མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བྱེད་པ་དེ་སོ་སོ་གཅིག་པུ་མིན་པར་སེམས་ཅན་ཚང་མའི་ཆེད་དུ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གནས་མཆོག་མཚོ་པདྨ་རུ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མི་མང་སྟོང་ཚོ་ལྔ་ལྷག་ལ་ཆོས་འབྲེལ་ཚེ་དབང་དང་བཀའ་སློབ་བསྩལ་གནང་ཡོད་འདུག

12421294_953586424694626_404107193_nཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། གནས་མཆོག་མཚོ་པདྨར་རྟེན་གཞི་བྱས་པའི་རྙིང་མ་དགོན་པ་གཙོས་པའི་ཚོགས་སྐྱིད་ཁག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ཟླ་འདིའི་ཕྱི་ཚེས་༡༦ སྔ་དྲོར་ཟ་ཧོར་མཚོ་པདྨར་ཞབས་སོར་འཁོད་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ཚེས་བཅུའི་འཆམ་གཟིགས་མཛད་རྗེས། ཕྱི་དྲོ་ཕྱག་ཚོད་༤ ་པའི་ཐོགས་བླ་མ་དབང་སྤྲུལ་རིན་པོ་ཆེས་གསོལ་འདེབས་བཞིན་འབྲི་གུང་དགོན་པར་གནས་གཟིགས་དང་། དེར་ཡོད་འདུས་མང་ཡོངས་ལ་འཇམ་པའི་མཚན་བརྗོད་དང་འཕོ་ལུང་གི་ཆོས་འབྲེལ་བཅས་མཛད་ཡོད་པ་དང་། ཕྱི་ཚེས་༡༨ སྔ་དྲོ་ཚོད་ ༡༠ ཐོག་རང་གཞུང་དྲིལ་བསྒྲགས་ལས་ཁུངས་འགྲེམས་སྟོན་ཚན་པའི་གོ་སྒྲིག་གནང་བའི་༧གོང་ས་མཆོག་གི་མཛད་རྣམ་སྐུ་པར་འགྲེམས་སྟོན་ལ་གཟིགས་སྐོར་གནང་གྲུབ་རྗེས། མཚོ་པདྨའི་མདུན་ཐང་དུ་མི་མང་སྟོང་ཚོ་ལྔ་ཡས་མས་ལ་རྟ་ཕྱག་ཁྱུང་གསུམ་དང་འབྲེལ་བའི་ཚེ་དབང་ཆོས་འབྲེལ་བཀའ་དབང་དབུ་འཛུགས་ཞུས་ཡོད་འདུག

སྐབས་དེར་རིན་པོ་ཆེ་མཆོག་ནས་ནང་ཆོས་ངོ་སྤྲོད་དང་འབྲེལ་ནས་བཀའ་སློབ་གནང་དོན། འདིར་བཞུགས་པའི་བླ་མ་དགེ་འདུན་པ་དང་ཕྱོགས་མཐའ་གང་ས་ནས་ཕེབས་པའི་མི་མང་ཚང་མར་སྙིང་ནས་མཛའ་ཞིང་བརྩེ་བའི་འཚམས་འདྲི་དང་འབྲེལ་ནས་བཀྲ་ཤིས་བདེ་ཞུ་གིན་ཡིན། དབང་ཞུ་བར་ཀུན་སློང་བཟང་ངན་གང་ཡང་མེད་པས་ལྟད་མོ་ལྟ་བར་ཡོང་པའི་ཟོལ་འདྲ་བྱས་ན་དགོས་པ་གང་ཡང་ཡོད་མ་རེད། ཀུན་སློང་བཟང་པོ་ཡོད་ན་ཆོས་ཚིགས་སུ་བཅད་པ་རེ་རེ་ཉན་པ་ཡིན་ནའང་ཕན་ཡོན་ཆེན་པོ་ཡོད་གསུངས་པ་རེད། སྤྱིར་ན་ནང་པ་སངས་རྒྱས་པ་རེད་དེའི་ནང་ནས་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་བྱས་ན་མ་འོངས་པར་སངས་རྒྱས་བྱེད་པའི་ལམ། དེའི་ནང་ནས་ཀྱང་ཆེས་མྱུར་བའི་ལམ་གསང་སྔགས་ཀྱི་ཆོས་སྐོར་ཞུ་བཞིན་ཡོད་རེད། དེ་འདྲ་ཡིན་ཙང་ཀུན་སློང་ཉི་ཚེ་བའི་འགྲིག་གིན་ཡོད་མ་རེད། ཀུན་སློང་ཁྱད་པར་དུ་འཕགས་པ་ཞིག་དགོས་རེད། ང་ཚོས་ཆོས་བྱེད་པ་དེ་སོ་སོ་གཅིག་པོའི་དོན་དག་མ་ཡིན་པ། ཚེ་འདིའི་འགལ་རྐྱེན་བར་ཆད་སེལ་བ་དང་ཚེ་དང་བསོད་ནམས་རྒྱས་པ་ལ་སོགས་པ་དེ་འདྲའི་ཆེད་དུ་མ་ཡིན་པ། སེམས་ཅན་ཚང་མ་ང་ཚོའི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་པ། དཔེར་ན་ང་རང་ཚོར་སྡང་བའི་དགྲ་བོ་ཐམས་ཅད་ཀྱང་དོན་དངོས་ལ་བྱས་ན་ཕ་མ་དྲིན་ཆེན་རེད་ཡོད་པས། སེམས་ཅན་དུ་གཏོགས་ཚད་ཚང་མ་ཕ་མ་དྲིན་ཆེན་ཤ་སྟག་ཡིན་ཙང་། ང་རང་ཚོས་སེམས་ཅན་ཐམས་ཅད་སྡུག་སྔལ་ལས་སྐྱོབ་པ་དང་སེམས་ཅན་ཐམས་ཅད་བདེ་བར་འགོད་པ་དེ་འདྲ་ཞིག་གི་བསམ་བློ་གཏང་དགོས་ཀྱི་རེད། ཅེས་བཀའ་སློབ་ལམ་སྟོན་བསྩལ་རྗེས། ནང་ཆོས་ངོ་སྤྲོད་དང་འབྲེལ་ནས་ཡན་ལག་བདུན་པའི་འགྲེལ་བཤད་སོགས་བཀའ་སློབ་ཟབ་རྒྱས་བསྩལ་སོང་།

བཀའ་དབང་གྲུབ་མཚམས་མི་མང་ལ་བཀའ་སློབ་གནང་དོན། དེ་རིང་མི་མང་པོ་དང་ས་ཆ་སྦུག་སུ་དོག་པོ་ཡོད་ཙང་མི་མང་ལ་ཤར་དབང་བྱེད་ཡ་མིན། ངས་ལག་པ་ཁྱེད་རང་ཚོའི་མགོར་བཞག་ནས་བྱིན་རླབས་གང་ཡང་ཐོབ་ཡ་ཡོད་མ་རེད། གཙོ་ཆེ་ཤོས་ངས་ཁྱེད་རང་ཚོར་ལབ་པ་ནང་བཞིན་སེམས་བརྒྱུད་བཟང་པོ་བྱེད་ནས་དགེ་བ་སྒྲུབ་སྡིག་པ་སྤོང་པ་ཡིན་ན་བྱིན་རླབས་འཐོབ་ཐུབ་ཀྱིན་རེད། ཁྱེད་རང་ཚང་མ་ལྷོད་ལྷོད་བཞུགས་ནས་ད་གིན་ངས་ལབ་པ་དེ་སེམས་ལ་ཡག་པོ་ཉར་བྱེད་ནས་དུས་རྒྱུན་དུ་སེམས་བརྒྱུད་བཟང་པོ་བྱེད་ནས་དགེ་བ་སྒྲུབ་པ་ཡིན་ན་བྱིན་རླབས་རིམ་གྱིས་འཐོབ་ཡོང་གིན་རེད། ཅེས་བཀའ་གནང་ནས་ཚེ་དབང་དང་ཆོས་འབྲེལ་ལེགས་པར་གྲུབ་པ་དང་། ཉིན་རྒྱབ་ཆུ་ཚོད་བཞི་པའི་ཐོག་ཡང་བསྐྱར་མི་མང་བཀའ་སློབ་སྙིང་བསྡུས་ཤིག་བསྩལ་ཏེ་མཚོ་པདྨ་ཁུལ་གྱི་མཛད་རིམ་རྣམས་ལེགས་པར་གྲུབ་ཡོད་སྟབས། དེ་རིང་སིམ་ལའི་ཕྱོགས་སུ་ཆིབས་བསྒྱུར་སྐྱོང་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༢ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩

མཆན། 1

  1. སྙིགས་བདག says:
    ལོ་ 10 སྔོན།

    གསར་འགོད་པ་ལགས།
    རྒྱུན་ལྡན་ནས་ཁྱེད་ཀྱིས་གསར་འགྱུར་ཡག་ཐག་ཆོད་འགོད་གི་འདུག ཐུགས་རྗེ་ཆེ་ཞུ། འོན་ཀྱང་ཆོས་ཕྱོགས་ཀྱི་ཚིག་དེ་ཚོ་ནོར་བ་མང་པོ་བྲིས་འདུག་པ་མཐོང་སོང་། ཅུང་ཙམ་དེ་ལ་གཟབ་རོགས་གནང་།
    དཔེར་ན། ་་་་་་་་་་འཇམ་པའི་མཚན་བརྗོད་་་་་་་ མ་རེད། ་་་་་་་འཇམ་དཔལ་མཚན་བརྗོད་་་་་་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese