ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊྲམ་ལགས་ཀྱིས་གལ་སྲིད་ཁོ་རང་སྲིད་འཛིན་དུ་འོས་ཐོབ་བྱུང་ན་རྒྱ་ནག་ལ་ཨ་རི་དང་གཙོས་པའི་རྒྱལ་ཁབ་གཞན་ལ་ཚོང་འབྲེལ་གྱོང་གུད་གཏོང་མཚམས་འཇོག་དགོས་པའི་ཡི་གེ་གཏོང་རྒྱུ་ཡིན་ཟེར།
རྒྱ་གར་དུས་བབ་གསར་ཤོག་(Times of India)ནང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨ་རིའི་སྲིད་འཛིན་འོས་འགྲན་བགྲོ་གླེང་སྟེང་། ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊྲམ་(Donald Trump)ལགས་ཀྱིས་བརྗོད་དོན། “གལ་ཏེ་ང་ཨ་རིའི་ཕོ་བྲང་དཀར་པོར་འོས་འདེམས་བྱུང་ཚེ། ངས་རྒྱ་ནག་དང་མཀསེཀོ དེ་བཞིན། རྒྱལ་ཁབ་གཞན་ལ་ཡང་ང་ཚོར་ཉོ་ཚོང་ཐད་གྱོང་གུད་གཏོང་རྒྱུ་མཚམས་འཇོག་དགོས་པའི་ཡི་གེ་གཏོང་གི་ཡིན། ང་ཚོའི་རྒྱལ་ཁབ་ནི་ད་ཆ་དཀའ་ཚེགས་ཆེ་ཤོས་ཀྱི་དུས་སྐབས་ཤིག་འགྲིམ་གྱིན་ཡོད། ང་ཚོ་དང་རྒྱ་ནག་བར་དཀའ་རྙོག་ཡོད་ལ། ང་ཚོ་དང་ཉི་ཧོང་བར་དུའང་དཀའ་སྙོག་ཡོད། ང་ཚོ་དང་མཀསེཀོ་བར་མཐའ་མཚམས་དང་ཚོང་འབྲེལ་གཉིས་ཀའི་ཐོག་དཀའ་རྙོག་ཡོད། ང་ཚོས་སང་ལོ་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གྱིས་ཨ་སྒོར་ཐེར་འབུམ་ལྔ་བརྒྱ་བཅུ་མེད་ལྔའི་གྱོང་གུན་འཁུར་མི་ཉན། ང་ཕོ་བྲང་དཀར་པོར་འོས་འདེམས་བྱུང་ཚེ། ངས་ཚོང་དོན་ལ་མཁས་པའི་མི་སྣ་ཆེད་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་ཚོང་ལས་ཀྱི་སྲིད་ཇུས་གཏན་འབེབས་དང་གྲོས་བསྡུར་བྱ་རྒྱུ་ཡིན། ང་ལ་དགོས་པ་ནི་གྲོས་མོལ་བྱེད་པར་ཆེས་མཁས་པའི་མི་སྣ་ཡིན། ང་ཚོའི་རྒྱལ་ཁབ་ནང་འཛམ་གླིང་ནང་གི་ཚོང་ལས་འཇོན་ཐང་ཆེ་ཤོས་ཀྱི་མི་སྣ་ཡོད། འོན་ཀྱང་ང་ཚོས་དེ་དག་གི་འཇོན་ནུས་བེད་སྤྱོད་མ་བྱས་པར་ལུས་ཡོད། ང་ཚོས་རྒྱ་ནག་དང་ཉི་ཧོང་ལྷན་དུ་གྲོས་མོལ་བྱེད་པར་སྲིད་དོན་གྱི་མི་སྣ་དཀྱུས་མ་བེད་སྤྱོད་བྱེད་ཀྱིན་ཡོད” ཅེས་སོགས་བརྗོད་འདུག
ཁོང་གིས་མཚམས་འཇོག་དགོས་པའི་ཡི་གེ་ཞེས་པའི་དྲི་བར་ལན་འདེབས་གནང་སྐབས། རང་ཉིད་ཀྱི་ཁ་གཏད་སྤྱི་མཐུན་ཚོགས་པའི་འོས་མི་ཊེཌ། ཀུརུཟེ།(Ted Cruz)མཆོག་ལ། གལ་ཏེ་ཁྱེད་རང་ཕྱི་ཟླ་བཅུ་གཅིག་ནང་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་ཚེ་ཁྱེད་ཀྱིས་དེ་ལྟར་གནང་ངམ་ཞེས་དྲི་བ་དེ་ཁོང་ལ་བཏང་། ཤར་ཀ་རོ་ནར་གྱི་ཚོམས་ཆེན་དུ་(South Carolina)སྲིད་སྐྱོང་འོས་མའི་བགྲོ་གླེང་སྐབས་གསུངས།
བགྲོ་གླེང་དེའི་སྐབས་དེ་སྔོན་ཌོནལ། ཊྲམ་མཆོག་གིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ཇོར་ཇི་བྷུ་ཤི་མཆོག་གིས་ཨི་རག་ལ་དམག་འཐབ་བྱས་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཡིན་པའི་སྐྱོན་འཛུགས་དང་འབྲེལ་བའི་དྲི་བར་ལན་འདེབས་བྱེད་ཁག་ཙམ་བྱུང་།
དེ་སྔོན་ཁོང་གིས་ “ཨི་རག་ལ་དམག་འཐབ་བྱས་པ་དི་ནི་སྲིད་འཛིན་དང་མི་སྣ་སུ་འདྲ་ཞིག་གིས་ཐག་གཅོད་བྱས་པ་ཡིན་རུང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་ནོར་འཁྲུལ་ཆེ་ཤོས་དང་ཐབས་སྡུག་ཤོས་དེ་ཆགས་ཡོད།” “ཨི་རག་ལ་དཔུང་འཇུག་བྱས་པ་དེས་དབུས་ཤར་ཨེ་ཤི་ཡ་བརྟན་ལྷིང་མེད་པ་བཟོས་པ་རེད། ངས་སྐབས་དེར་ཨི་རག་ལ་དཔུང་འཇུག་བྱས་ན་དབུས་ཤར་ཨེ་ཤེ་ཡའི་བརྟན་ལྷིང་ལ་གནོད་ཀྱི་རེད་ཅེས་བརྗོད་པ་ཡིན། ད་ཆ་ངས་གང་བརྗོད་པ་མངོན་འགྱུར་བྱུང་སོང་།” “ང་ནི་ཨི་རག་ནང་དཔུང་འཇུག་མགོ་འཛུགས་བྱས་མ་ཐག་ནས་ངོ་རྒོལ་བྱེད་མཁན་ཞིག་ཡིན། ད་ཆ་དབུས་ཤར་ཨེ་ཤེ་ཡའི་ནང་ཨི་རང་དང་ཨི་རག་འཆམ་མཐུན་མེད་པ་སོགས་ལྷིང་འཇགས་བྲལ་བའི་དུས་མགོ་དེ་ལྟར་མགོ་ཚུགས་པ་རེད།” “དུས་དེ་ནས་ཨའི་ཨེསེ་ཨའི་ཨེསེ་ISIS(Islamic State)དང་ལིབྷི་ཡ། སེརི་ཡ་སོགས་ཀྱི་གནད་དོན་རིམ་བཞིན་མགོ་ཚུགས།” “ང་ཚོས་ཨི་རག་ཏུ་དཔུང་འཇུག་བྱེད་པར་མི་སྣ་སྟོང་ཕྲག་མང་པོའི་ཚེ་སྲོག་འགྲོ་གྲོན་བཏང་ཡོད་ལ། ཨ་རིའི་ཌོ་ལར་ཐེར་འབུམ་ཉི་ཤུ་འགྲོ་གྲོན་བཏང་ཡོད།”ཅེས་བརྗོད།
སྐལ་ལྡན་གྱིས་བོད་བསྒྱུར་ཞུས།
མི་འདི་ལ་འོས་ཐོབ་ཚེ་བོད་པ་གཙོས་རྒྱ་ནག་གི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་ཚོར་དཀའ་ངལ་འཕྲད་རྒྱུ་རེད།