངོས་ནས་ཀྱང་དེ་ལྟར་ལག་བསྟར་ཐུབ་པ་བྱེད་དགོས། ཁྱེད་རང་ཚོ་དབང་པོ་སྐྱོན་ཅན་ཡིན་བསམ་ནས་སེམས་ཤུགས་ནམ་ཡང་ཆགས་རྒྱུ་ཡོད་པ་མ་རེད། ཅེས་བརྗོད་སོང་།

དེའི་རྗེས་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པ་ལགས་ཀྱིས། ཕྲུ་གུ་གཉིས་གསུམ་ཡོད་པའི་སྒེར་སོ་སོ་ཡིན་ནའང་གུང་གསེང་གི་སྐབས་སུ་ཕྲུ་གུར་ལྟ་སྐྱོང་བྱེད་མ་ཐུབ་པའི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་ཀྱང་། སྙིང་སྟོབས་གླིང་ནས་རིག་འཚོ་མ་ཟིན་པ་དང་དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་ཚོར་ལྟ་སྐྱོང་བྱས་པ་མ་ཟད། ཁག་ཅིག་ད་ལྟ་སྙིང་སྟོབས་གླིང་ནས་ཐོན་ཏེ་སྤྱིར་བཏང་གི་སློབ་གྲྭ་ནང་ཚུད་ཐུབ་པ་བྱུང་བར་དམིགས་བསལ་གྱིས་ངག་དབང་ལྷ་མོ་ལགས་དང་། འབྲེལ་ཡོད་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་དྷ་ས་ས་འཐུས་ཀྱི་ངོས་ནས་རོགས་རམ་གང་ཐུབ་གནང་རྒྱུ་ཡིན་སྐོར་བརྗོད་སོང་།

IMG_4402མཇུག་ཏུ་གསར་འགོད་པས་ངག་དབང་ལྷ་མོ་ལགས་སུ་བཅར་འདྲི་ཞུ་སྐབས། ཁོང་མོས་དེ་རིང་གི་ལས་འགུལ་གྱི་དགོས་དམིགས་ངོ་སྤྲོད་གནང་དོན། ༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱིས་དེང་སང་ང་ཚོ་བོད་པའི་ནང་ཤེས་ཡོན་ཡོད་མཁན་དང་རྒྱུ་དཔལ་འབྱོར་ཡོད་མཁན་ག་ཚོད་ཡོད་པ་རེད། སོ་སོའི་འཚོ་གོས་ཞེ་དྲགས་ཡག་པོ་ཆགས་ཏེ་འཛམ་བུ་གླིང་གི་ས་ཆ་གང་སར་སྐོར་བ་བརྒྱབ་ནས་འགྲོ་མཁན་མང་པོ་ཞེ་དྲགས་ཡོད་པས། དེ་ཚོ་ཚང་མས་མང་པོ་མ་བྱུང་ནའང་མི་ལྔ་དང་བཅུ་བདག་པོ་བརྒྱབ་སྟེ། བོད་པའི་སྤྱི་ཚོགས་ནང་ཉམ་ཐག་ཟེར་བ་དང་། ནད་པ་དང་རྒན་འཁོགས་ལྷག་འདུག་ཟེར་བ་མེད་པ་ཞིག་བྱུང་ན་བསམ་ཏེ། དེ་རིང་འདིར་མཛད་སྒོ་ཚོགས་པ་དེའང་མི་ལ་སེམས་ཤུགས་སྤེལ་ཆེད་དང་། ཡང་འགའ་རེར་རོགས་རམ་གནང་འདོད་ཡོད་ནའང་ག་རེ་གནང་དགོས་ཡིན་ན་བསམ་ནས་ལུས་བསྡད་མཁན་ཚོར་འདི་འདྲ་བྱ་རྒྱུ་འདུག་བསམ་པ་ཞིག་ཡོང་བའི་ཆེད་དུ་ཡིན། ཞེས་བརྗོད་སོང་།

ཡང་ཁོང་མོས་ངོ་སྤྲོད་གནང་བ་ལྟར་ན། སྙིང་སྟོབས་གླིང་དུ་སློབ་འཇུག་གི་གྲངས་ཚད་ ༥༠ ཡིན་ལ། ད་ལྟའི་ཆར་དགེ་ལས་ ༡༦ ཡོད་འདུག ཕྱི་ལོ་ ༡༩༩༩ ལོར་སྙིང་སྟོབས་གླིང་གསར་དུ་བཙུགས་པ་ནས་ད་ལྟའི་བར་སློབ་གྲྭ་དེ་ནས་ལུས་སེམས་གསོ་བཅོས་དང་ལག་རྩལ་སློབ་སྦྱོང་བཅས་བྱས་པ་བརྒྱུད། ཁྱོན་བསྡོམས་སློབ་མ་ ༥ ཚད་ལྡན་སློབ་གྲྭ་ཁག་ཏུ་ཚུད་ཡོད་པ་དང་། དེའི་ནང་ནས་བུ་མོ་ཞིག་གིས་ཉེ་སྔོན་འཛིན་རིམ་ ༡༠ པའི་ཡིག་ཚད་བཏང་ཟིན་ཡོད་འདུག ད་ལྟའི་ཆར་སྙིང་སྟོབས་གླིང་གི་སློབ་ཕྲུག་མང་ཆེ་བ་བོད་རིགས་ཡིན་པ་དང་། ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་ཡིན་པའི་དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་ ༤ ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༨ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese