མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེས་མེད་མི་སེར་འཛིན་བཟུང་བྱས་སོང་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་རྒྱ་ནང་དུ་ཉུལ་ཞིབ་བྱས་ཏེ་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་ཉེས་འཛུགས་འོག སྔ་རྗེས་སུ་ཁེ་ན་ཌའི་མི་སེར་གཉིས་འཛིན་བཟུང་དང་བཀག་བསྐྱིལ་བྱས་ཡོད་འདུག

garratt-familyརོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་ཁེ་ན་ཌའི་གཞུང་གིས་ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་དང་བྱང་ཀོ་རི་ཡའི་ས་མཚམས་ནས་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་རྒྱ་ནང་དུ་གནས་སྡོད་མཁན་ཁེ་ན་ཌའི་མི་སེར་གྷ་ར་ཊི་ (Garratt) དང་ཁོང་གི་བཟའ་ཟླ་ཇུ་ལེ་ཡ་ (Julia) གཉིས་ཀྱིས་རྒྱ་ནག་ནང་ཉུལ་ཞིབ་དང་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་ཉེས་འཛུགས་འོག་སྔ་རྗེས་སུ་འཛིན་བཟུང་དང་བཀལ་བསྐྱིལ་བྱས་ཡོད་སྐོར་བརྗོད་འདུག

གྷ་ར་ཊི་བཟའ་ཟླ་གཉིས་ཀྱི་ཁྲིམས་རྩོད་པ་ཇམ་སི་ཙེམ་མིར་མན་ (James Zimmerman) ཟེར་བ་ཞིག་གིས། ད་ལྟའི་ཆར་ཁོས་རྒྱ་ནག་ལྷོ་ཤར་ལཱོ་ཉིན་ཞིང་ཆེན་ (Liao Ning Province) གྱི་ཏན་ཏུང་གྲོང་ཁྱེར་ (Dandong City) མི་དམངས་བཤེར་ཁང་གི་གཞུང་འབྲེལ་ཡིག་ཆར་སྒུག་བསྡད་ཡོད་ལུགས་སོགས་འཁྱོག་བཤད་བྱས་ཡོད་འདུག

ཁེ་ན་ཌའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྥི་རན་ཁཱོ་སི་ལ་ས་ལི་ (Francois Lasalle) ཟེར་བ་ཞིག་གིས། ཁེ་ན་ཌའི་གཞུང་ནས་རྒྱ་ནག་གིས་གྷ་ར་ཊི་ལ་ནག་མེད་ཉེས་འཛུགས་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་ཅིང་། རྒྱ་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་ཡེན་ (Hua Chunying) ཟེར་བས། རྒྱ་ནག་གི་བཅའ་ཁྲིམས་དབང་འཛིན་པ་ཚོས་རྒྱ་ནག་གི་བཅའ་ཁྲིམས་གཞིར་བཟུང་ཐོག གྷ་ར་ཊིའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ལུགས་བརྗོད་འདུག

གནས་ཚུལ་ལྟར་ན། ཁེ་ན་ཌའི་མི་སེར་གྷ་ར་ཊི་དང་ཁོང་གི་ཆུང་མ་ཇུ་ལེ་ཡ་གཉིས་ཀྱིས་ལྷོ་ཀོ་རི་ཡའི་མཐའ་མཚམས་སུ་འཁེལ་བའི་རྒྱ་ནག་ལྷོ་ཤར་ལཱོ་ཉིན་ཞིང་ཆེན་ (Liao Ning Province) གྱི་ཏན་ཏུང་གྲོང་ཁྱེར་ (Dandong City) ནང་མི་མང་གི་དགའ་བསུ་ཡི་རངས་ཐོབ་པའི་འཚིག་ཇ་ཁང་ཞིག་ཕྱེས་ཡོད་པ་དང་། ཁོང་བཟའ་གཉིས་འདས་པའི་ལོ་ ༣༠ རིང་རྒྱ་ནང་དུ་བསྡད་ཡོད་ཅིང་། ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ཟེར་བས། ཁོང་བཟའ་ཟླ་གཉིས་ཀྱིས་རྒྱ་ནང་དུ་ཉུལ་ཞིབ་བྱས་ཏེ་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་ཉེས་འཛུགས་ཐོག འཛིན་བཟུང་དང་བསྐྱིལ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༢ ནང་ཀློད་གྲོལ་བཏང་ཡོད་ནའང་། རེས་གཟའ་སྔོན་མར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་དྲ་ཐོག་གསང་ཉུལ་བ་ཚོས་ཁེ་ན་ཌ་གཞུང་མང་གཉིས་ཀྱི་དྲ་ཚིགས་དང་གློག་ཀླད་མ་ལག་འཕྲུལ་ཆས་ནང་ལྐོག་འཛུལ་བྱས་པའི་གནད་དོན་ལ་སྐྱོན་བརྗོད་གནང་རྗེས། རྒྱ་ནག་གཞུང་གིས་གྷ་ར་ཊི་བཟའ་ཟླ་གཉིས་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་དང་། གནད་དོན་འདི་ལ་བརྟེན་ནས་ཁེ་ན་ཌ་དང་རྒྱ་ནག་གཉིས་བར་དོ་ཕོག་ཆེ་རུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese