མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པར་སློབ་གསོའི་མཐུན་འགྱུར་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

སི་རི་ཡའི་སྐྱབས་བཅོལ་ཕྲུ་གུ་ཐེར་འབུམ་བདུན་ལ་ཤེས་ཡོན་སློབ་གསོ་བསྒྲུབ་པའི་སློབ་གྲྭ་དང་དགེ་རྒན། སློབ་དེབ་སོགས་གང་ཡང་མེད་པའི་དཀའ་སྡུག་འོག་པ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་ལགས་ཀྱིས་ཨ་སྒོར་ས་ཡ་ ༡.༤ རོགས་སྐྱོར་འཚོལ་བཞིན་ཡོད་འདུག

1200x400དེ་རིང་རོའུ་ཊར་གསར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་པ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་ལགས་ཀྱིས། བདུན་ཕྲག་སྔོན་མར་ལོན་ཊོན་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་བགྲོ་གླེང་ཚོགས་ཆེན་སྟེང་། ད་ལོར་སི་རི་ཡའི་སྐྱབས་བཅོལ་ཕྲུ་གུ་ཚོར་སློབ་གསོ་བསྒྲུབ་ཐབས་སུ་ཨ་སྒོར་ཡ་ ༡.༤ མཐུན་འགྱུར་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག

དེ་ཡང་བདུན་ཕྲག་སྔོན་མའི་རེས་གཟའ་མིག་དམར་ཉིན་གྲོང་ཁྱེར་ལོན་ཊོན་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དབྱིན་ཇིའི་དབུས་གཞུང་གི་གཙོས་པའི་འཇར་མན་དང་ནོར་ཝེ། ཁུ་ཝེ་ཊ་སོགས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་གི་སྲིད་བློན་རྣམ་པས་སི་རི་ཡའི་ཟིང་འཁྲུག་ཁྲོད་ཀྱི་རྒྱ་ཆེའི་མི་མང་གི་དཀའ་སྡུག་སེལ་ཐབས་སུ་ཐེབས་རྩ་ཁང་གསར་འཛུགས་གནང་ཕྱོགས་སྐོར་ཡིན་ཞིང་། སྐབས་དེར་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་པ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་ལགས་ཀྱིས། རྒྱལ་སྤྱིའི་དབུ་ཁྲིད་ཚོར་ད་ལོར་སི་རི་ཡའི་སྐྱབས་བཅོལ་བའི་ཕྲུ་གུ་ཚོར་སློབ་གསོ་རག་ཐབས་སུ་ཨ་སྒོར་ས་ཡ་ ༡.༤ རོགས་སྐྱོར་ཡོང་བའི་སྐུལ་འདེད་བཏང་ཡོད་པ་རེད།

པ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་ལགས་ཀྱིས་ཁ་པར་སྐུད་ལམ་གྱི་བཅའ་འདྲི་ཞིག་གི་སྐབས་སུ། ང་རང་སི་རི་ཡའི་སྐྱབས་བཅོལ་ཕྲུ་གུ་མང་པོར་ཐུག་སོང་། ཁོ་ཚོ་ད་དུང་ངའི་སེམས་ན་ཡོད། ངས་ཁོ་ཚོ་བརྗེད་ཐུབ་པ་མི་འདུག ཕྲུ་གུ་དེ་ཚོར་སོ་སོའི་མི་ཚེའི་ནང་སློབ་གསོ་རག་གི་མེད་པ་དེ་འཇིགས་སུ་རུང་བ་ཞིག་རེད། ངས་དེ་རང་དགར་བསྐྱུར་ཐུབ་པ་མི་འདུག ང་ཚོས་ཕྲུ་གུ་དེ་ཚོར་རོགས་སྐྱོར་བྱེད་མུས་ཡིན། ང་ཚོས་ཕྲུ་གུ་དེ་ཚོར་སྲུང་སྐྱོབ་བྱེད་བཞིན་ཡོད། ཁོ་ཚོ་དཀག་སྡུག་གི་གནས་བབ་འོག་བསྐྱུར་མེད། དེང་སྐབས་ཁོ་ཚོར་སློབ་གྲྭ་དགོས་ཀྱི་འདུག ཁོ་ཚོར་སློབ་དེབ་དགོས་ཀྱི་འདུག ཁོ་ཚོར་དགེ་རྒན་དགོས་ཀྱི་འདུག ཐབས་ལམ་འདི་བརྒྱུད་ནས་ང་ཚོས་སི་རི་ཡའི་མ་འོངས་པ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་དང་། ཁོང་མོས་སི་རི་ཡའི་སྐྱབས་བཅོལ་བུ་མོ་ཆུང་ཆུང་ཁྲིད་ཡོང་སྟེ། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བུ་མོ་འདིའི་སྐད་ཆར་ཉོན་དང་། ཁོ་མོའི་དངོས་འབྲེལ་གཏམ་རྒྱུད་དེ་མི་སེམས་འགུལ་བ་ཞིག་རེད། བུ་མོ་འདིས་རྒྱལ་སྤྱིའི་དབུ་ཁྲིད་ཚོར། སི་རི་ཡའི་ཕྲུ་གུ་ཚོར་ཤེས་ཡོན་སློབ་གསོ་རག་པའི་ཁེ་དབང་ཡོད་དུས། ཁྱེད་རྣམས་པས་གནད་དོན་འདི་རྒྱ་ཡན་དུ་མི་གཏོང་བའི་རེ་སྐུལ་ཞུ་རྒྱུ་རེད། ཅེས་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། ད་ལོར་ལོ་ན་ ༡༨ ལ་སོན་པའི་པ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་ལགས་ནི་སྤྱིར་དབྱིན་ཡུལ་དུ་གནས་སྡོད་བྱེད་མུས་ཡིན་ནའང་། ཁོ་མོའི་ཆུ་ཚོད་དང་ནུས་སྟོབས་ཡོད་ཚད་ཇོར་ཌན་དང་ལི་བྷ་ནོན། དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་ཡོད་པའི་སི་རི་ཡའི་སྐྱབས་བཅོལ་ཕྲུ་གུ་ཚོར་སློབ་གསོ་བསྒྲུབ་ཐབས་སུ་གཏོང་གི་ཡོད་པ་དང་། དེ་ཡང་མཱ་ལཱ་ལཱ་ཐེབས་རྩ་ཁང་ (Malala Fund) གིས་སྙན་ཐོ་ཞིག་བཏོན་པའི་ནང་། ཇོར་ཌན་ (Jordan) དང་ལི་བྷ་ནོན་ (Lebanon)། དེ་བཞིན་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་ (Middle Eastern countries) ཏུ་སི་རི་ཡའི་སྐྱབས་བཅོལ་ཕྲུ་གུ་འབུམ་ ༧ ཙམ་ཡོད་པ་ཚང་མར་ཤེས་ཡོན་སློབ་གསོ་རག་གི་མེད་སྟབས། མཱ་ལཱ་ལཱ་ཐེབས་རྩ་ཁང་གིས་བྱིས་པའི་སློབ་གསོ་བསྒྲུབ་བའི་བྱ་འགུལ་སྤེལ་བཞིན་ཡོད་འདུག

གཞན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ད་ལོར་སི་རི་ཡའི་ཕྱི་སྡོད་སྐྱབས་བཅོལ་རོགས་དངུལ་ཨ་སྒོར་ཐེར་འབུམ་ ༧.༧༣ དང་སི་རི་ཡའི་རྒྱལ་ནང་གི་དཀའ་རྙོག་སེལ་ཐབས་སུ་ཨ་སྒོར་ཐེར་འབུམ་ ༡.༢ ལྷག་གཏོང་གི་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

༢༠༢༦/༠༥/༢༦
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese