མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རིགས་རྒྱུད་ཆད་ཁུངས་རྒྱ་གར་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གནད་དོན་འདི་བོད་དང་རྒྱ་གར་གཉིས་ཀའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས་ང་ཚོས་བོད་དོན་བདེན་མཐའ་མ་གསལ་བར་དུ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

IMG_4577དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ སྟེང་། གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། རྒྱ་གར་བྱང་ཤར་ཧི་མ་ཅལ་ཁུལ་གྱི་སློབ་ཕྲུག་སྐོར་ཞིག་གིས་བོད་པར་རྒྱུས་ལོན་བྱས་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་མཆོག་དང་བོད་མི་མང་སྤྱི་འཐུས་ཨ་ཅར་ཡ་ཡེ་ཤེས་ཕུན་ཚོགས་ལགས། དེ་བཞིན། རྒྱ་གར་བྱང་ཤར་ཧི་མ་ཅལ་གྱི་མཐོ་སློབ་ཁག་ནས་ཕེབས་པའི་སློབ་ཕྲུག་ཕོ་མོ་ ༣༠ ལྷག་བཅས་ལྷན་ཞུགས་གནང་སོང་།

ཕྱི་དྲིལ་དྲུང་ཆེ་མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་རིག་གནས། བོད་ཀྱི་ཁོར་ཡུག ལྷག་པར་དུ་བོད་རྒྱའི་མཐའ་མཚམས་ཁག་གི་འབྲེལ་བ་སོགས་ནི་བོད་དང་རྒྱ་གར་མི་རིགས་གཉིས་ཀྱི་གནའ་དེང་གི་བྱུང་རབས་ལོ་རྒྱུས་ཁྲོད་དུ་གལ་གནད་ཆེན་པོ་ཡིན་པ་དང་། བོད་རྒྱལ་ཁབ་ཤོར་བའི་སྔ་རྗེས་ཀྱི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་ཞུས་སོང་།

སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། བོད་རྒྱ་གཉིས་བར་གདོད་མ་ནས་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་དང་། གནའ་བོའི་རྒྱ་གར་མི་རིགས་ཕན་ཌ་བ་སི་ (Pandavas) དང་། ཀུ་ར་བ་སི་ (Kauravas) གཉིས་བར་དམག་འཁྲུག་བྱུང་སྟེ་ཀུ་ར་བ་སི་ཕམ་ནས་བོད་དུ་བྱོལ་པ་ལས་བོད་ཀྱི་མི་རྒྱུད་ཅིག་བྱུང་བའི་ལོ་རྒྱུས་ཡོད་པ། ཡང་བོད་ཀྱི་རིགས་རྒྱུད་གཞན་ཞིག་ནི་སྤྲེའུ་བྱང་ཆུབས་སེམས་དཔའ་ཡིན་པའི་ལོ་རྒྱུས་ཀྱང་ཡོད་པ་དང་། བོད་ཀྱི་བཙན་པོ་རིམ་བྱོན་སྐབས་ཀྱི་འབྲེལ་དྲིས་ཐད། བོད་རྒྱལ་གཉའ་ཁྲི་བཙན་པོ་དེ་རྒྱ་གར་གྱི་མ་ཀ་ཊའི་(makata) རིགས་རྒྱུད་དུ་བཤད་སྲོལ་ཡོད། ཅེས་སོགས་བརྗོད་སོང་།

ཨཅརྱ་ཡེ་ཤེས་ཕུ་ཚོགས་ལགས་ཀྱིས་མུ་མཐུད་དུ། བོད་དང་རྒྱ་གར་གཉིས་ལ་མཐའ་མཚམས་ཀྱི་འབྲེལ་བ་དང་ཚོང་ལས་ཀྱི་འབྲེལ་བ། རང་བྱུང་ཁོར་ཡུག་དང་གཙང་ཆུའི་འབྲེལ་བ། ལྷག་པར་དུ་ཆོས་དང་རིག་གཞུང་། སྐད་ཡིག་རིག་གནས་སོགས་ཕྱི་གཏོང་ནང་འདྲེན་གྱི་འབྲེལ་བ་གཏིང་ཟབ་ཡོད་པ་འདི་དག་ཤེས་ཡོང་ན་ད་ལྟའི་བོད་རྒྱལ་ཁབ་ཤོར་བའི་གནས་བབ་འདི་འདྲའི་འོག རྒྱ་གར་གྱིས་ལ་བོད་སྲུང་སྐྱོབ་གནང་དགོས་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་ཡོད་སྐོར་སོགས་བརྗོད་སོང་།

དེའི་རྗེས་ཧི་མ་ཅལ་བྱང་ཤར་ཁུལ་གྱི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ན་གྷ་ཤཱ་ཐ་ཀུར་ (Nagesh Thakur) ལགས་ཀྱིས། ད་ལྟའི་བོད་ཀྱི་རྩ་དོན་འདི་གནད་འགག་ཆེན་པོ་ཆགས་ཡོད་སྟབས། དེ་རིང་སློབ་ཕྲུག་ཚོགས་པའི་གོ་སྐབས་འདི་བརྒྱུད་ནས་ང་ཚོས་བོད་ཀྱི་དངོས་ཡོད་གནས་སྟངས་གང་འཚམ་ཞིག་ཤེས་རྟོགས་བྱུང་བ་དང་། རྒྱ་གར་ཧི་མ་ཅལ་བྱང་ཤར་ཁུལ་དུ་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་གྱི་ཉེན་ཁ་ཆེན་པོ་ཡོད་པ་དང་། རྒྱ་གར་བྱང་ཤར་ཁུལ་ནི་བོད་དང་རྒྱ་གར་གྱི་འབྲེལ་ལམ་གཙོ་བོ་ཞིག་ཆགས་ཡོད་སྟབས། གནད་དོན་འདི་བོད་དང་རྒྱ་གར་གཉིས་ཀར་འབྲེལ་བ་ཆགས་ཡོད་པ་དང་། ད་ལྟའི་བར་ང་ཚོ་སློབ་ཕྲུག་ཚོགས་པའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་མུས་ཡིན་པ་ལྟར། མ་འོངས་པར་ང་ཚོས་མུ་མཐུད་དུ་བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. གཡང་སྐྱིད་ལྷ་མོ། says:
    ལོ་ 10 སྔོན།

    བོད་ཀྱི་རིགས་རྒྱུད་ཆད་ཁུངས་རྒྱ་གར་ཡིན་ན་ར་ཐང་དེ་ལ་གསལ་བོ་བཤད་རྒྱུ་མེད།གང་ལྟར་ང་རང་ཚོ་བསྡད་སའི་ཧི་མ་ཅལ་མངའ་སྡེ་རྡ་རམ་ས་ལའི་གྲོང་གསེབ་ཁག་ནང་གཉེན་སྟོན་བྱེད་སྟངས་དང་ང་ཚོ་བོད་ནང་གི་གཉེན་སྟོན་བྱེད་སྟངས་ཐད་ཧ་ཅང་འདྲ་བའི་ཆ་མང་པོ་འདུག

    Reply
  2. རླུང་ཐོག། says:
    ལོ་ 10 སྔོན།

    འོ་རེད།

    Reply
  3. དགེ་ལེགས། says:
    ལོ་ 10 སྔོན།

    གསར་འགྱུར་གྱི་ཁ་བྱང་དང་ནང་དོན་གཉིས་ལ་ཁྱད་པར་ཆེ་ཙམ་འདུག འདི་ནང་དུ་སུས་ཀྱང་བོད་ཀྱི་རིགས་རྒྱུད་ཆད་ཁུངས་རྒྱ་གར་ཡིན་ཞེས་བཤད་མི་འདུག ལོ་རྒྱུས་དེ་འདྲ་ཞིག་དང་དེ་མ་ཡིན་པར་བོད་རང་ས་ནས་བྱུང་བའི་ལོ་རྒྱུས་ཤིག་ཀྱང་ཡོད་པ་གཉིས་ཆ་དྲངས་འདུག ཁ་བྱང་འགོད་སྟངས་དེ་མི་ཚོའི་དང་བ་འདྲེན་ཆེད་ཡིན་ན་ནི་ཅིས་ཀྱང་ས་མཚམས་དང་ཚད་ལས་བརྒལ་འདུག་ཞེས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese