མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་འོས་བསྡུ་ཆེན་མོའི་ཚ་རླབས།

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་བསྡུ་གནང་རྒྱུ་ཡིན་པས་ཆབ་སྲིད་ཚོགས་པ་ཁག་གིས་མཐའ་མཇུག་གི་ཉི་མ་ལྔ་དེ་དམ་འཛིན་གྱིས་འགྲན་རྩོད་ཤུགས་ཆེན་བྱེད་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་བསྡུ་གནང་རྒྱུ་ཡིན་སྟབས། ཆབ་སྲིད་ཚོགས་པ་ཁག་གི་བར་འོས་བསྡུའི་འགྲན་རྩོད་རྣོ་ངར་ཆེ་བའི་སྐབས་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༡༠ སྟེ་འོས་བསྡུའི་གཟའ་ཉི་མ་མཐའ་མ་དེར། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལྕམ་ཚེ་ཡེན་ཝིན་དང་། གོ་མིན་ཏང་ཚོགས་པའི་འོས་མི་ཀྲུའུ་ལི་ལུན། མི་མང་ཚོགས་པ་དང་པོའི་(People First Party)འོས་མི་སུང་ཁྲོས་ཡས་བཅས་སྲིད་འཛིན་འོས་མི་གསུམ་གྱིས། ཐའེ་ཝན་ལྷོ་ནུབ་ཁུལ་དུ་ཡོད་པའི་གྲོང་ཁྱེར་རྙིང་ཤོས་ཐའེ་ནན་དུ་ཕྱོགས་སོ་སོ་ནས་མི་མང་ནང་གཏམ་བཤད་སྤེལ་ཏེ། ཆེས་མཐའ་མཇུག་གི་གོ་སྐབས་དམ་འཛིན་བྱས་ཡོད་པ་དང་། དེ་བཞིན། ཐའེ་ཝན་གྲོས་ཚོགས་ཀྱི་འཐུས་མིའི་འགྲན་རྩོད་ནང་ཞུགས་པའི་ཆབ་སྲིད་ཚོགས་པ་ཁག་ ༡༨ ཀྱི་འོས་མི་ཚོས་ཀྱང་གཏམ་བཤད་ལས་འགུལ་སྤེལ་ཡོད་འདུག

ཁ་སང་དགོང་མོར་ཐའེ་ཝན་ཅཱ་ཡས་རྫོང་དུ་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚེ་ཡེན་ཝིན་གྱི་རྒྱབ་སྐྱོར་བ་ཚོས་འོས་བསྡུའི་གཏམ་བཤད་དགོང་ཚོགས་ཤིག་བསྡུས་ཡོད་པ་དང་། སྐབས་དེར་ཐའེ་ཝན་ཁྲིམས་འཛིན་ལས་ཁུངས་ཀྱི་མགོ་ཁྲིད་ཟུར་པ་ཞི་ཀྲང་ཐིན་ (Xiè zhǎng tíng) དང་ཐའེ་ནན་གྲོང་ཁྱེར་སྤྱི་ཁྱབ་ལེ་ཆིན་དི་(Lài qīng dé)། ཅཱ་ཡས་རྫོང་གི་རྫོང་དཔོན་ཀྲང་ཧྭ་ཀན་སོགས་ཀྱིས་ཚེ་ཡེན་ཝིན་ལ་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་ཡོད་འདུག

1601101206112378དགོང་ཚོགས་ཐོག་ཚེ་ཡེན་ཝིན་གྱིས། ཉིན་ ༦ གི་རྗེས་སུ་ཐའེ་ཝན་ལ་ཕྱིར་རྒྱལ་ཁ་འཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ལ། དམངས་གཙོ་ཡར་ཐོན་ཚོགས་པས་བསྐྱར་དུ་ཐའེ་ཝན་གྱི་སྲིད་དབང་བཟུང་སྟེ་ཐའེ་ཝན་ལ་ལེགས་བཅོས་གཏོང་རྒྱུ་ཡིན། འདས་པའི་ལོ་ ༨ རིང་གོ་མིན་ཏང་ཚོགས་པས་ཡག་པོ་བསྒྲུབས་མ་ཐུབ་པ་རྣམས་དམངས་གཙོ་ཡར་ཐོན་ཚོགས་པས་སྔར་ལས་ཡག་པོ་བསྒྲུབ་སྟེ། ཐའེ་ཝན་མི་མང་ལ་འཚོ་བ་ཡག་པོ་ཞིག་རོལ་དུ་འཇུག་ངེས་ཡིན། ཞེས་དང་། མོ་རང་ལ་འོས་བསྡུའི་སྔོན་དུ་ཆེས་སེམས་ཁྲལ་ཆེ་ཤོས་གསུམ་ཡོད་པ་ལས་དང་པོ་གོ་མིན་ཏང་ཚོགས་པ་ནི་འཛམ་བུ་གླིང་གི་སྒོར་མོ་མང་ཤོས་ཀྱི་ཆབ་སྲིད་ཚོགས་པ་ཞིག་ཡིན་པས་ལྐོག་རྔན་སྤྲད་དེ་འོས་ཤོག་ཉོས་བ་དང་། གཉིས་པ་མི་མང་གིས་ཡིད་ཆེས་བྱས་པ་མང་དྲགས་ཏེ་ཧལ་ལེ་ཧོལ་ལེ་འོས་བླུགས་པ། གསུམ་པ་འོས་ཁ་འཐོར་དུ་འགྲོ་ཉེན་བཅས་ཡོད་སྟབས། དྲང་བདེན་ལ་ཁ་ཕྱོགས་ཏེ་ལྐོག་རྔན་མི་ལེན་པ་དང་། ཕྱི་ཕྱོགས་སུ་སློབ་སྦྱོང་བྱེད་བཞིན་ཡོད་མཁན་ཚོ་ཕྱིར་རྒྱལ་ནང་དུ་ལོག་ནས་འོས་བླུགས་ཏེ། རང་ཉིད་ཀྱིས་རང་ཉིད་སྐྱོབ་དགོས་པ་དང་སོ་སོའི་རྒྱལ་ཁབ་སོ་སོས་སྐྱོབ་དགོས་ལ། འོས་ཤོག་གཅིག་བསྡུས་ཀྱིས་དམངས་གཙོ་ཡར་ཐོན་ཚོགས་པར་གྲོས་ཚོགས་ནང་རྒྱལ་ཁ་འཐོབ་ཏུ་འཇུག་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

དེ་བཞིན། ཁ་སང་དགོང་མོར་གོ་མིན་ཏང་ཚོགས་པའི་འོས་མི་ཀྲུའུ་ལི་ལུན་(Zhū lì lún)གྱི་རྒྱབ་སྐྱོར་བ་ཚོས་སྔོན་ཆད་ཁོ་རང་གིས་རྫོང་དཔོན་བྱས་མྱོང་སའི་ཐའོ་ཡན་རྫོང་དུ་དགོང་ཚོགས་ཤིག་བསྡུས་ཡོད་པ་དང་། སྐབས་དེར་གོ་མིན་ཏང་ཚོགས་པས་མིང་འདོན་བྱས་པའི་གྲོས་ཚོགས་ཀྱི་འོས་མི་དང་། ཐའོ་ཡན་རྫོང་གི་རྫོང་དཔོན་ཟུར་པ་གཉིས། ཐའོ་ཡན་གྲོང་ཁྱེར་གྱི་འཐུས་མིའི་ཚོགས་གཙོ་ཆུའུ་ཡས་ཧྲིན་(Qiū yì shèng)། ཁྲིམས་བཟོ་ལྷན་ཁང་གི་ཁྲིམས་དཔོན་གཞོན་པ་ཧོང་ཞུའུ་ཀྲུ་(Hóng xiù zhù)སོགས་ཀྱིས་གཏམ་བཤད་སྤེལ་ཏེ་ཀྲུའུ་ལི་ལུན་ལ་རྒྱབ་སྐྱོར་བྱས་ཡོད་འདུག

1601101204582378དགོང་ཚོགས་ཐོག་ཀྲུའུ་ལི་ལུན་གྱིས། ཐེངས་འདིའི་འོས་བསྡུ་ལ་དྲང་ཕྱོགས་ཀྱི་ནུས་སྟོབས་གོང་འཕེལ་དུ་ཕྱིན་པའི་རྣམ་པ་མངོན་གསལ་གྱིས་རྒྱ་ཆེའི་མི་མང་གིས་མཐུན་ལམ་ཆིག་སྒྲིལ་བྱས་ཏེ། ཆེས་མཐའ་མཇུག་གི་ཉིན་གྲངས་ལྔ་དེར་ཐའོ་ཡན་གྱི་ཡུལ་མི་སྤུན་ཟླ་ཚོས་མཐུན་སྒྲིལ་གྱི་སྟོབས་ཤུགས་དང་ལྟེ་བར་ཕྱོགས་པའི་ནུས་ཤུགས་གཅིག་ཏུ་སྒྲིལ་སྟེ། ཐའེ་ཝན་མི་མང་ཡོངས་ལ་ང་ཚོ་ཐའོ་ཡན་གྱི་མཐུན་སྒྲིལ་སྟོབས་ཤུགས་མཐོང་དུ་འཇུག་དགོས། ཞེས་བརྗོད་ཡོད་པ་མ་ཟད། ཁོ་རང་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས་ཐའེ་ཝན་ལ་བསྐྱར་དུ་དཀའ་སྡུག་མི་འབྱུང་བར་བདེ་སྐྱིད་ཀྱི་ཉི་འོད་དང་རེ་བ་མཐོང་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་ཕྱི་དྲོར་མི་མང་ཚོགས་པ་དང་པོའི་ཚོགས་གཞོན་འོས་མི་སུང་ཁྲོས་ཡས་ཀྱི་རྒྱབ་སྐྱོར་བ་ཚོས་ཀྱང་ཀོ་ཞོང་གྲོང་ཁྱེར་དུ་འོས་མིའི་གཏམ་བཤད་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། སྐབས་དེར་ཀོ་ཞོང་རྫོང་གི་རྫོང་དཔོན་ཟུར་པ་ལིན་ཡན་ཡན་(Lín yuān yuán)དང་ནང་སྲིད་བློན་ཆེན་ཟུར་པ་ལི་ཧོང་ཡན(Lǐ hóng yuán)། དེ་བཞིན་སུང་ཁྲོས་ཡས་ཀྱི་ཕ་རྒན་སོགས་ཀྱིས་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་ཡོད་པ་དང་། གཏམ་བཤད་ཐོག་རྒྱབ་སྐྱོར་བ་ཁྲི་ལྷག་མཉམ་ཞུགས་བྱས་ཡོད་སྐོར་རྗོད་ཀྱི་འདུག

1601101209132378གཏམ་བཤད་སྐབས་སུང་ཁྲོས་ཡས་ཀྱིས། ཕྱི་ཚེས་ ༡༦ ཉིན་ཐའེ་ཝན་མི་མང་གིས་སེམས་ལྷོད་ལ་བབས་ནས་འོས་ཤོག་བླུགས་རྒྱུ་ཡིན་པ་དང་། མི་མང་གི་ཤེས་རབ་དང་མིག་རྒྱང་གིས་འཛམ་གླིང་ཡོངས་ཀྱིས་རེ་ལྟོས་བྱེད་སའི་སྲིད་གཞུང་ཞིག་འདེམས་ཐུབ་པར་ཡིད་ཆེས་ཡོད་ལ། ཐའེ་ཝན་མི་མང་གིས་འོས་ཤོག་བརྒྱུད་ཐའེ་ཝན་གྱི་རིན་ཐང་ཕྱིར་ལེན་ཐུབ་པའི་ཡིད་ཆེས་ཡོད་སྐོར་བརྗོད་འདུག་ལ། གསར་འགོད་པས་ཁོ་ལ་བཅར་འདྲི་བྱེད་སྐབས་ཐའེ་ཝན་དང་རྒྱ་ནག་བར་གྱི་ཆེས་ཆེ་བའི་ཧེ་བག་ནི་བདག་དབང་གི་གནད་དོན་མིན་པར་མི་མང་དོན་དངོས་ཀྱི་བདག་པོ་ཡིན་པར་ཡིད་ཆེས་ཡོད་མེད་ཀྱི་གནད་དོན་ཡིན་སྟབས། ཐའེ་ཝན་མི་མང་ལ་མུ་མཐུད་ཁྱིམ་གཞིས་བདག་སྐྱོང་གི་ལམ་ལུགས་རྒྱུན་སྐྱོང་བྱེད་དུ་འཇུག་དགོས་སྐོར་བརྗོད་འདུག

ཐའེ་ཝན་གྱི་སྲིད་འཛིན་ལས་ཐོག་མཱ་ཡེན་ཅིག་དང་ཁོའི་བཟའ་ཟླ་གཉིས་ཕྱི་ཚེས་ ༩ ཉིན་ཐའེ་པེ་རུ་སྤེལ་བའི་གོ་མིན་ཏང་ཚོགས་པའི་འོས་མི་ཀྲུའུ་ལི་ལུན་གྱི་འོས་བསྡུའི་ཁྲོམ་སྐོར་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་མ་ཟད། ལས་འགུལ་ནང་མི་མང་ཁྲི་སྟོང་མང་པོ་མཉམ་ཞུགས་བྱས་ཏེ་གོ་མིན་ཏང་ཚོགས་པའི་བཟོ་ལྟ་གཞི་ནས་མངོན་གྱི་ཡོད་སྐོར་དང་། རྒྱ་ནག་དང་ཐའེ་ཝན་བར་བཞག་པའི་ ༩༢ ལོའི་གྲོས་ཆོད་དེ་སྐམ་ས་ཆེན་མོས་ཐའེ་ཝན་ལ་དང་ལེན་བྱེད་དུ་བཅུག་པ་མ་ཡིན་པར་ཐའེ་ཝན་ཕྱོགས་ནས་ཕར་བཏོན་པ་ཞིག་ཡིན་ལ། ལོ་ངོ་ ༨ རིང་གོ་མིན་ཏང་ཚོགས་པས་འབད་བརྩོན་བྱས་པ་བརྒྱུད་ད་ལྟའི་གནས་སྟངས་བྱུང་བ་ཡིན་ལ། གྲོས་ཆོད་དེ་དང་ལེན་མི་བྱེད་མཁན་ཚོས་རྒྱུན་སྐྱོང་ཐུབ་པ་ཞིག་མིན་སྟབས། གལ་སྲིད་གོ་མིན་ཏང་ཚོགས་པས་མུ་མཐུད་སྲིད་དབང་འཛིན་མ་ཐུབ་པ་ཡིན་ན། ཐའེ་ཝན་གྱི་བརྟན་ལྷིང་ལ་གནད་དོན་འབྱུང་རྒྱུ་ཡིན་སྐོར་བརྗོད་འདུག

ཆབ་སྲིད་དཔྱད་ཞིབ་པ་ཚོས་ཧོང་ཀོང་ནང་གི་དཀའ་རྙོག་སོགས་ཀྱིས་ཐའེ་ཝན་གྱི་འདི་ལོའི་འོས་བསྡུའི་ཁྲོད་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་འཐོབ་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱིན་ཡོད་ཀྱང་། རྒྱ་གཞུང་གི་ཆབ་སྲིད་གནོན་ཤུགས་དང་དཔལ་འབྱོར་ཀྱི་ཤུགས་རྐྱེན་ཁྲོད་མི་མང་གིས་སོ་སོའི་རང་དབང་གི་མངོན་འདོད་འཁུར་ནས་འོས་བླུགས་ཐུབ་མིན་ལ་ཐེ་ཚོམ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese