མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་ཞི་བའི་འདུམ་འགྲིག་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལྕམ་ཚའེ་ཡེན་ཝིན་གྱིས་ཤར་ནུབ་རྒྱལ་ཁབ་ཚང་མས་ཞི་བདེ་རྩ་བར་བཟུང་སྟེ་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་འདུམ་འགྲིག་ཡོང་ཐབས་བྱེད་དགོས་སྐོར་བརྗོད་འདུག

47260045.cms_རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། དེ་རིང་ཕྱི་ཚེས་ ༡༧ ཉིན་ཐའེ་ཝན་གྱི་སྲིད་འཛིན་གསར་བ་ཚའེ་ཡེན་ཝིན་གྱིས་དེང་སྐབས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། རྒྱ་ནག་དང་ཨ་རི་གཙོས་པའི་ལྷོ་ཤར་ཨེ་ཤ་ཡ་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་དེ་བཞིན་ཞི་བའི་ཐོག་ནས་འདུམ་འགྲིག་ཡོང་ཐབས་བཟོ་དགོས་སྐོར་བརྗོད་ཡོད་པ་དང་། གསར་འགོད་པའི་དྲི་བ་དྲིས་ལན་ཞིག་གི་སྐབས་སུ་ཁོང་མོས། རྒྱལ་ཁབ་ཚང་མས་ཞི་བདེའི་རྩ་འཛིན་དང་རང་ཚོད་ཟིན་པའི་སྒོ་ནས། མཚོ་ཁུལ་རྩོད་གླེང་འདུམ་འགྲིག་དགོས་སྐོར་བརྗོད་ཡོད་འདུག

ལྕམ་ཚའེ་ཡེན་ཝིན་གྱི་བསམ་ཚུལ་དེ་ནི་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་གྱི་ནགས་ཚུལ་གླིང་ཕྲན་ (Woody Island) ཞེས་པའི་སྟེང་དུ་རྒྱ་ནག་གཞུང་གིས་མཁའ་དམག་གི་རྟེན་གཞི་བཟོས་པའི་རྗེས་སུ་བཤད་པ་ཞིག་ཡིན་ཞིང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་ནགས་ཚུལ་གླིང་ཕྲན་ཞེས་པའི་སྟེང་མཁའ་དམག་གི་རྟེན་གཞི་བཟོས་རྐྱེན། ཝེ་ཋི་ནམ་དང་ཐའེ་ཝན། རྒྱ་ནག་རྒྱལ་ཁབ་གསུམ་བར་གྱི་མངའ་ཁོངས་རྩོད་གླེང་གི་རྣོ་ངར་ཇེ་རུ་འགྲོ་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་ཨ་རིར་འཚོགས་བཞིན་པའི་ལྷོ་ཤར་ཨེ་ཤ་ཡའི་ལྷན་ཚོགས་ཀྱི་ཉིན་གཉིས་པར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ ༡༠ དབུ་ཁྲིད་རྣམས་ཀྱིས། རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་དེ་བཞིན་རྒྱལ་སྤྱིའི་རྩ་ཁྲིམས་དང་ཞི་བའི་སྒོ་ནས་འདུམ་ཐབས་ཙམ་ལས། མཚོ་ཁུལ་གྱི་བདག་དབང་རྩོད་གླེང་འདུམ་ཕྱོགས་ཀྱི་གྲོས་ཆོད་གང་ཡང་འཇོག་ཐུབ་མེད་པ་རེད། སྐབས་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ང་ཚོས་གོམ་གང་མདུན་སྤོས་ཀྱིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་ཆུང་དུ་གཏོང་རྒྱུ་མ་ཟད། མཚོ་ཁུལ་གྱི་བདག་དབང་དང་འཛུགས་སྐྲུན། མཁའ་དམག་གི་རྟེན་གཞི་བཟོ་བཞིན་པའི་ཐད་ལའང་གྲོས་མོལ་བྱས་པ་ཡིན། ལྷོ་ཤར་ཨེ་ཤ་ཡའི་ལྷན་ཚོགས་ཀྱི་ངོས་ནས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་མཚོ་ཁུལ་རྩོད་གླེང་སྐོར་ལ་ཕན་ཚུན་གྱི་བསམ་ཚུལ་བརྗེ་རེས་དང་རྒྱུས་ལོན་བྱས་པ་དེས་འབྱུང་འགྱུར་རྒྱལ་ཁབ་ཕན་ཚུན་གྱི་མངའ་ཁོངས་བདེ་འཇགས་ཡོང་བ་དང་རྒྱལ་ཁབ་ཕན་ཚུན་བར་ཆེས་མཐོང་ཡོང་ཐབས་བཅས་སུ་ཕན་ནུས་འཐོན་གྱི་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་གཞུང་གིས་རྒྱ་ནག་གི་མཁའ་དམག་གནམ་གྲུ་མང་པོ་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་གྱི་མིས་བཟོས་གླིང་ཕྲན་སྟེང་འཕུར་སྐྱོད་བྱས་པ་དེས་ཨ་རིའི་མཚོ་དམག་ལ་འཇིགས་སྐུལ་དང་མ་འོངས་མཚོ་ཁུལ་བདེ་འཇགས་ལ་གནོན་སྐྱོན་བཟོ་སྲིད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་དང་ལྷོ་ཤར་ཨེ་ཤ་ཡའི་མཚོ་ཁུལ་བདེ་འཇགས་དབྱེ་ཞིབ་པ་ཚོས། འབྱུང་འགྱུར་ཟླ་བ་ཁ་ཤས་རྗེས་སུ། རྒྱ་ནག་གཞུང་གིས་ལྷོ་རྒྱུད་མཚོ་ཁུལ་དུ་འཛུགས་སྐྲུན་བྱས་པའི་གླེང་ཕྲན་ཁག་གི་སྟེང་མཁའ་དམག་གི་རྟེན་གཞི་བཙུགས་ཏེ་མཚོ་ཁུལ་རྟོག་ཞིབ་བྱ་སྲིད་པར་ཚོད་དཔག་བྱེད་ཀྱི་འདུག

ཕྱི་ཟླ་ ༡ ཚེས་ ༦ ཉིན་རྒྱ་ནག་གི་ཧེ་ནན་མཁའ་ལམ་ཚད་ཡོད་ཚོང་གཉེར་ཁང་ (Hainan Airlines Company Limited) གིས་མཚོ་ཁུལ་དེའི་ (Fiery Cross Reef) ཞེས་པའི་གླིང་ཚོམ་སྟེང་རིང་ཚད་མི་ཊིར་ ༣༠༠༠ ཅན་གྱི་མཁའ་དམག་གནམ་གྲུའི་འཕུར་ལམ་འཛུགས་སྐྲུན་དང་ཚོད་ལྟ་བྱས་ཡོད་སྟབས། ལྷོ་ཤར་ཨེ་ཤ་ཡ་དང་ནུབ་གླིང་རྒྱལ་ཁབ་གིས་རྒྱ་ནག་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་ཤུགས་ཆེ་རུ་འགྲོ་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་པ་དང་། ཉེ་ལམ་ནས་རྒྱ་ནག་གིས་འཛུགས་སྐྲུན་དང་བདག་བཟུང་བྱེད་པའི་མཚོ་ཁུལ་དེ་དག་བརྒྱུད་ཤར་ནུབ་རྒྱལ་ཁབ་ཁག་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༥ ལྷག་གི་ཚོང་ཟོག་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་མ་ཟད། ནུབ་ཤར་ཨ་ཤ་ཡའི་རྒྱལ་ཁབ་ཁག་གིས་མཚོ་ཁུལ་དེ་དག་ནས་རྡོ་སྣུམ་འབོར་ཆེན་མཁོ་འདྲེན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese