མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཆེན་མོའི་ཚ་རླབས།

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཆེན་མོའི་སྔོན་འགྲོའི་ལས་རིམ་ཁྲོད་དམངས་གཙོ་ཚོགས་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་གཞོན་པ་སྐུ་ཞབས་བྷིར་ནེ་སན་ཌིར་སི་རྣམ་གཉིས་ཀྱི་འགྲན་བསྡུར་ཁྲོད་ཧེ་ལ་རེ་ཕམ་བཞིན་ཡོད་འདུག

DEBATEཟླ་རྗེས་མའི་ཕྱི་ཚེས་ ༡ ཉིན་ནས་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་གཏན་འཁེལ་གསལ་བསྒྲགས་ཞུ་རྒྱུ་ཡིན་པ་དང་། ད་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༨ ཉིན་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་སྒེར་གཉེར་སློབ་ཆེན་ཁུན་ནེ་ཕེ་ཡ་ཁི་གཙུག་ལག་སློབ་ཆེན་ (Quinnipiac University) ནང་སྔོན་འགྲོའི་འོས་ཞུགས་མི་མང་ ༥༠༠ ཁྲོད་ཀྱི་བརྒྱ་ཆ་ ༤༩ དམངས་གཙོ་ཚོགས་པའི་འོས་མི་སྐུ་ཞབས་སན་ཌིར་སི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། མི་མང་བརྒྱ་ཆ་ ༤༤ དམངས་གཙོ་ཚོགས་པའི་འོས་མི་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་ལ་རྒྱབ་སྐྱོར་བྱས་ཡོད་འདུག དེ་བཞིན། ཟླ་འདིའི་ཚེས་ ༧ ཉིན་ནས་ཨ་རིའི་དཀྱིལ་ནུབ་མངའ་སྡེ་ཨོ་ཝ་ (Iowa) དང་ནེའུ་བོ་ཧམ་ཕི་ཤཱེར་ (New Hampshire) གཉིས་ནང་མི་མང་བརྒྱ་ཆ་ ༤༨ ཀྱིས་སྐུ་ཞབས་སན་ཌིར་སི་ལ་འོས་ལྡུག་གིན་ཡོད་པ་དང་། མི་མང་བརྒྱ་ཆ་ ༤༡ གིས་ལྕམ་ཁི་ལེན་ཊོན་ལ་འོས་ལྡུག་བཞིན་ཡོད་སྟབས། ད་ཆར་སྐུ་ཞབས་སན་ཌིར་སི་གི་འོས་གྲངས་བརྒྱ་ཆ་ ༩ འཕར་བ་དང་ལྕམ་ཁི་ལེན་ཊོན་གྱི་འོས་གྲངས་བརྒྱ་ཆ་ ༤ ཙམ་མར་ཆགས་ཡོད་འདུག

གནས་ཚུལ་ལྟར་ན། ཨ་རིའི་མངའ་སྡེ་རིམ་པའི་ནང་གི་སྔོན་འགྲོའི་འོས་འདེམས་ཁྲོད་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་གྱི་འོས་གྲངས་བསྟུད་མར་ཐེངས་གཉིས་ལ་ཉུང་དུ་ཕྱིན་ཡོད་སྟབས། དབྱེ་ཞིབ་པ་ཚོས་ཁོང་མོའི་འོས་འགྲན་གྱི་གནས་སྟངས་དེ་ཕྱི་ལོ་ ༢༠༠༨ ལོའི་འོས་འགྲན་གྱི་གནས་བབ་དང་གཅིག་པ་ཆགས་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་པ་དང་། སྔོན་འགྲོའི་འོས་བསྡུའི་འགྲོ་གྲོན་ཐད་ལྕམ་ཁི་ལེན་ཊོན་གྱིས་ཨ་སྒོར་ས་ཡ་ ༧.༤ དང་སྐུ་ཞབས་སན་ཌིར་སི་ཡིས་ཨ་སྒོར་ས་ཡ་ ༩.༧ ཟིན་གྱི་ཡོད་འདུག

སྤྱིར་ཨ་རིར་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ། ལྗང་ཁུ་ཚོགས་པ། ངལ་རྩོལ་ཚོགས་པ། རྩ་ཁྲིམས་ཚོགས་པ། རང་དབང་ཚོགས་པ་ཟེར་བ་སོགས་སྲིད་དོན་ཚོགས་པ་མང་པོ་ཞིག་ཡོད་ཀྱང་། ༡༨༥༢ ལོར་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཐོག་མར་མགོ་བཙུགས་པ་ནས་བཟུང་ཤུགས་ཆེ་ཤོས་དེ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཆགས་ཡོད་འདུག

དམངས་གཙོ་ཚོགས་པའི་འོས་མི་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་གྱི་འབོད་སྒྲ་གཙོ་བོ། “མོས་ང་ཚོའི་དམིགས་འབེན་གཙོ་བོ་རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་པ་འགོག་ཐབས་ཙམ་མ་ཡིན་པར་རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་པ་ཚར་གཅོད་གཏོང་རྒྱུ་དེ་ཡིན”ཞེས་དང་། མར་ཊེན་ཨོ་མ་ལའེ་ཡི་འབོད་སྒྲ་གཙོ་བོ། “ང་རང་སྲིད་སྟེགས་འདིའི་སྟེངས་བུད་ནས་སི་རི་ཡའི་སྐྱབས་བཅོལ་བ་དྲུག་ཁྲི་ལྔ་སྟོང་ཨ་རིའི་རྒྱལ་ནང་དུ་སྣེ་ལེན་དགོས་པའི་བསམ་ཚུལ་འདོན་མཁན་ཐོག་མ་དེ་ཡིན། ང་ཚོས་འཇིགས་སྐུལ་དྲག་སྤྱོད་པའི་དམར་གསོད་འོག་གི་སྐྱབས་བཅོལ་བའི་དངོས་འབྲེལ་དཀའ་རྙོག་འདི་སེལ་འདུམ་དགོས་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད”ཅེས་པ་འདི་རེད།

དེ་བཞིན། སྤྱི་མཐུན་ཚོགས་པའི་སྐུ་ཞབས་ཇེབ་བྷུ་ཤཱི་ཡི་འབོད་སྒྲ་གཙོ་བོ། “ང་ཚོས་སི་རི་ཡའི་སྐྱབས་བཅོལ་བའི་གནས་སྟངས་ངོ་མ་དེ་མཐོང་ཡོང་དུས། ང་ཚོར་དཀའ་རྙོག་འདི་སེལ་བའི་འོས་འགན་གཡོལ་དུ་མེད་པ་ཡོད་པ་རེད་བསམ་གྱི་འདུག མ་ཟད་ང་ཚོས་སི་རི་ཡའི་རྒྱལ་ནང་དུ་སྡོད་ཐབས་མེད་པའི་ཡི་ཤུ་བ་ཚོའི་འཚོ་གནས་ལ་དོ་སྣང་བྱ་དགོས་ཀྱི་ཡོད”ཅེས་པ་དང་། སྤྱི་མཐུན་ཚོགས་པའི་ཞབས་ཊི་རུམ་ཕུ་ཡི་འབོད་སྒྲ་གཙོ་བོ་ “ངས་ཁ་པར་ལེན་དུས། ལས་དོན་ཆེ་ཆུང་ཅི་འདྲ་ཞིག་ཡིན་རུང་། ངས་དེ་དང་དུ་ལེན་ངེས་ཡིན། གལ་སྲིད་ཁྱེད་ཀྱིས་དོན་དངོས་རྟོགས་འདོད་ན། ངའི་སྐད་ཆར་ཉོན་ཅིག འདི་ནི་ཡིད་སྐྱོ་བའི་འགྲེལ་བརྗོད་ཅིག་ཡིན་ནའང་། ངས་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་ནོར་འཆུག་ཐེར་འདོན་བྱེད་ཀྱི་ཡོད”ཅེས་པ། སྤྱི་མཐུན་ཚོགས་པའི་ལྕམ་ཁར་ལེ་ཧྥའོ་རེ་ན་མཆོག་གི་འབོད་སྒྲ་གཙོ་བོ། “དུས་རྒྱུན་གཡོན་ལྷུང་ལ་འཕྲད་བཞིན་པའི་དཀའ་རྙོག་སེལ་ཐབས་སུ། ང་ཚོས་མིག་མཐོང་ལག་ཟིན་གྱི་རྩ་ཁྲིམས་མང་པོ་ཞིག་ལག་བསྟར་བྱེད་དགོས་ཀྱི་འདུག”ཅེས་སོགས་རེད།

ཨ་རིའི་སྲིད་འཛིན་འོས་འགྲན་ཁྲོད་དམངས་གཙོ་ཚོགས་པའི་ཨ་རིའི་རྒྱལ་དོན་དྲུང་ཆེ་ཟུར་བ་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་ (Hillary Clinton)དང་། ཨ་རིའི་ཤར་རྒྱུད་མངའ་སྡེ་མ་རེ་ལན་ཌའི་ (Maryland) སྤྱི་ཁྱབ་བློན་ཆེན་མར་ཊེན་ཨོ་མ་ལའེ་ (Martin O’Malley)། བྱང་ཤར་རྒྱུད་ཀྱི་བིར་མོན་ཊི་ (Vermont) མངའ་སྡེའི་གྲོས་ཚོགས་འཐུས་མི་གཞོན་པ་སྐུ་ཞབས་བྷིར་ནེ་སན་ཌིར་སི་ (Bernie Sanders)བཅས་ ༣ ཡོད་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་གཞིར་ཨ་རིའི་ལྷོ་ཤར་མངའ་སྡེ་ཧྥི་ལོ་རེ་ཌའི་ (Florida) སྤྱི་ཁྱབ་བློན་ཆེན་ཇེབ་བྷུ་ཤཱི་ (Jeb Bush)དང་། ཨ་རིའི་ཀླད་ཁམས་གཤག་བཅོས་སྨན་པ་ཆེན་མོ་སྐུ་ཞབས་བྷིན་ཁར་སོན་ (Ben Carson)། ཨ་རིའི་བྱང་ཤར་མངའ་སྡེ་ནེའུ་ཇིར་སའེ་ (New Jersey) ཡི་སྤྱི་ཁྱབ་བློན་ཆེན་ཆ་རེ་སི་ཆ་རེ་སི་ཊེ་ (Chris Christie)། ལྷོ་རྒྱུད་ཀྱི་ཊ་ཁི་སི་ (Texas) མངའ་སྡེའི་གྲོས་ཚོགས་འཐུས་མི་གཞོན་པ་སྐུ་ཞབས་ཊི་ཌ་ཁ་རུ་ཙ་ (Ted Cruz)། ཨ་རིའི་འཕྲུལ་ལས་རིག་པའི་འགན་འཛིན་ཟུར་བ་ལྕམ་ཁར་ལེ་ཧྥའོ་རེ་ན་ (Carly Fiorina)། ལྷོ་ཤར་མངའ་སྡེ་བེར་ཇེ་ནེ་ཡའི་ (Virginia) སྤྱི་ཁྱབ་བློན་ཆེན་ཟུར་བ་སྐུ་ཞབས་ཇེམ་གྷེལ་མོར་ (Jim Gilmore)། ལྷོ་ཤར་མངའ་སྡེ་ཨར་ཁན་ས་སིའི་(Arkansas) སྤྱི་ཁྱབ་བློན་ཆེན་ཟུར་བ་སྐུ་ཞབས་མེ་ཁི་ཧུག་ཀ་བྷེ་ (Mike Huckabee)། ཨ་རིའི་དཀྱིལ་ནུབ་མངའ་སྡེ་ཨོ་ཧ་ཡོའི་ (Ohio) སྤྱི་ཁྱབ་བློན་ཆེན་ལས་ཐོག་སྐུ་ཞབས་ཨོ་ཧན་ཀ་སི་ཆ་ (ohn Kasich)། ཨ་རའི་གྲོས་ཚོགས་འཐུས་མི་ཟུར་བ་སྐུ་ཞབས་རན་ཌི་ཕུལ་ (Rand Paul)། ལྷོ་ཤར་གྱི་ཧྥི་ལོ་རེ་ཌ་ (Florida) མངའ་སྡེའི་གྲོས་ཚོགས་འཐུས་མི་གཞོན་པ་སྐུ་ཞབས་མར་ཁོ་རུ་བྷེའོ་ (Marco Rubio)། སྤྱི་མཐུན་ཚོགས་པའི་སྲིད་དོན་པ་སྐུ་ཞབས་རེ་ཁི་སན་ཊོར་རུམ་ (Rick Santorum)། ཨ་རིའི་འབྱོར་ལྡན་པ་ཆེན་མོ་སྐུ་ཞབས་ཌོ་ནལ་ཌི་ཇེ་ཊི་རུམ་ཕུ་ (Donald J. Trump)། བྱང་ཤར་མངའ་སྡེ་མ་ས་ཆུ་སི་ཊེ་སིའི་ (Massachusetts) སྤྱི་ཁྱབ་བློན་ཆེན་ཟུར་བ་སྐུ་ཞབས་ (Mitt Romney)སོགས་ ༡༡ འདུག

ཨ་རིའི་རྒྱལ་ཁབ་དེ་མངའ་སྡེ་ ༥༠ ཡིས་གྲུབ་ཅིང་། གྲོས་ཚོགས་གོང་འོག་གཉིས་ཡོད་པ་ལས་གྲོས་ཚོགས་གོང་མར་མངའ་སྡེ་རེ་ནས་འཐུས་ ༢ རེ་ཡོང་གི་ཡོད་སྟབས་ཁྱོན་གྲོས་ཚོགས་འཐུས་མི་ ༡༠༠ ཡོད་པ་དང་། གྲོས་ཚོགས་འོག་མའི་ནང་འཐུས་མི་ ༤༣༥ ཡོད་ཅིང་། དེ་དག་ནི་འོས་བསྡུའི་ས་ཁོངས་ ༤༣༥ ལ་བསྒོས་ཏེ་ས་ཁོངས་རེ་ནས་འོས་མི་གཅིག་རེ་འདེམས་བཞིན་ཡོད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༡༥ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡༨ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 1

  1. གཅན བཟོད་རྒྱམ། says:
    ལོ་ 10 སྔོན།

    གསར་འགྱུར་འཐུས་ཚང་དང་གོ་བདེ་སྙིང་བསྡུས་བྲིས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese