མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ས་གནས་གཞོན་ནུའི་རྒྱུན་ལས་གསར་འདེམས།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

 

གཟའ་ཉི་མའི་ཉིན་ཨ་རིའི་ནེའུ་ཡོག་དང་ནུའི་ཇིར་སི་ས་གནས་བོད་ཀྱ་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་ ༡༤ པའི་རྒྱུན་ལས་གསར་འདེམས་གནང་སྟེ་རྒྱུན་རིང་གི་རྙོག་གླེང་འགྲིག་འཇགས་བྱུང་ཡོད་འདུག

 

1
(ས་གནས་གཞོན་ནུའི་རྒྱུན་ལས་གསར་རྙིང་གཉིས་དང་དབུས་གཞོན་ནུའི་ཚོཊ་གཙོ་དང་དྲུང་ཆེ།)

ཟླ་སྔོན་མའི་ཚེས་ ༣༡ ཉིན། ཨ་རིའི་ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་བོད་མིའི་ཚོགས་ཁང་ཕུན་ཚོགས་བདེ་བཞིའི་ནང་། ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ནུའི་རྒྱུན་ལས་གསར་འདེམས་གནང་ཡོད་ཅིང་། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་རྒྱུན་ལས་ཟུར་བ་རྣམ་རྒྱལ་ཤཱསྚི་རྣམ་གཉིས་ཀྱིས་སྣེ་འཁྲིད་གནང་ཡོད་པ་དང་། གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་དག་ལས་ཚོགས་གཙོ་བསྟན་འཛིན་སྐལ་ལྡན་ལགས་དང་ཚོགས་གཞོན་ཚེ་རིང་དཔལ་ལྡན་ལགས། དྲུང་ཆེ་སྒྲོལ་མ་ཆོས་འཕེལ་བཅས་བསྐོ་བཞག་གནང་ཡོད་འདུག

 

ཐེངས་འདིའི་ཚོགས་འདུའི་སྟེང་། དྷ་རམ་ས་ལའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ། ས་གནས་གཞོན་ནུའི་རྒྱུན་ལས་རྣམ་པ། དེ་བཞིན། ས་གནས་མི་མང་ ༦༠༠ ལྷག་འཛོམས་ཡོད་པ་ལས་མི་ ༥༨༧ གྱིས་དངོས་སུ་འོས་ཕངས་ཡོད་འདུག

 

རྒྱུན་ལས་གསར་པ་འོས་འདེམས་རྗེས་ལ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས། ད་རེབ་ཚེས་ ༢༦ ཉིན་ང་ཚོས་ནང་མོལ་གནང་སྟེ་འགྲིག་འཇགས་བྱུང་སྐབས། ས་གནས་གཞོན་ནུའི་རྒྱུན་ལས་ཚོས་དགོས་འདུན་གལ་ཆེན་པོ་ཞིག་བཏོན་ཡོད་པ་དེ་ནི། འབྱུང་འགྱུར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་། སྒྲིག་གཞི་བསྐྱར་བཅོས་སུ་ཚོགས་ཆུང་ཞིག་བཙུགས་ཏེ། གཞོན་ནུའི་སྒྲིག་གཞི་བསྒྱུར་བཅོས་ཀྱི་ལས་རིམ་འགྲོ་དགོས་པ་དང་། དེ་བཞིན། ཚོགས་ཆེན་དེའི་སྟེང་རྒྱ་གར་ལྷོ་ཕྱོགས་ཀྱི་གཞོན་ནུའི་ས་གནས་བརྒྱད་ཀྱང་མཉམ་ཞུགས་གནང་དགོས་པ་བཅས་ཀྱི་དགོས་འདུན་བཏོན་ཡོད་སྐོར་གསུངས་སོང་།

 

2ཐེངས་འདིར་གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་དག་གི་འོས་གྲངས་ནི། ཚེ་རིང་དཔལ་ལྡན་ལགས་སུ་འོས་གྲངས་ ༤༠༤ དང་བསྟན་འཛིན་སྐལ་ལྡན་ལགས་སུ་འོས་ ༤༠༡ ། སྒྲོལ་མ་ཆོས་འཕེལ་ལགས་སུ་འོས་ ༣༨༨ ། པད་མ་དར་འཕེལ་གླིང་ལགས་སུ་འོས་ ༣༥༩ ། འཆི་མེད་ཚེ་རིང་ལགས་སུ་འོས་ ༣༥༥ ། ཚེ་དབང་བདེ་ཆེན་ལགས་སུ་འོས་ ༣༢༥ ། སྐལ་བཟང་ཕུན་ཚོགས་ལགས་སུ་འོས་ ༢༨༤ ། ངག་དབང་རིགས་འཛིན་ལགས་སུ་འོས་ ༢༨༣ ། བདེ་ཆེན་རྡོ་རྗེ་ལགས་སུ་འོས་ ༢༥༩ ། ཀརྨ་རྒྱ་མཚོ་ལགས་སུ་འོས་ ༢༥༧ བཅས་ཐོབ་ཡོད་འདུག

 

འདས་ལོའི་ཕྱི་ཟླ་ ༧ པའི་ནང་། ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་དབུས་གཞོན་ནུར་དོན་ཚན་ ༣ ཅན་གྱི་ཡི་གེ་ཞིག་བཏང་བའི་ནང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དོན་ཚན་དང་པོའི་ནང་༧གོང་ས་མཆོག་གི་བཀའ་དགོངས་འོག་ཤར་སྐྱོད་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་དོན་ཚན་བཞི་པའི་ནང་རང་བཙན་རྩོད་རྒྱུ་ཡིན་ཞེས་འཁོད་ཡོད་པ་གཉིས་ནང་འགལ་ཆགས་ཡོད་སྟབས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་བར་དབུས་ལ་འབྲེལ་བ་ཞུ་རྒྱུ་མིན་སྐོར་འཁོད་ཡོད།

 

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ནུ་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད། ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་ནེའུ་ཡོག་ས་གནས་གཞོན་ནུའི་རྒྱུན་ལས་རྣམ་པས་མི་མིང་བསྡུ་སྐོང་གནང་སྟེ་འོས་བསྡུ་གནང་སྐབས་བརྒྱ་ཆ་ ༩༥ ལྷག་གིས་ས་གནས་གཞོན་ནུ་སྒོ་མི་རྒྱག་པར་རྒྱུན་ལས་ཚོས་མི་མཐུད་ལས་འགན་འཁུར་དགོས་པའི་བསམ་ཚུལ་བྱུང་ཡོད། ཟླ་སྔོན་མའི་ཚེས་ ༢༦ ཉིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་མགོ་ཁྲིད་དེ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན། ནེའུ་ཡོག་ས་གནས་གཞོན་ནུའི་རྒྱུན་ལས་རྣམ་པ་བཅས་ནང་མོལ་གནང་སྟེ་འགྲིག་འཇགས་བྱུང་ཤིང་ཚེས་ ༣༡ ཉིན་སླར་ཡང་སྐབས་ ༡༤ པའི་ས་གནས་གཞོན་ནུའི་རྒྱུན་ལས་གསར་འདེམས་གནང་རྒྱུའི་ཐག་གཅོད་དེ་བྱུང་ཡོད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist