མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་ལོར་བོད་ནས་རྒྱ་གར་དུ་ཡོང་མཁན་ ༨༧ བྱུང་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༥ ལོར་བོད་ནས་སྣེ་ལེན་ཁང་དུ་ཁྱོན་མི་གྲངས་ ༨༧ ཙམ་འབྱོར་ཡོད་ཅིང་། མང་ཆེ་བ་མདོ་སྟོད་སྨད་གཉིས་ནས་ཡིན་འདུག དབུས་སྣེ་ལེན་ཁང་ནས་ལམ་གྲོན་དང་གྱོན་གོས་བླངས་ཏེ་ཕྱིར་བོད་དུ་ལོག་རྒྱུ་ཡིན་ཟེར་མཁན་ ༡༣ བྱུང་ཡོད་འདུག

IMG_4426འདི་གའི་གསར་འགོད་པས་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་ལ་རྒྱུས་ལོན་བྱས་པ་ལྟར་ན། ༢༠༡༥ ལོར་བོད་ནས་བལ་ཡུལ་སྣེ་ལེན་འབྲེལ་མཐུད་ཁང་བརྒྱུད་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་མཁན་ ༨༧ ཙམ་འབྱོར་ཡོད་པ་དང་། དེའི་ནང་ནས་དགོན་སྡེ་ཁག་ཏུ་འགྲོ་མཁན་གྲྭ་བཙུན་ ༣༨ དང་། སློབ་གྲྭ་ཁག་ཏུ་འགྲོ་མཁན་ ༢༨། དྷ་ས་སོགས་སུ་རང་དགར་སྡོད་མཁན་ ༦ ཙམ་བྱུང་ཡོད་འདུག

སྣེ་ལེན་ཁང་གི་མཐུན་འགྱུར་འོག་བོད་ནས་ཡོང་མཁན་ཚང་མར་སྨན་ཁང་ནས་ཁྲག་དང་གཅིན་པ་སོགས་གཟུགས་པོ་ཡོངས་སུ་བརྟག་དཔྱད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ལོར་མཆིན་པའི་གཉན་ཚད་ཅན་གྱི་ནད་པ་ ༡༥ བྱུང་ཡོད་ཀྱང་ ༢༠༡༥  ལོར་ན་ཚ་ཚབས་ཆེན་དེ་རིགས་ཡོད་མཁན་གཅིག་ཀྱང་བྱུང་མི་འདུག

དབུས་སྣེ་ལེན་ཁང་གི་འབྱོར་ཐོའི་རོབ་རྩིས་ལྟར་ན། ༢༠༡༠ ལོར་བོད་ནས་སེར་སྐྱ་ཁྱོན་ ༧༧༠ བསླེབས་ཡོད་པ་དང་། ༢༠༡༡ ལོར་ ༧༥༣། ༢༠༡༢ ལོར་ ༧༥༦། ༢༠༡༣ ལོར་ ༡༥༠། ༢༠༡༤ ལོར་ ༡༢༠ སྐྱབས་བཅོལ་དུ་འབྱོར་ཡོད་འདུག

༢༠༠༣ ལོའི་ཚུན་དུ་བོད་ནས་ཡོང་མཁན་མང་ཤོས་དེ་ ༢༠༠༥ ལོ་ཆགས་ཡོད་པ་དང་། ལོ་དེར་བོད་མི་ ༣༡༢༩ ཙམ་བལ་ཡུལ་སྣེ་ལེན་འབྲེལ་མཐུད་ཁང་བརྒྱུད་རྒྱ་གར་ནང་འབྱོར་ཡོད་འདུག

 གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧

མཆན། 4

  1. གཡང་སྐྱིད་ལྷ་མོ། says:
    ལོ་ 10 སྔོན།

    ལོ་རེ་ནས་ལོ་རེར་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་ནས་ཇེ་ཉུང་རེད། ཁ་སང་དེ་རིང་ཕྱི་རྒྱལ་དང་བོད་ནང་དུ་ལོག་མཁན་ཇེ་མང་དུ་འགྲོ་བཞིན་འདུག
    ངོ་མ་བློ་འཚབ་སྐྱེས་ནི་ཞིག་རེད།

    Reply
  2. བཀྲ་ཤིས་ says:
    ལོ་ 10 སྔོན།

    འདས་ལོར་བོད་ནས་རྒྱ་གར་དུ་ཡོང་མཁན་ ༨༧ བྱུང་འདུག
    དབུས་སྣེ་ལེན་ཁང་གི་འབྱོར་ཐོའི་རོབ་རྩིས་ལྟར་ན། ༢༠༡༠ ལོར་བོད་ནས་སེར་སྐྱ་ཁྱོན་ ༧༧༠ བསླེབས་ཡོད་པ་དང་། ༢༠༡༡ ལོར་ ༧༥༣། ༢༠༡༢ ལོར་ ༧༥༦། ༢༠༡༣ ལོར་ ༡༥༠། ༢༠༡༤ ལོར་ ༡༢༠ ། ༢༠༡༥ ལོར་ ༡༢༠ བཅས་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཡོད་འདུག
    ༨༧ ༡༢༠ གྲངས་འདི་གཉིས་

    Reply
  3. གཅན བཟོད་རྒྱམ། says:
    ལོ་ 10 སྔོན།

    ཉིས་སྟོང་༡༥ ལོར་རྒྱ་གར་ནས་བོད་དུ་ལོག་འགྲོ་མཁན་༨༠༠ ལྷག་གི་མིང་ཐོ་ཉིན་འགའི་སྔོན་དུ་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་སྒོར་སྦྱར་འདུག་ཟེར། ད་དུང་མི་གྲངས་དེ་ལས་མང་པའི་མིང་གཞུང་ཟླ་འདིའི་ཟླ་མཇུག་ལ་ཐོན་གི་རེད་ཟེར། ད་གཟིགས་དང་། ཡར་ཡོང་མཁན་ནས་མར་ལོག་འགྲོ་མཁན་མང་པོ་འདུག མ་འོངས་པའི་ལོ་བཅུའི་ནང་ལ་རྒྱ་བལ་འབྲུག་གསུམ་ནང་གི་བོ་མི་བཙན་བྱོལ་བའི་གྲངས་ཀ་དེ་གང་འདྲ་ཞིག་མར་ཆགས་ས་རེད།

    Reply
    • མཐོ་སྒང་རུས་པ། says:
      ལོ་ 10 སྔོན།

      བཙན་བྱོལ་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་ནས། སྲིད་སྐྱོང་མ་བཞེངས་གོང་གསར་འབྱོར་བ་འགྲོ་ས་བསྡོད་ས་མེད་མཁན་ཚོའི་དཀའ་ངལ་བསེལ་རྒྱུ་ལས་དོན་གལ་ཆེ་ཞིག་ལ་གསུངས་ཡོད་ན་ཡང་། གསར་འབྱོར་བའི་གནས་བབས་སྔར་བཞིན་རེད་ལ། ཁོང་ཚོའི་དཀའ་སྡུག་ལ་གདོང་ལེན་གང་ཡང་མ་བྱས་སྟབས་གསར་འབྱོར་བ་ཚོ་ལྟོ་གོས་དང་། བསྡོད་གནས་སོགས་གང་སྤ༷ྱིའི་ཐད་དཀའ་ངལ་ཆེན་པོ་ཡོད་དང་འུ་ཐུག་ནས་རང་ཡུལ་ལོག་འགྲོ་ཡི་ཡོད་པ་རེད། ད་དེ་ཚོའི་ཐད་གཞུང་ཞབས་པས་ཐུགས་སྣང་ཞིག་གནང་ན་ངོ་མ་ཡག་གི

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese