མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་ཕེབས་གནང་།

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་དྷ་རམ་ས་ལའི་སྔ་དྲོའི་ཆུ་ཚོད་ ༡༠།༤༠ སྟེང་༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་དུ་ཆིབས་ཕེབས་གནང་ཡོད་ཅིང་། ཁ་སང་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གནད་ཡོད་མི་སྣ་སྐོར་ཞིག་གིས་༧གོང་ས་མཆོག་དགུང་གྲངས་ ༨༠ བཞེས་པའི་གྱ་སྟོན་སྲུང་གཙི་ཞུས་འདུག

123

༧གོང་ས་མཆོག་གིས་འདས་པའི་ཟླ་བ་གཅིག་ལྷག་རིང་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་དང་། གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར། བརྒྱུད་སྨད་གྲྭ་ཚང་། བཀྲ་ཤིས་ལྷུན་པོ་བཅས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཏེ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༤༠ སྟེང་། བཞུགས་སྒར་དྷ་རམ་ས་ལ་ཁུལ་གྱི་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད་ཕྱིར་ཞུགས་སྒར་ཕོ་བྲང་དུ་ཆིབས་ཕེབས་གནང་ཡོད།

ཁ་སང་ཚེས་ ༤ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ། རྒྱ་གར་རྒྱལ་ས་ལྡི་ལིའི་ཨོ་བྷེ་རོ་ཡི་གསོལ་མགྲོན་ཁང་(Oberoi hotel)དུ། ༧གོང་ས་མཆོག་དབུ་བཞུགས་ཐོག རྒྱ་གར་གྱི་མཐོ་རིམ་དཔོན་རིགས་དང་། ཆབ་སྲིད་དང་ཤེས་ཡོན་ཐད་ཀྱི་གནད་ཡོད་མི་སྣ་སྐོར་ཞིག་གིས་༧གོང་ས་མཆོག་དགུང་གྲངས་ ༨༠ བཞེས་པའི་གྱ་སྟོན་གྱི་མཛད་སྒོ་ཞིག་ཚོགས་ཡོད་འདུག

1918922_10154666912082281_1621370785476263438_nམཛད་སྒོ་དེའི་སྟེང་རྒྱ་གར་གྱི་སྲིད་བློན་ཟུར་པ་མན་མོ་ཧན་སིང་(Manmohan Singh)མཆོག་དང་། སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌི་ཝ་ནི་ Lal Krishna Advani མཆོག རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་པི་ཅི་ཏམ་བྷ་རམ་(P. Chidambaram)། དེ་བཞིན་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁག་གཅིག ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱར་ཐི་(kailash satyarthi)། རྒྱ་གར་གྱི་གནའ་བོའི་སྒྱུ་རྩལ་ཐོག་མཁས་ལས་པ་ལྕམ་སྐུ་ཀ་པི་ལ་ཝཏ་སཱ་ཡན་ Dr.Kapila Vatsyayan མཆོག ཁྲིམས་རྩོད་པ་གྲགས་ཅན་དང་རྒྱ་གར་ཁྲིམས་ཀྱི་བློན་ཆེན་ཟུར་པ་སྐུ་ཞབས་རམ་ཇི་ཐ་མ་ལ་ནི་(Ram Jethamalani) གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་ཤར་མི་ལ་ཊ་གོར་ (Sharmila Tagore) མཆོག་སོགས་ལྷན་འཛོམས་ཐོག རྒྱ་གར་གྱི་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ཨམ་ཇེ་ཏི་ཨ་ལི་ཁཱང་དང་ཁོང་གི་སྲས་གཉིས་བཅས་ཕེབས་ཡོད་འདུག

འདས་པའི་ཟླ་བ་གཅིག་རིང་གི་༧གོང་ས་མཆོག་གི་མཛད་འཕྲིན་རགས་ཟིན་ནི། ཟླ་བ་སྔོན་མའི་ཚེས་ ༤ ཉིན། ༧གོང་ས་མཆོག་བཞུགས་སྒར་དྷ་རམ་ས་ལ་ནས་ཆིབས་ཐོན་གནང་ཡོད་པ་དང་། ཚེས་ ༥ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་དུ་ཆིབས་བསྒྱུར་བསྐྱངས།

ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་བྷིང་ལོར་ནང་རྟེན་གཞི་བྱས་པའི་ཚན་རིག་བསྟི་གནས་ཁང་སྒོ་འབྱེད་དང་ཕྱི་རྒྱལ་གཞུང་ཚབ་ཡན་ལག་ཁང་མང་པོ་ཞིག་གི་དོན་གཅོད་པ་རྣམས་དང་ཚོགས་འདུ་དབུ་བྱེད་མཛད་སྒོར་ཕེབས་ཏེ་གསུང་བཤད་གནང་བ་དང་། ཉིན་རྒྱབ་རྒྱ་གར་རྒྱལ་ཡོངས་ཆེས་མཐོའི་ཤེས་ཡོན་བསྟི་གནས་ཁང་(National Institute of Advanced Studies)ཞེས་པར་ཤེས་ཡོན་ཅན་དང་སློབ་ཕྲུག་སོགས་མི་ ༣༠༠ ལྷག་ལ་གསུང་བཤད་གནང་།

ཚེས་ ༧ ཉིན། ༧གོང་ས་མཆོག་གིས་བྷིང་ལོར་བཞུགས་གནས་མགྲོན་ཁང་དུ་རྒྱ་གར་གྱི་གསར་འགོད་པ་ཁག་ཅིག་གི་དྲི་བར་ལན་འདེབས་དང་། ཉིན་རྒྱབ་རྒྱལ་ཡོངས་སེམས་ཁམས་དང་དབང་རྩའི་བསྟི་གནས་ཁང་དུ་ཚན་རིག་པ་དང་མཁས་དབང་ ༡༠༠༠ བརྒལ་བར་གསུང་བཤད་གནང་།

ཚེས་ ༧ ཉིན། བྷིང་ལོར་ནས་མཁའ་ལམ་བརྒྱུད་མོན་གྷོ་ཊི་འབྲས་སྤུངས་དགོན་པར་ཆིབས་བསྒྱུར་དང་། དེའི་རྗེས་དགའ་ལྡན་དགོན་པར་ཕེབས་ཏེ་དགའ་ལྡན་ཁྲི་ཐོག་ཁང་གསར་བཞེངས་ལེགས་འགྲུབ་ལ་རབ་གནས་མཛད།

ཚེས་ ༨ ཉིན། ཧོན་སུར་རབ་རྒྱས་གླིང་བརྒྱུད་སྨད་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་ ༩ ཉིན་ནས་བཟུང་དཔལ་གསང་བ་འདུས་པའི་དབང་དང་སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་སོགས་དབུ་འཛུགས་གནང་།

ཚེས་ ༡༠ ཉིན། ཧོན་སུར་རབ་རྒྱས་གླིང་གཞིས་མགོ་དང་བརྒྱུད་སྨད་གྲྭ་ཚང་མཉམ་འབྲེལ་ཐོག་བརྒྱུད་སྨད་གསུང་ཆོས་ར་བར་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་ཏེ་ལོ་ངོ་ ༢༦ འཁོར་བའི་དུས་དྲན་སྲུང་གཙི་གནང་བའི་མཛད་སྒོའི་སྟེང་ཕེབས་ཏེ་མི་མང་ལ་གསུང་བཤད་གནང་།

ཚེས་ ༡༣ ཉིན། སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཚེས་ ༡༤ ཉིན་སེ་ར་བླ་སྤྱིའི་འདུ་ཁང་དུ་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༠ པ་དབུ་འབྱེད་གསུང་བཤད་གནང་།

ཚེས་ ༡༥ ཉིན། སེར་སྨད་ཚན་རིག་སྡེ་ཚན་གྱི་ཚན་རིག་འགྲེམས་སྟོན་དབུ་འབྱེད་མཛད་པ་དང་སེར་བྱེས་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་གསུང་བཤད་གནང་། དེ་བཞིན། སེར་སྨད་སྤོ་འབོར་ཁམས་ཚན་དུ་གྲྭ་ཤག་དང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་དང་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་གི་ཆོས་འབྲེལ་མཛད།

ཚེས་ ༡༧ ཉིན་སེམས་དང་སྲོག་གི་བགྲོ་གླེང་མཇུག་བསྡོམས་སྟེང་ཕེབས་ཏེ་གསུང་བཤད་གནང་།

ཚེས་ ༡༨ ཉིན། སེ་ར་བླ་སྤྱིའི་འདུ་ཁང་དུ། སེ་ར་བླ་སྤྱི་འདུས་མང་ཡོངས་དང་སྦེལ་ཀོབ་གཞིས་ཁོངས་ཀྱི་སེར་སྐྱ་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས།

ཚེས་ ༡༩ ཉིན། བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཆིབས་བསྒྱུར་བསྐྱངས་ཏེ། གཙུག་ལག་ཁང་གསར་པ་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་དབུ་འབྱེད་དང་། ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་དབུ་འཛུགས་གནང་།

ཚེས་ ༢༢ ཉིན། བཀྲ་ཤིས་ལྷུན་པོར་རྒྱ་ནག་སྐམ་ས་ཆེན་མོ་དང་མ་ཁའོ་སོགས་ནས་ཕེབས་པའི་རྒྱ་རིགས་ ༡༥༠ ལྷག་ལ་དམིགས་བསལ་བཀའ་སློབ་གནང་།

ཚེས་ ༣༠ ཉིན། ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ཁྲི་ ༣༠༠༠༠ བརྒལ་བར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་བསྩལ་ཡོད་པ་དང་།

ཟླ་འདིའི་ཚེས་ ༡ ཉིན། བཀྲ་ཤིས་ལྷུན་པོ་དགོན་དུ་༧གོང་ས་མཆོག་གི་བཀའ་ཆོས་གྲུབ་པ་དང་བསྟུན་ཏེ་བརྟན་ཞུགས་བསྟར་འབུལ་ཞུས་ཡོད་པ་དང་། ཁོང་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་ཡོད་ཡོད།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༨ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese