མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲངས་ཉུང་མི་རིགས་ཀྱི་ཁེ་དབང་དོན་གཉེར་བ་ཚོ་དམིགས་འབེན་དུ་བཟུང་།

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་རྒྱ་རིགས་དྲ་ཐོག་གསང་ཉུལ་བ་ཚོས་བོད་རིགས་དང་ཡུ་གུར་མི་རིགས་ཀྱི་ཁེ་དབང་རྩོད་ལེན་གནང་མཁན་ཚོ་དམིགས་འབེན་དུ་བཟུང་ཡོད་འདུག

cyberspy-100612672-largeདབྱིན་ཇིའི་གློག་ཀླད་ཤེས་བྱའི་དུས་དེབ་ (pcworld) ཅེས་པའི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་ཨ་རིའི་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡའི་དྲ་ལམ་བདེ་སྲུང་ལས་གཉེར་ཁང་ (Palo Alto Network) གིས་ཟླ་བ་ ༧ རིང་གི་ཞིབ་འཇུག་སྙན་ཐོའི་ནང་། རྒྱ་རིགས་དྲ་ཐོག་གསང་ཉུལ་ཚོགས་པ་ཞིག་གིས་འདས་པའི་ལོ་ངོ་གཅིག་རིང་བོད་དང་ཡུ་གུར་མི་རིགས་ཀྱི་ཁེ་དབང་དོན་གཉེར་བ་ཚོ་དམིགས་འབེན་དུ་བཟུང་སྟེ། དྲ་མིང་ལ་སི་ཁར་ལི་ཊི་མེ་མེ་ཁི་ (Scarlet Mimic) ཞེས་པ་ཞིག་སྤྱད་ནས་མི་སྒེར་གྱི་གནས་ཚུལ་མང་པོ་སྐུ་འཁྱེར་བྱེད་བཞིན་ཡོད་པ་དངོས་འབྲེལ་ཡིན་སྐོར་བརྗོད་འདུག

དྲ་ལམ་བདེ་སྲུང་ལས་གཉེར་ཁང་དེའི་གསང་བའི་གནས་ཚུལ་རྟོག་ཞིབ་ཚན་པའི་འགན་འཛིན་ར་ཡན་ཨོལ་སོན་ (Ryan Olson) ཞུ་བ་ཞིག་གིས། ང་ཚོས་ཤེས་རྟོགས་ཟིན་པའི་རྒྱ་རིགས་དྲ་ཐོག་གསང་ཉུལ་ཚོགས་པ་དེས་ཡུ་གུར་དང་བོད་མིའི་ཁེ་དབང་དོན་གཉེར་བ་དང་། རྒྱ་ནང་གི་ཁྲིམས་རྩོད་པ་ཚོ་དམིགས་འབེན་དུ་བཟུང་འདུག དྲ་ཐོག་གསང་ཉུལ་བ་དེ་ཚོ་ཕན་ཚུན་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་དང་། ཁོ་ཚོ་ཚང་མ་ཚོགས་ཁག་གཅིག་གི་མི་རེད་འདུག ཁོ་ཚོས་ཕན་ཚུན་ལ་གསང་བའི་གནས་ཚུལ་སྐུ་འཁྱེར་བྱེད་སྟངས་ཀྱི་རྒྱུ་ཆ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་གཞན་གྱི་དྲ་ཚིགས་དང་གློག་ཀླད་ནང་ལྐོག་འཛུལ་གྱིས་གནས་ཚུལ་སྐུ་འཁྱེར་བྱེད་པའི་ཡོ་བྱད་གཅིག་པ་གཅིག་རྐྱང་བཀོལ་སྤྱོད་བྱེད་ཀྱི་འདུག ཡོ་བྱད་དེ་དག་སྒྲིག་འཛུགས་གཅིག་གིས་མཁོ་སྤྲོད་གནང་གི་ཡོད་པ་ཧ་ཅང་གསལ་བོ་རེད་ཅེས་བརྗོད་འདུག

ཁོང་གིས་མུ་མཐུད་དུ། ང་ཚོས་ཞིབ་འཇུག་བྱས་པ་ལྟར་ན། དྲ་ཐོག་གསང་ཉུལ་བ་མི་གཉིས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱེད་ཁུལ་གྱིས་དོན་དུ་རྒྱ་ནང་གི་ཁེ་དབང་རྩོད་ལེན་པ་ཚོ་རྗེས་འདེད་གཏོང་གི་འདུག ཁོ་ཚོ་མི་སྒེར་གྱི་དྲ་ཚིགས་དང་གློག་ཀླད་ནང་ལྐོག་འཛུལ་བྱས་ཏེ་གསང་བའི་ཡིག་ཆ་ཁག་ལ་ལྐོག་ལྟ་བྱེད་ཀྱི་འདུག་ཅེས་སོགས་བརྗོད་འདུག

དྲ་ལམ་བདེ་སྲུང་ལས་གཉེར་ཁང་དེས་མི་སྒེར་གྱི་དྲ་ཚིགས་དང་གློག་ཀླད་ནང་ལྐོག་འཛུལ་དང་གནས་ཚུལ་སྐུ་འཁྱེར་བྱེད་མཁན་དྲ་ཐོག་གསང་ཉུལ་ཚོགས་པ་དེ་ཐད་ཀར་རྒྱ་གན་གཞུང་ལ་འབྲེལ་ཡོད་མེད་ད་དུང་གསལ་ཁ་བྱུང་ཐུབ་མེད་ནའང་། ཁོ་ཚོས་དྲ་ལམ་བདེ་སྲུང་ལས་གཉེར་ཁང་གཞན་མང་པོའི་ཞིབ་འཇུག་ཡིག་ཆ་ཁག་གཞིར་བཟུང་ནས་རྒྱ་རིགས་དྲ་ཐོག་གསང་ཉུལ་ཚོགས་པ་དེར་རྟགས་དཔྱད་ཞིབ་འཇུག་གནང་བ་ཞིག་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese