མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཐུབ་ཚོད་དང་བརྙས་བཅོས་འཁུར་འདོད་མེད།

བོད་ཀྱི་དུས་བབ།
༢༠༡༦/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

ལྷོ་ཤར་ཨེ་ཤ་ཡའི་ལྷན་ཚོགས་ཨ་རིར་འཚོགས་བཞིན་ཡོད་པའི་སྟེང་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཁག་ལ་ཐུབ་ཚོད་གཏོང་བཞིན་པ་མཚམས་འཇོག་དགོས་པའི་རྣམ་འགྱུར་བསྟན་ཡོད་འདུག

 

ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་སྲུང་གི་སློབ་སྟོན་པ་གཞོན་པ་བྷིན་རའོ་ཌི་སི་ (Ben Rhodes) ཟེར་བས་གསར་འགོད་པར། ཨ་རིའི་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་རིང་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་ (Asia Pacific) གྲོས་གཞི་ཁག་གསལ་བོ་བཟོ་རྒྱུ་མ་ཟད། ང་ཚོས་རྒྱལ་ཁབ་ཆེན་པོ་དག་གིས་རྒྱལ་ཁབ་ཆུང་གྲས་ཚོར་བརྙས་བཅོས་མི་ཆོག་པའི་རྒྱལ་སྤྱིའི་རྩ་འཛིན་གཞིར་བཟུང་ནས་རྩོད་རྙོག་འདུམ་འགྲིག་བྱེད་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

 

ཨ་རིའི་དབུས་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ཁང་ (CSIS) གི་ཨེ་ཤ་ཡའི་ཆེད་མཁས་པ་ཨར་ནི་སི་ཊི་བྷོ་ཝིར་ (Ernest Bower) ཟེར་བ་ཞིག་གིས། གལ་ཏེ་ལྷོ་ཤར་ཨེ་ཤ་ཡ་ལྷན་ཚོགས་ཀྱི་དབུ་ཁྲིད་ཚོས། ཨ་རིའི་གཞུང་གིས་ཨེ་ཤ་ཡ་ལྷན་ཚོགས་ལ་མ་དངུལ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ཚོར་ན། དེས་ནུས་མེད་ཉམ་ཆུང་གི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་བློ་སྤོབས་བསྐྱེད་དེ། རང་གི་སྤུན་ཟླ་རྣམས་དང་ལྷན་དུ་བསྒྲགས་གཏམ་འདི་དག་ལ་མིང་རྟགས་འཁོད་པ་དང་། ལྷོ་ཤར་ཨེ་ཡ་ཤ་ཡའི་རྒྱལ་ཁབ་སུ་གཅིག་གིས་ཀྱང་རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཆུང་ཚོའི་སྟེང་ལ་རྡོག་རྫིས་གཏོང་བའི་དཀའ་སྡུག་མྱོང་འདོད་ཡོད་པ་མ་རེད། ཅེས་བརྗོད་འདུག

 

གནས་ཚུལ་ལྟར་ན། ཐེངས་འདིའི་ཚོགས་ཆེན་གྱི་ཉིན་དང་པོར་ཞི་བདེ་རྒྱ་མཚོའི་འཕྲེད་བརྒལ་ཚོང་འབྲེལ་མཐུན་ཚོགས་ (Trans-Pacific Partnership) ཚུད་པའི་ཤར་ནུབ་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཉམ་ཉེས་དང་ཉོ་འཚོང་རྩོད་རྙོག་སྐོར་ལ་གྲོས་མོལ་བྱེད་རྒྱུ་དང་། ཚོགས་ཆེན་གྱི་ཉིན་གཉིས་པར་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་འབྱུང་བཞིན་པའི་རྒྱ་ནག་དང་ལྷོ་ཤར་ཨེ་ཤ་ཡ་རྒྱལ་ཁབ་ཁག་བར་མངའ་ཁོངས་བདག་དབང་རྩོད་གླེང་ཐད་ལ་གྲོས་ཞིབ་གནང་རྒྱུ་ཡིན་འདུག

 

ཡིན་ནའང་རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་ཁམ་བྷོ་ཌེ་ཡ་ (Cambodia) དང་ལའོ་སི་ (Laos) ལྟ་བུའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཆུང་གྲས་རིགས་ལ་དངོན་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་དེ་ཐེངས་འདིའི་བསྒྲགས་གཏམ་ལ་མིང་རྟགས་འགོད་དུ་འཇུག་རྒྱུ་མིན་པར་ཚོད་དཔག་བྱེད་བཞིན་འདུག

 

ཉེ་བའི་ལོ་ངོ་འདི་དག་རིང་སྔ་རྗེས་སུ་ཆེས་མཐོའི་གྲོས་མོལ་ཆེན་ཚོགས་ཀྱི་བསྒྲགས་གཏམ་ཁག་ནང་ཤར་ནུབ་རྒྱལ་ཁབ་ཕན་ཚུན་བར་འབྱུང་བཞིན་པའི་མངའ་ཁོངས་རྩོད་གླེང་ལ་སེམས་འཚབ་དང་། རང་དབང་གི་མཚོ་འགྲུལ་ལ་སྐུལ་འདེད་བཏང་ཡོད་ནའང་། དེ་ལ་གྲུབ་འབྲས་གང་ཡང་ཐོན་ཐུབ་མེད་པ་རེད།

 

གསར་འགོད་པ། པདྨ་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist