མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཚོང་ཟོག་ནང་འདྲེན་མི་ཆོག

བོད་ཀྱི་དུས་བབ།
༢༠༡༦/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་གླིང་གི་ངར་ལྕགས་བཟོ་ལས་ཐོན་སྐྱེད་ཁག་གིས་རྒྱ་ནག་གི་ངར་ལྕགས་མང་པོ་ནང་འདྲེན་བྱས་པར་བརྟེན་ཏེ། ཡུ་རོབ་གླིང་གི་བཟོ་ལས་ཐོན་སྐྱེད་ལ་ཉམ་ཉེས་ཆེན་པོ་བྱུང་སྟེ་ལས་ཤོར་བ་མང་པོས་ངོ་རྒོལ་བྱེད་བཞིན་ཡོད་འདུག

ཨ་རིའི་གསར་དེབ་ཁང་ (Wall Street Journal) གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཡུ་རོབ་སྦེལ་ཇམ་གྱི་རྒྱལ་ས་བྷ་རུ་སིལ་ (Brussels) གྲོང་ཁྱེར་གྱི་སྲང་ལམ་དུ། ངར་ལྕགས་ཐོན་སྐྱེད་ཚོགས་ཁག་གི་སྐུ་ཚབ་དང་ལས་བཟོ་བ་སོགས་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ད་ལོའི་ལོ་མཇུག་ནས་བཟུང་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་འཛམ་གླིང་དཔལ་འབྱོར་ཁྲོམ་རའི་སྒྲིག་ཁོངས་སུ་བཞག་མི་ཆོག་པ་དང་། ཡུ་རོབ་གླིང་གི་ཚོང་གཉེར་ཁང་ཡོངས་ནས་རྒྱ་ནག་གི་རིན་གོང་ཁེ་པོའི་ཚོང་ཟོག་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

ཡུ་རོབ་གྲོས་ཚོགས་ཀྱི་བཟོ་ལས་ཐོན་སྐྱེད་ཚན་པའི་མགྲིན་ཚབ་པ་ལུ་སེ་ཡ་ཁུ་ཌི་ཊི་ (Lucia Caudet) ཟེར་བ་ཞིག་གིས། ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་ད་ལྟའི་ངར་ལྕགས་བཟོ་ལས་ཚན་ཁག་གི་གནས་སྟངས་གསལ་བོར་རྟོགས་ཀྱི་ཡོད། ཡིན་ནའང་བཟོ་ལས་ཐོན་སྐྱེད་ཁང་འདི་དག་གིས་རྩོད་ལེན་བྱེད་བཞིན་པ་ནི་ཚོང་ལས་ཀྱི་དཀའ་རྙོག་ཙམ་མ་ཟད། ཡུ་རོབ་གླིང་གི་ངར་ལྕགས་བཟོ་ལས་ཐོན་སྐྱེད་ཁག་སྤྱི་ལ་འགྱུར་ལྡོག་དང་ཉམས་ཆག་འགྲོ་བཞིན་ཡོད་སྟབས། ང་ཚོས་བཟོ་ལས་ཐོན་སྐྱེད་ཀྱི་ནུས་ཤུགས་མཐོར་འདེགས་གཏོང་དགོས་ཀྱི་འདུག་ཅེས་བརྗོད་ཅིང་། ཡུ་རོབ་ཧྥིར་ (Eurofer) ཞེས་པའི་ཡུ་རོབ་ངར་ལྕགས་ཐོན་སྐྱེད་ཚན་པའི་སྤྱི་ཁྱབ་འགན་འཛིན་ཨ་ཁི་སིལ་ཨེ་གྷར་ཊི་ (Axel Eggert) ཟེར་བས། གལ་ཏེ་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་འཛམ་གླིང་དཔལ་འབྱོར་ཁྲོམ་རའི་སྒྲིག་ཁོངས་སུ་ཁག་ཐག་བྱས་ཚེ། དེས་ཡུ་རོབ་གྲོས་ཚོགས་ཀྱི་ཚོང་ལས་སྲུང་སྐྱོབ་ཁྲིམས་ཡིག་ལ་ཤན་ཤུགས་ཐེབས་སྲིད་སྐོར་བརྗོད་འདུག

འཇར་མན་གྱི་ངར་ལྕགས་ཐོན་སྐྱེད་ཚོགས་པའི་འགན་འཛིན་ཧན་སི་ཇུར་གྷིན་ཀིར་ཀ་ཧོ་ཧྥི་ (Hans Jürgen Kerkhoff) ཟེར་བ་ཞིག་གིས། ཡུ་རོབ་གླིང་དུ་ང་ཚོ་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱས་པའི་དཀའ་ཉེན་ལ་འཕྲད་ཀྱི་ཡོད་སྟབས། ཡུ་རོབ་གྲོས་ཚོགས་ཀྱིས་ཚོང་ལས་སྲུང་སྐྱོབ་ཁྲིམས་ཡིག་ལག་བསྟར་བྱས་ཏེ་རྒྱ་ནག་གི་ངར་ལྕགས་ནང་འདྲེན་མཚམས་འཇོག་པའི་གནོན་ཤུགས་སྤྲོད་དགོས། ཞེས་བརྗོད་འདུག

གནས་ཚུལ་ལྟར་ན། ཐེངས་འདིའི་ངོ་རྒོལ་ལས་འགུལ་སྤེལ་དོན་གཙོ་བོ། ཉེ་བའི་ཟླ་ཤས་རིང་ཡུ་རོབ་གླིང་གི་ངར་ལྕགས་ཐོན་སྐྱེད་བཟོ་གྲྭ་མང་པོར་ཉམ་ཉེས་བྱུང་བ་དང་ལས་བཟོ་བ་སྟོང་ཕྲག་མང་པོའི་ལས་ཀ་ཤོར་བའི་དཀའ་ངལ་ལ་ཕྲད་པ་ཞིག་ཡིན་ཞིང་། དེ་ཡང་འདས་པའི་ལོ་ངོ་གཉིས་རིང་ཡུ་རོབ་གླིང་གི་ངར་ལྕགས་ཐོན་སྐྱེད་བཟོ་གྲྭ་ཁག་གིས་རྒྱ་ནག་གི་ངར་ལྕགས་མང་པོ་ནང་འདྲེན་བྱས་པ་དང་། ཡུ་རོབ་གླིང་གི་ངར་ལྕགས་ཁེ་ལས་ཚོགས་ཁག་ལ་ཉམས་རྒུད་ཆེན་པོ་ཐེབས་པ་དང་། འདས་པའི་ལོ་ངོ་གཉིས་ཀྱི་རིང་ངར་ལྕགས་ཀྱི་རིན་གོང་བརྒྱ་ཆ་ ༤༠ མར་ཆགས་པའི་གནས་བབ་དེ་ཕྱི་ལོ་ ༢༠༠༨ ལོའི་འཛམ་གླིང་སྤྱིའི་དཔལ་འབྱོར་ཉམ་ཉེས་ཀྱི་གནས་སྟངས་ལས་ཀྱང་ཚབས་ཆེ་རུ་ཕྱིན་ཡོད་འདུག གནས་སྟངས་དེའི་འོག་དེང་སྐབས་ཡུ་རོབ་གླིང་གི་ངར་ལྕགས་ཁེ་ལས་ཚོགས་ཁག་ ༢༨ གྱིས་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་ཁྲོམ་ར་ཅན་དུ་ཁས་ལེན་གྱི་མེད་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཅན་ཨང་གཉིས་པར་འབོད་པའི་རྒྱ་ནག་དང་ཡུ་རོབ་གླིང་གི་ཁེ་ལས་ཚོང་འབྲེལ་ལ་འགྱུར་བ་གཏོང་འདོད་ཡོད་འདུག

ཡུ་རོབ་གླིང་གི་དཔལ་འབྱོར་དབྱེ་ཞིབ་པ་ཚོས། གལ་ཏེ་ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་ཁྲོམ་ར་ཅན་དུ་ངོས་འཛིན་གནང་ཚེ། ཡུ་རོབ་གླིང་རྒྱ་ནག་གི་ཚོང་ཟོག་རྫུན་མའི་བསླུ་བྲིད་འོག སྔར་བས་དཀའ་ཉེན་ལ་འཕྲད་སྲིད་པར་དོགས་གཞི་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༡ ལོར་རྒྱ་ནག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་ཀྱི་ཁོངས་སུ་འཛུལ་བའི་གྲོས་ཆོད་གཞིར་བཟུང་གིས། ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་ལ་འཛམ་གླིང་དཔལ་འབྱོར་ཁྲོམ་རའི་གྲལ་གནས་འཐོབ་དགོས་ལུགས་གླེང་གི་ཡོད་ཅིང་། ཡུ་རོབ་གླིང་གི་བཟོ་ལས་ཐོན་སྐྱེད་ཚོགས་ཁག་གིས། གལ་སྲིད་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་ཁྲོམ་ར་ཅན་དུ་ངོས་འཛིན་དགོས་ན། རྒྱ་ནག་གི་དཔལ་འབྱོར་དེ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་སྟངས་འཛིན་བྱས་ཡོད་པའི་གནས་བབ་ལ་མནོ་བསམ་གཏོང་དགོས་སྐོར་བརྗོད་འདུག

ཡུ་རོབ་གྲོས་ཚོགས་ཀྱི་འཆར་རྩིས་ཞིབ་འཇུག་ལྟར་ན། གལ་ཏེ་རྒྱ་ནག་འཛམ་གླིང་དཔལ་འབྱོར་ཁྲོམ་ར་ཅན་དུ་ངོས་ལེན་བྱས་ཚེ། ཡུ་རོབ་གྲོས་ཚོགས་ཀྱི་སྒྲིག་འཛུགས་འོག་གི་བཟོ་ལས་ཐོན་སྐྱེད་ཁག་ཏུ་ལས་གནས་ཤོར་བཞིན་པའི་གྲངས་འབོར་ ༦༣.༦༠༠ ནས་ ༢༡༡།༠༠༠ བར་ཟིན་གྱི་ཡོད་པ་དང་། ཡུ་རོབ་གླིང་གི་བཟོ་ལས་ཐོན་སྐྱེད་ཁག་ ༣༠ ནང་ལས་གནས་འཆོར་ཉེན་གྱི་གྲངས་འབོར་ས་ཡ་ ༣.༥ ནས་ ༡.༧ ཟིན་གྱི་ཡོད་འདུག

 གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese