མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུའི་རྒྱབ་རོགས་འོག་དྲག་སྤྱོད་པར་འཐབ་རྒོལ།

བོད་ཀྱི་དུས་བབ།
༢༠༡༦/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུ་དང་སི་རི་ཡའི་མཉམ་འབྲེལ་དམག་དཔུང་གིས་འཇིགས་སྐུལ་དྲག་སྤྱོད་པའི་ས་ཚིགས་ཤིག་ལ་འཐབ་རྒོལ་བྱས་ཏེ་དྲག་སྤྱོད་པ་མང་པོ་ཤི་རྨས་ཐེབས་པའི་ཁྲོད་སྐྱབས་བཅོལ་བའང་མང་པོ་ཚུད་ཡོད་འདུག

64e58f8ebe201fd6d0d4bac5ee6840c9697274deརོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་ཕྱི་དྲོར་སི་རི་ཡ་དང་ཨུ་རུ་སུ་མཉམ་འབྲེལ་དམག་དཔུང་གིས་སི་རི་ཡའི་གྱེན་ལོག་ཤོག་ཁག་གིས་བཙན་བཟུང་བྱས་ཡོད་པའི་ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ (Turkey) ཀྱི་མཐའ་མཚམས་ཀྱི་སི་རི་ཡའི་གྲོང་རྡལ་ཨ་ཙ་ཙི་ (Azaz) ནང་མེ་ཤུགས་འཕུར་མདེལ་འཕངས་ཏེ། གྲོང་རྡལ་དེའི་ནང་ཡོད་པའི་སི་རི་ཡའི་སྐྱབས་བཅོལ་སྡོད་གནས་སློབ་གྲྭ་གཉིས་དང་སྨན་ཁང་ལྔ་བཅས་གཏོར་བཅོམ་བཏང་བའི་ཁྲོད་དུ་ཉུང་མཐར་མི་ ༥༠ ལྷག་དམར་གསོད་དང་མི་མང་པོར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་མ་ཟད། ཤི་རྨས་ཐེབས་པའི་གྲས་ཀྱི་མང་ཆེ་བ་བུད་མེད་དང་བྱིས་པ། སྨན་པ་དང་ནད་པ། ནད་གཡོག་སོགས་ཡིན་པ་དང་། ཐེངས་འདིའི་ཟིང་འཁྲུག་དེ་ཡང་ཨུ་རུ་སུ་དང་སི་རི་ཡའི་མཉམ་འབྲེལ་དམག་དཔུང་དང་སི་རི་ཡའི་ནུབ་རྒྱུད་ཀྱི་ཨ་ལི་ཕོ་ (Aleppo) གྲོང་ཁྱེར་བཙན་བཟུང་བྱས་པའི་སི་རི་ཡའི་གྱེན་ལོག་ཤོག་ཁག་གཉིས་བར་གྱི་འཐབ་འཁྲུག་ཅིག་ཡིན་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀེ་མོན་ (Ban Ki-moon) མཆོག་གིས། ཐེངས་འདིའི་རྒོལ་འཛིང་ཁྲོད་ཉེས་མེད་མི་སེར་མང་པོ་དམར་གསོད་བཏང་བ་ནི་རྒྱལ་སྤྱིའི་རྩ་ཁྲིམས་ལ་གཏོར་བཤིག་བཏང་བ་ཞིག་ཡིན་ཞེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཧྥར་ཧན་ཧག་ (Farhan Haq) གིས་ཀྱང་། ཐེངས་འདིའི་ཟིང་འཁྲུག་གི་དོན་རྐྱེན་འདིས་འདས་ལོའི་ཕྱི་ཟླ་ ༡༢ བའི་ཚེས་ ༡༡ ཉིན་མུ་ནེ་ཆ་ (Munich) གྲོང་ཁྱེར་དུ་སི་རི་ཡ་རྒྱལ་ཡོངས་རོགས་ཚོགས་ (ISSG) དང་ལྷན་དུ་བཞག་པའི་གྲོས་ཆོད་ཁག་བརྩིས་མེད་བཏང་བ་ཡིན་སྐོར་བརྗོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཟིང་འཁྲུག་ཁྲོད་ཀྱི་མི་སེར་སྲུང་སྐྱོབ་ཚོགས་ཁག་གིས་ཉེ་ལམ་ནས་སི་རི་ཡའི་གྲོང་དང་གྲོང་ཁྱེར་ཁག་གི་ཁྲོམ་སྲང་དང་སྨན་ཁང་། སློབ་གྲྭ། ཡུལ་མིའི་སྡོད་གནས་ཁག་ཏུ་ཨུ་རུ་སུའི་འགལ་རྫས་བཀལ་གཏོར་གྱིས་མི་སེར་མང་པོ་དམར་གསོད་གཏོང་གི་སྐོར་བརྗོད་པ་དང་། ཨ་རི་གཙོས་པའི་ནུབ་གླིང་རྒྱལ་ཁབ་གིས་ཀྱང་ཨུ་རུ་སུའི་དྲག་ཆས་དམག་དཔུང་གིས་ནུབ་གླིང་རྒྱལ་ཁབ་ཁག་དང་སི་རི་ཡ་མཉམ་འབྲེལ་དམག་དཔུང་ལ་རྒོལ་འཛིང་བྱེད་ཀྱི་ཡོད་སྐོར་བརྗོད་ཀྱང་། མའོ་སི་ཁོ་སྲིད་གཞུང་གིས་འདས་ལོའི་ཕྱི་ཟླ་ ༩ པ་ནས་ཨུ་རུ་སུའི་མཁའ་དམག་གིས་སི་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་ས་ཌའི་ (Bashar al-Assad) དྲག་ཆས་དམག་དཔུང་ལ་རམ་འདེགས་བྱས་ཏེ་སི་རི་ཡའི་རྒྱལ་ནང་གི་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་དམིགས་འབེན་དུ་བཟུང་སྟེ་དམར་གསོད་ཐེབས་བཞིན་པའི་སི་རི་ཡའི་ཉེས་མེད་མི་སེར་སྲུང་སྐྱོབ་བྱེད་མུས་ཡིན་སྐོར་བརྗོད་འདུག

སི་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་ས་ཌས། ང་ཚོར་མཚོན་ན་མི་ཚང་མས་དྲག་ཆས་བཟུང་ནས་སྲིད་གཞུང་ལ་ངོ་ལོག་བྱེད་ཀྱི་ཡོད་པ་རེད། སི་རི་ཡའི་མི་མང་འཇིགས་སྐུལ་དྲག་སྤྱོད་པ་རེད། གནད་དོན་འདི་ཞི་འགྲིག་གཏོང་ཐབས་ཡོད་པ་མ་རེད། ནུབ་གླིང་རྒྱལ་ཁབ་ཁག་གིས་བདུན་ཕྲག་གཅིག་གི་ནང་སི་རི་ཡའི་ཟིང་འཁྲུག་མཚམས་འཇོག་གི་ཡིན་ཟེར་གྱི་ཡོད་ཀྱང་། ཟིང་འཁྲུག་གི་གནས་བབ་འདི་སུ་ཡིས་ཀྱང་འདུམ་ཐབས་ཡོད་པ་མ་རེད། ཅེས་སོགས་བརྗོད་འདུག

ནེའུ་ཡོག་དུས་བབ་གསར་ཁང་གི་གནས་ཚུལ་ལྟར་ན། འདས་པའི་ལོ་ངོ་བཞི་དང་ཕྱེད་ཀའི་རིང་སི་རི་ཡའི་རྒྱལ་ནང་གི་ཟིང་འཁྲུག་ཁྲོད་དུ་ཡུལ་མི་ ༢༠༠.༠༠༠ དམར་གསོད་ཐེབས་པའི་གྲས་ཀྱི་མང་ཆེ་བ་བྱིས་པ་དང་འཚོ་གནས་མེད་པའི་སྐྱབས་བཅོལ་བ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese