མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅང་ཙི་མེན་ཁྲིམས་གཏུག་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་དང་ཁོང་ཚོའི་ཁྱིམ་མི་ཁྲི་ ༢༠ ལྷག་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མེན་ཁྲིམས་གཏུག་བྱས།

1601151410532382ཕྱི་ལོ་ ༢༠༡༥ ཟླ་ ༥ པ་ནས་བཟུང་རྒྱ་ནག་སྐམ་ས་གཙོ་བོར་གྱུར་བའི་འཛམ་གླིང་གི་ཡུལ་ལོང་གང་སར་ཡོད་པའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོས། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མེན་གྱིས་རྩ་རླུང་སྒོམ་སྒྲུབ་པ་ཚོར་དྲག་གནོན་དམར་གསོད་བཏང་བའི་ནག་ཉེས་གཏུག་བཤེར་ཡི་གེར་རྒྱབ་སྐྱོར་གྱི་མིང་རྟགས་བསྡུ་རུབ་བྱས་ཡོད་པ་དང་། ད་ལྟའི་བར་རྒྱ་ནག་གི་ཞིང་ཆེན་དང་ས་ཁུལ་ཁག་ ༣༣ ནས་རྒྱབ་སྐྱོར་གྱི་མིང་རྟགས་བསྡུས་ཡོད་པའི་ཁྲོད། རྒྱབ་སྐྱོར་བ་མང་ཤོས་རྒྱ་ནག་ཧུའུ་པེ་ཞིང་ཆེན་ནས་མི་ ༣༢༨༢༦ དང་། ལོ་ལུན་ཞིང་ཆེན་ནས་ ༢༩༢༦༨། ཧྲན་ཏུང་ནས་ ༢༧༧༠༡། ཧའེ་ལུང་ཅང་ནས་ ༡༨༤༠༢། ཅི་ལིན་ནས་ ༡༣༩༨༣། སི་ཁྲོན་ནས་ ༡༢༨༠༡། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ ༢༩ ནས་རྒྱབ་སྐྱོར་གྱི་མིང་རྟགས་ ༢༡༨༩ བཀོད་པ་བཅས་ཁྱོན་མི་གྲངས་ཁྲི་ ༢༠ ལྷག་གི་རྒྱབ་སྐྱོར་མིང་རྟགས་བཀོད་ཡོད་པ་དང་། གཏུག་བཤེར་ཡི་གེ་དེ་རྒྱ་ནག་དབུས་ཆེས་མཐོའི་མི་མང་ཞིབ་བཤེར་ཁང་དུ་སྤྲད་ཡོད་པ་མ་ཟད། ཅང་ཙི་མེན་གྱི་འགྲོ་བ་མིའི་རིགས་ལ་རྒོལ་བའི་གཏུམ་སྤྱོད་ལ་ཆེས་མཐོའི་ཁྲིམས་ཁང་ནས་ཁྲིམས་ཆད་ནན་པོ་གཅོད་དུ་འཇུག་དགོས་པའི་རེ་སྐུལ་བྱས་ཡོད་པ་དང་བསྟུན། རྒྱ་གཞུང་གིས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་མི་སྣར་ཉེས་འཛུགས་དང་ལྷ་ཁང་གི་ཆོས་རྟགས་བཙན་གཏོར་བྱེད་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༦ ལོར་ཅང་ཙི་མེན་ཚོགས་པས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོའི་ནང་ཁྲོལ་གསོན་པོར་བཏོན་པའི་ཡ་ང་བའི་གཏུམ་སྤྱོད་དེ་རྒྱལ་སྤྱིའི་སྒང་ཐོག་མར་ཁྱབ་རྗེས། ཕྱི་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྒེར་ཁག་ཅིག་ནས་རྒྱ་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་ནང་ཁྲོལ་གསོན་འགོག་གི་ཉེས་དོན་ཞིབ་འཇུག་སྙན་ཐོ་ཟེར་བ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་ ༡༠ ཉིན་ཅང་ཙི་མེན་གྱིས་༼༦༡༠ ལས་སྒྲུབ་ཁང༽ཟེར་བ་ཞིག་ཆེད་དུ་བཙུགས་ཏེ། རྒྱལ་ཡོངས་ཀྱི་ཆོས་འཁོར་རྩ་རླུང་ཉམས་ལེན་གནང་མཁན་ཚོར་ཡ་ང་སྙིང་རྗེ་མེད་པར་འཛིན་བཟུང་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་བཏང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༤ ནས་ ༢༠༠༨ ལོའི་བར་དུ་ཉུང་མཐར་རྩ་རླུང་སྒོམ་སྒྲུབ་པ་ ༦༥༠༠༠ ལྷག་གི་ནང་ཁྲོལ་གསོན་པོར་བཏོན་ཡོད་པ་དང་། བྱ་སྤྱོད་དེའི་ནང་སྨན་པ་དང་སྨན་ཞབས་པ་མི་གྲངས་ ༩༥༠༠ ལྷག་མཉམ་ཞུགས་བྱས་ཏེ་ནང་ཁྲོལ་ལྐོག་ཚོང་གི་ཁེ་བཟང་ཆེན་པོ་གཉེར་ཡོད་སྐོར་བརྗོད་ཡོད་པ་རེད།

ཨ་རིའི་རྒྱ་ནག་གནད་དོན་ཉམས་ཞིབ་པ་ཟུར་བ་དང་གསར་འགོད་པ་གྷོ་ཋི་མཱན་(Ethan Gutman)ལགས་ཀྱིས་བརྩམས་པའི་༼བརླགས་ཟིན་པའི་རྒྱ་ནག་གསར་པ༽ཞེས་པའི་དེབ་ནང་། ནང་ཁྲོལ་གསོན་འགོག་གི་གཏུམ་སྤྱོད་དེ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཁོ་ནར་ལག་བསྟར་བྱས་པ་ཞིག་མ་ཡིན་པར་བོད་དང་ཡུ་གུར། ཆོས་ལུགས་འདྲ་མིན་གྱི་མི་སྣ་སོགས་ཀྱི་ཚོགས་སྡེ་ཁག་ནི་རྒྱ་གཞུང་གིས་ནང་ཁྲོལ་གསོན་པོར་འདོན་པའི་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་ཡུལ་ཆགས་ཡོད་སྐོར་ཡོད་འདུག

2013-9-9-minghui-taiwan-gaoxiong-01ཕྱི་ལོ་ ༢༠༡༥ ལོར་འཛམ་གླིང་དབང་པོ་བརྗེ་ལེན་གསོ་རིག་མཐུན་ཚོགས་ཀྱིས། འཛམ་གླིང་གི་དབང་པོ་བརྗེ་ལེན་ཆེད་མཁས་པ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་མི་སྣ་ཚོར་མི་བྱེད་པ་གསུམ་བསྒྲགས་ཡོད་པ་ལས་དང་པོ། རྒྱ་ནག་གི་དབང་པོ་བརྗེ་ལེན་ཚོགས་ཆེན་དང་དེ་འབྲེལ་གྱི་བྱ་འགུལ་ལ་མཉམ་ཞུགས་དང་རྒྱབ་སྐྱོར་མི་བྱེད་པ། གཉིས་པ། རྒྱ་ནག་དང་མཉམ་དུ་དབང་པོ་བརྗེ་ལེན་དང་འབྲེལ་བའི་ཆེད་ལས་གང་ལའང་མཉམ་འབྲེལ་མི་བྱེད་པ། གསུམ་པ། རྒྱ་ནག་གིས་སྲོག་ཁྲིམས་བཅད་པའི་བཙོན་པ་དང་། དེ་བཞིན། ཆོས་ལུགས་དང་རིག་གཞུང་སྲུང་སྐྱོབ་ཆེད་ནག་ཉེས་ཕོག་པའི་བཙོན་པ་ཚོའི་ནང་ཁྲོལ་གསོན་པོར་འདོན་པའི་གཏུམ་སྤྱོད་རིགས་ཤེས་རྟོགས་བྱུང་ཚེ། སྣང་མེད་དུ་མི་འཇོག་པར་འཛམ་གླིང་དབང་པོ་བརྗེ་ལེན་གསོ་རིག་མཐུན་ཚོགས་དང་འཛམ་གླིང་གསོ་རིག་ལྷན་ཚོགས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་བཅས་ལ་ཡར་ཞུ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༢ པའི་ནང་འཛམ་གླིང་དབང་པོ་བརྗེ་ལེན་གསོ་རིག་མཐུན་ཚོགས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཡོངས་ཁྱབ་ཀྱི་སྙན་ཞུ་བསྐུར་ཏེ། རྒྱ་ནག་སྐམ་ས་ཆེན་པོའི་ནང་དབང་པོ་བརྗེ་ལེན་ཚོང་རའི་ལྐོག་ཟ་རུལ་སུངས་དང་། བག་མེད་ལོངས་སྤྱོད་ཀྱི་གཏུམ་སྤྱོད་ལ་བསྒྱུར་བཅོས་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། སྙན་ཞུའི་ནང་འཛམ་གླིང་ཐོག་རྒྱ་ནག་ནི་སྲོག་ཁྲིམས་བཅད་པའི་བཙོན་པའི་དབང་པོ་དང་ནང་ཁྲོལ་བེད་སྤྱོད་གཏོང་མཁན་ཤུགས་ཆེ་ཤོས་དེ་ཆགས་ཡོད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༠ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese