མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་མཐའ་ཁུལ་དམག་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་དཔུང་མཉམ་འབྲེལ་དམག་སྦྱོང་དེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་དུས་ཡུན་རིང་བོའི་མཐའ་མཚམས་རྩོད་གླེང་གི་རྙོག་འཛིང་འགྲིག་ཡོང་ཐབས་ཡིན་ཟེར།

mapདེ་རིང་ཧིན་རྡུ་ (Hindu) གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་དཔུང་མཉམ་འབྲེལ་དམག་སྦྱོང་ཞིག་ཚོགས་ཡོད་པ་དང་། དམག་སྦྱོང་དེའི་དམིགས་འབེན་གཙོ་བོ་རྒྱ་དཀར་ནག་གི་མཐའ་སྲུང་དམག་དཔུང་མཉམ་འབྲེལ་གྲོས་ཆོད་ལག་བསྟར་དང་། མཐའ་ཁུལ་ཁག་བརྟན་ལྷིང་ཡོང་ཐབས་ཤིག་ཡིན་འདུག

ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་དྲ་ཚིགས་སྟེང་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཐེངས་འདིའི་རྒྱ་དཀར་ནག་མཐའ་སྲུང་དམག་དཔུང་མཉམ་འབྲེལ་དམག་སྦྱོང་དེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་། དུས་ཡུན་རིང་བོའི་མཐའ་མཚམས་རྩོད་གླེང་གི་རྙོག་འཛིང་ཞི་འགྲིག་ཡོང་ཐབས་ཡིན་སྐོར་དང་། ན་ནིང་ཕྱི་ཟླ་ ༥ ནང་རྒྱ་གར་གྱི་སྲིད་བློན་མཱོ་ཌེ་དང་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆང་གཉིས་ཐུག་འཕྲད་བརྒྱུད། ཕྱོགས་གཉིས་ཀྱི་དམག་ཁུལ་ཁག་ཏུ་སྐོར་སྐྱོད་དང་། མཐའ་སྲུང་དམག་དཔུང་རྒྱ་སྐྱེད་ཐད་ལ་བསམ་ཚུལ་བརྗེ་རེས་བྱས་ཡོད་སྐོར་འཁོད་འདུག

གནས་ཚུལ་ལྟར་ན། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་མཐའ་ཁུལ་རྩོད་གླེང་གི་ཟིང་འཁྲུག་ལངས་པ་ནས་བཟུང་། ད་ལྟའི་བར་ཕྱོགས་གཉིས་ཀྱི་མཐའ་ཁུལ་རྩོད་གླེང་གི་གནད་དོན་འདུམ་ཐུབ་མེད་ལ། རྒྱ་ནག་གིས་ཧི་མ་ལ་ཡའི་ཤར་ཁུལ་ནས་སྤྱི་ལེ་གྲུ་བཞི་མ་ཁྲི་ ༩ ལྷག་རྒྱ་ནག་གི་མངའ་ཁོངས་སུ་གླེང་གི་ཡོད་ཅིང་། ཁུལ་དེའི་སྤྱི་ལེ་གྲུ་བཞི་མ་ཁྲི་ ༣༥ ད་ཆར་རྒྱ་གར་གྱི་བདག་དབང་འོག་ཡོད་པ་དང་། རྒྱ་གར་གཞུང་གིས་རྒྱ་གར་ནུབ་རྒྱུད་ཀྱི་ཨ་ཁི་སཱེ་ཆེན་ (Aksai Chin) མངའ་ཁུལ་དུ་སྤྱི་ལེ་གྲུ་བཞི་མ་ཁྲི་ ༣༨ རྒྱ་ནག་གིས་བཙན་བཟུང་བྱས་ཡོད་པ་མ་ཟད། རྒྱ་གར་དང་པ་ཀི་སི་ཐན་རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་རྩོད་གླེང་ (Jammu and Kashmir) ཐད་ནས་རྒྱ་ནག་གཞུང་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་དོགས་གཞི་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༧ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese