མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུ། ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་ཉེན་ཁ་ཆེ་ཤོས་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ནེའུ་ཡོག་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ། སོག་ཚང་བློ་བྷེས་བསྒྱུར།

 

ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུ་རྒྱལ་ཁབ་ནི་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཀྱི་ཐོ་གཞུང་ནང་བཅུག་པ་དང་འབྲེལ། དབུས་ཤར་ཡུ་རོབ་ཀྱི་བྱང་ཆིངས་(Nato) སྒྲིག་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ཁག་གི་ནང་། དམག་འཐབ་མཚོན་ཆ་གལ་ཆེན་རིགས་དང་ཁྲབ་ལྡན་འཕྲུལ་འཁོར་སྣ་ཚོགས། དམག་དཔུང་བཅས་རེས་མོས་སུ་འགྲེམ་འཇོག་ཤུགས་ཆེ་རུ་གཏོང་འཆར་ཡོད།

 

བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨ་ཤེ་ཁྲོན་ཁཱ་དྲེར་༼Ashton་Carter༽གྱིས་གཏམ་བཤད་སྐབས། ཨ་མི་རི་ཁའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་རྒྱལ་ཁབ་ཁག་ཅིག་གི་མིང་གཞུང་བཏོན་པའི་ནང་། རྒྱ་ནག་དང་བྱང་ཀོ་རི་ཡ། ཨཱེ་རན་བཅས་ཚུད་ཡོད་པ་མ་ཟད། མཐའ་བསྡོམས་དུ་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གཅོག་རྒྱུ་ཡང་འཁོད་ཡོད་ནའང་ཁོང་གི་དམིགས་འབེན་གཙོ་བོ་ཨུ་རུ་སུ་རེད།

 

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཡིས་ཨུ་རུ་སུའི་དྲག་རྒོལ་གྱི་ཉེན་ཁ་འགོག་ཕྱིར་དོན་བཟང་ཞིག་སྒྲུབ་ཀྱིན་ཡོད་མིན་ལ་མ་ལྟོས་པར། ༢༠༡༧ ལོར་ཡུ་རོབ་ནང་དམག་དོན་འགྲོ་གྲོན་དེ་ད་ལྟ་ཨ་སྒོར་ས་ཡ་ ༧༨༩ གཏོང་བཞིན་པ་ལས་ལྡབ་བཞི་འགྱུར་ཏེ། ཨ་སྒོར་ཐེར་འབུམ་ ༣།༤ ཡི་རྩིས་འཆར་སྤར་བར། འགྲོ་སོང་མང་དྲགས་པ་དང་ཁ་ཆེའི་ཆོས་ལྡན་རྒྱལ་ཁམས་ཟེར་བ་ལྟ་བུ། དྲག་སྤྱོད་པའི་སྒྲིག་འཛུགས་དང་ཉེན་ཁ་གཞན་ལའང་སྣང་ཆུང་དང་དོ་སྣང་ཆུང་སྐྱོན་གྱི་དོགས་འདྲི་ཡོང་སྲིད་པ་རེད།

03wed1web-superJumbo

རེད་དེ། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་དབང་བྱུས་འོག་གཞན་ལ་དབང་ཡོད་བྱེད་མཁན་ཞིག་ཏུ་གྱུར་པ་ཡོངས་གྲགས་དང་ངོས་ལེན་མི་བྱེད་ཐབས་མེད་རེད། ཨུ་རུ་སུས་རང་བཙན་ལྡན་པའི་རྒྱལ་མཚམས་རྩིས་མེད་ཀྱིས་ཁཱེ་རེ་མེ་ཡ་རང་ཁོངས་སུ་ཟླ་སྒྲིལ་བཏང་སྟེ། ཡོས་ཁེ་རན་རྒྱལ་ཁབ་ལ་ནང་འཁྲུག་གི་མེ་སྦར་པ། ན་ནིང་ལོར་ཕན་ཚུན་བར་མེ་འཕེན་མཚམས་འཇོག་གི་གསལ་བསྒྲགས་ཙམ་སྤེལ་ཡོད་ནའང་། ད་དུང་ཨུ་རུ་སུའི་དམག་དཔུང་ཤར་ཡོས་ཁེ་རན་དུ་གཏན་སྡོད་ཀྱིས་སྦལ་ཏིཀ་མཚོ་ཁུག་གི་རྒྱལ་ཕྲན་ཁག་ནང་རྒྱ་སྐྱེད་གཏོང་མིན་གྱི་དྲི་བ་སླེབ་ཀྱིན་ཡོད།

 

དེ་མིན་གྱི་བློ་འཚབ་བྱེད་དགོས་པའི་གནད་དོན་ཁག་ཅིག་ནི། ཨུ་རུ་སུས་ཡུ་རོབ་ཀྱི་མཁའ་དབྱིངས་ཆ་ཤས་སུ་འཕུར་མདེལ་འགོག་སྲུང་གི་དྲ་བ་སྣ་ཚོགས་བཟོས་ཏེ། ཕོ་ལན་ཌི་རྒྱལ་ཁབ་ཀྱི་ནམ་མཁའི་གསུམ་ཆ་གཅིག་ཚུད་པའི་མཁའ་ཐོག་ཏུ། བྱང་ཆིངས་དམག་དཔུང་གིས་མཁའ་དབྱིངས་འགུལ་སྐྱོད་ལ་ཉེན་ཁ་འཕྲད་ཀྱིན་ཡོད་པ་དང་། ཕྱོགས་མཚུངས་ཨུ་རུ་སུས་འཕུར་མདེལ་དེ་འདྲ་ཁེ་རེ་མེ་ཡ་དང་སི་རི་ཡའི་ནང་དུའང་བཟོ་བཞིན་པ་མ་ཟད། དེ་གར་ཨུ་རུ་སུ་གཞུང་གིས་ཨཱ་ས་རྡི་གཞུང་གི་ངོ་ཚབ་ཀྱིས་མཁའ་ཐོག་ནས་གཏོར་རྒོལ་རྒྱ་ཇེ་ཆེ་དང་ཇེ་བརྟན་དུ་གཏོང་གི་ཡོད།

 

ཡུ་རོབ་ནང་སི་རི་ཡ་དང་དེ་མིན་གྱི་སྐྱབས་བཅོལ་པ་མཚོ་རླབས་ལྟར་འཕྱུར་བཞིན་པ་དང་། གཡས་ལྷུང་ཆབ་སྲིད་ཚོགས་པ་ཁག་གིས་ཕྱི་མི་གནས་སྤོར་གྱི་ཐོབ་ཐང་ཐད་ངོ་རྒོལ་བྱེད་བཞིན་པ་སོགས་དུས་བབ་དམིགས་བསལ་གྱི་སྐབས་འདིར། ཨུ་རུ་སུའི་འགུལ་སྐྱོད་ལ་བལྟས་ཏེ་ཨ་མི་རི་ཁ་དང་བྱང་ཆིངས་སྒྲིག་འཛུགས་ཀྱིས་མཐུན་ཕྱོགས་རྒྱལ་ཁབ་ཐུན་མོང་གི་སྲུང་སྐྱོབ་ཆོད་སེམས་ཆེད། དམག་དཔུང་ཁ་སྣོན་རྒྱ་བསྐྱེད་གཏོང་རྒྱུ་ཧ་ཅང་གལ་ཆེན་དུ་གྱུར་ཡོད།

 

འདས་པའི་ལོ་གཉིས་རིང་ཨ་མི་རི་ཁས་ཡུ་རོབ་ནང་དམག་སྦྱོང་དང་རེས་མོས་སུ་དམག་དཔུང་བཅའ་སྡོད་སོགས་བྱས་ཟིན་ཡོད་ལ། སྐུ་ཞབས་ཁཱ་ཁྲེར་གྱི་འཆར་གཞི་གསར་པ་དེས་མཐུན་ཕྱོགས་རྒྱལ་ཁག་གི་གོ་མཚོན་ལྡན་པའི་དམག་འཐབ་རུ་ཤོག་སྟེ། རོབ་རྩིས་བྱས་ན་དམག་མི་ལྔ་སྟོང་ཙམ་སོར་གནས་གཏན་འཇགས་ངང་ཧང་གྷ་རི་དང་རོ་མ་ནེ་ཡ། སྦལ་ཏིཀ་རྒྱལ་ཁག་ཚུད་པའི་ཡུ་རོབ་ས་ཁུལ་དུ་གནས་ཐུབ་ངེས་རེད། ༡༩༩༧ ལོར་བཞག་པའི་ཆིངས་ཡིག་གི་འབྲུ་དོན་ལྟར་ན། བྱང་ཆིངས་དང་ཨུ་རུ་སུ་གཉིས་ཀས་ཕན་ཚུན་གྱི་ས་མཚམས་སུ་གཏན་འཇགས་དམག་དཔུང་དང་རྡུལ་ཕྲན་གོ་མཚོན་མི་འཇོག་པར་མོས་མཐུན་གནང་ཡོད་ནའང་། ཨ་རིའི་གཞུང་གིས་འཆར་གཞི་གསར་པའི་ཤུགས་རྐྱེན་རྒྱུན་གཏན་དུ་གནས་མིན་ལ་མ་ལྟོས་པར། དམག་དཔུང་རེས་མོས་སུ་བརྗེ་སྤོར་ཡོད་པའི་རྒྱུ་མཚན་གྱིས་ཆིངས་ཡིག་གི་འབྲུ་དོན་ལ་འགལ་འཛོལ་མི་ཡོང་ལུགས་བཤད་ཡོད་པ་རེད།

 

ཨ་མི་རི་ཁས་མ་འཇོག་ཇེ་ཆེར་གཏོང་བཞིན་པ་དེས་སྐུ་ཞབས་པུ་ཊིན་ལ་བརྡ་ལན་ཞིག་སྤྲད་ཡོད་པ་དང་ལྷན། བྱང་ཆིངས་ཁོངས་གཏོགས་ཀྱི་རྒྱལ་ཁབ་གཞན་ཚོས་ཀྱང་སོ་སོའི་རྒྱལ་སྲུང་སྔོན་རྩིས་ཡར་སྤར་རྒྱུའི་སྟེང་། སྔར་ལྷག་འབད་བརྩོན་སྐུལ་འདེད་ཀྱི་དགོས་འདུན་བཏོན་ཡོད། འོན་ཀྱང་། ཨ་རི་ཁེ་གཙང་གིས་འགྲོ་གྲོན་ཇེ་ཆེར་གཏོང་བཞིན་པ་ནི། ཨེ་རཀ་དང་ཨ་ཧྥི་གྷ་ནི་སི་ཐན་ནང་དམག་འཁྲུག་སྐབས་སུ་ཨ་མི་རི་ཁའི་རྒྱལ་སྲུང་ལྷན་ཁང་གིས་འགྲོ་སོང་ཕངས་མེད་གཏོང་དུས་སུ་ཕྱིར་ལོག་བྱས་པ་དང་མཚུངས།

 

ཨ་མི་རི་ཁས་འབྲེལ་ཡོད་རྒྱལ་ཁབ་བདུན་པོ་བསྡོམས་པ་ལས་ཀྱང་རྒྱལ་སྲུང་ཆེད་འགྲོ་སོང་རྒྱ་ཆེར་གཏོང་གི་ཡོད་རུང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་གྲོན་དངུལ་འཆར་རྩིས་ཇེ་ཉུང་གིས་འཕུར་མཉེད་གཏོང་གིན་ཡོད། དོན་དངོས་སུ། ཡུ་རོབ་ཀྱི་སྲུང་སྐྱོབ་ཆེད་དངུལ་རྩིས་སྤར་ཆ་བྱུང་བ་རྣམས་ཨེ་རཀ་དང་ཨ་ཧྥི་གྷ་ནི་སི་ཐན་ནང་དམག་གྲོན་ཆ་ཤས་ལས་བྱུང་བར་ཆ་འཇོག་བྱས་ན་འཛིན་སྐྱོང་གིས་དངུལ་རྩིས་ཁ་འདུམ་ཐབས་སུ་ཕན་ཁྱད་འཐོན་པར་ངེས།

 

ཨུ་རུ་སུའི་དྲག་ཤུགས་དང་འཇིགས་སྐུལ་འགོག་རྒྱུ་གལ་གནད་ཆེན་པོ་ཡིན་ནའང་། ཨུ་རུ་སུ་ལྟ་བུའི་དགྲ་ལ་སྔར་ལས་རིན་གོང་ཆེས་ཆེར་མཐོ་བའི་གོ་མཚོན་གྱིས་དམག་འཐབ་གྲ་སྒྲིག་བྱེད་པ་ནི། ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་སོ་སོས་སྔོན་མ་གང་བྱས་པ་བསྐྱར་ཟློས་ཀྱི་སྲོལ་རྒྱུན་ཙམ་དུ་ཟད་ལ། ཁ་ཆེའི་རྒྱལ་ཁམས་དྲག་སྤྱོད་པ་དང་དྲག་སྤྱོད་པའི་ཚོ་ཁག་གཞན་ལས་བྱུང་བའི་ཉེན་ཁ་རྣམས་ད་ཆ་མགོ་རྙོག་ཇེ་ཆེ་དང་སྔོན་དཔག་དཀའ་བའི་གནས་སུ་གྱར་ཡོད་སྟབས། ཨ་མི་རི་ཁས་ངེས་པར་ཕྱོགས་གཉིས་ལ་གདོང་ལེན་ཐུབ་དགོས་པ་རེད། འོན་ཀྱང་། སྐུ་ཞབས་ཁཱ་ཁྲིར་གྱི་འཆར་གཞི་ཡིས་ཡོ་དྲང་ཏག་ཏག་དོ་སྙོམས་སྒྲིག་ཐུབ་མིན་བཤད་ཚོད་ཐིག་མ་སོང་།

 

མ་རྩོམ་འབྲེལ་ཐག http://www.nytimes.com/2016/02/03/opinion/the-pentagons-top-threat-russia.html?ref=opinion&_r=1

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 10 སྔོན།

    ཡག་པོ་སྒྱུར་འདུག་གནས་སྟངས་ཤེས་དགོས་པ་ཟེར་ན་ཉན་འོས་པ་འདྲ་བོ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese