མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བའི་མཛད་པ་དང་གསུང་རྩོམ་དགོངས་གཞི་བཅས་ཀྱི་ཐོག་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱུད་སྟོད་གྲྭ་ཚང་དུ་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་རྣམས་ཀྱིས་༧གོང་ས་མཆོག་གི་མཛད་རྣམ་དང་གསུང་རྩོམ། དགོངས་གཞི་བཅས་ཀྱི་ཐོག་ཉིན་བཞིའི་རིང་གི་བགྲོ་གླེང་ཞིག་མགོ་འཛུགས་གནང་ཡོད་པ་རེད།

1དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་དྷ་རམ་ས་ལའི་ནེ་འཁྲིས་རྒྱུད་སྟོད་གྲྭ་ཚང་གི་འདུ་ཁང་ནང་དུ། དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་གི་མཛད་རྣམ་དང་གསུང་རྩོམ། དགོངས་གཞི་བཅས་ཀྱི་སྐོར་ལ་ཉིན་ ༤ རིང་གི་མཁས་པའི་བགྲོ་གླེང་ཞིག་དབུ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་དབུས་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་བླ་མ་དབུ་མཛད། དེ་བཞིན། བོད་ཀྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་དགོན་སྡེ་གྲྭ་ཚང་ཁག་གི་སྐུ་ཚབ། གཞན་ཡང་། དྷ་ས་ཁུལ་དུ་ཡོད་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་མི་གྲངས་ ༡༠༠ ལྷག་འཛོམས་ཡོད་འདུག

མཛད་སྒོའི་ཐོག་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་གནང་དོན། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་མཛད་འཕྲིན་གྱི་འོད་སྣང་ལ་བརྟེན་ནས་ཆོས་བརྒྱུད་རིས་སུ་མ་ཆད་པར་ཕན་ཚུན་ཤེས་ནས་དད་པ་འཐོབ་པ་ཞིག་ཡོང་དགོས་པ་དང་། དེའི་ཐོག་ལ་གོམ་པ་མདུན་སྐྱོད་ཀྱི་རྣམ་པ་ངོ་མཚར་བ་དང་དགའ་འོས་པ་ཞིག་སོང་དང་འགྲོ་བཞིན་ཡོད་པ་ལྟར། དེའི་ཐོག་ལ་ང་ཚོ་རྗེས་འཇུག་པ་ཚོ་ཡིན་ན་ཡང་གོམ་པ་མདུན་སྤོས་ཀྱིས་རྗེས་ལུས་མ་ཐེབས་པ་ཞིག་ཡོང་དགོས་པའི་གནས་བབ་ཅིག་ཆགས་བསྡད་ཡོད། ཅེས་སོགས་གསུངས་སོང་།

3དེའི་རྗེས་དམིགས་བསལ་སྐུ་མགྲོན་ཀིརྟི་རིན་པོ་ཆེ་མཆོག་ནས་༧གོང་ས་མཆོག་གི་མཛད་འཕྲིན་རྣམས་ལས་གསར་གཏོད་རང་བཞིན་གྱི་སྐོར་ལ་གསུང་བཤད་གནང་དོན། སྐུ་མདུན་གྱི་གསར་གཏོད་རང་བཞིན་གྱི་མཛད་འཕྲིན་ཁག་ལས་ངས་དཔེ་མཚོན་ཐུང་ཐུང་ཞིག་ཞུས་པ་ཡིན་ན། ཆོས་སྲིད་གཉིས་ལྡན་གྱི་བོད་མིའི་དམངས་གཙོ་དེ་སྐུ་མདུན་གྱི་གསར་གཏོད་རེད་ལ། དགེ་བཤེས་མའི་རྒྱུགས་སྤྲོད་དེ་སྐུ་མདུན་གྱི་གསར་གཏོད་རེད། དེ་བཞིན། དུས་རབས་ཉེར་གཅིག་པ་དེ་འཚེ་བ་མེད་པའི་དུས་རབས་ཤིག་ཏུ་བསྐྲུན་དགོས་གསུངས་པ་དེ་ཁོང་གི་གསར་གཏོད་ཅིག་རེད་ལ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་དགོས་གསུངས་པ་དེའང་ཁོང་གི་གསར་གཏོད་ཅིག་རེད། ཆོས་ལུགས་ཡོངས་རྫོགས་གཞི་གཅིག་གི་ཐོག་ཏུ་འདུས་ཐུབ་པ་བྱེད་དགོས་གསུངས་པ་དེ་ཡང་ཁོང་གི་གསར་གཏོད་རེད། ནང་ཆོས་དང་ཚན་རིག་དཔུང་པ་མཉམ་གཤིབ་བྱེད་པ་དེ་སྐུ་མདུན་གྱི་གསར་གཏོད་རེད། དེ་བཞིན། སྔོན་མ་ཝ་ར་ཎ་སི་རུ་སྐུ་མདུན་གྱིས་ནང་ཆོས་དང་དམར་པོའི་ལྟ་བའི་མཐུན་པའི་ཆ་དེར་བཀའ་སློབ་ཅིག་གནང་ཡོད་པ་དང་། ད་ལྟའི་བར་དུ་སུ་གང་གིས་དེ་ཚོ་ཕལ་ཆེར་གསུང་མྱོང་ཡོད་རྒྱུ་མ་རེད་བསམ་གྱི་འདུག གཞན་ཡང་། བོད་ཀྱི་དགོན་པ་ཡོངས་རྫོགས་སློབ་གཉེར་ཁང་གི་ངོ་བོར་བསྒྱུར་བ་དེའང་སྐུ་མདུན་གྱི་གསར་གཏོད་ཅིག་རེད་ལ། བོད་མི་ཡོངས་རྫོགས་ཤེས་ཡོན་ལྡན་པ་དང་ཡ་རབས་བཟང་སྤྱོད་ལྡན་པ་དེའང་ཁོང་གི་གསར་གཏོད་ཀྱི་རང་བཞིན་རེད། ཅེས་གསུངས་བ་དང་འབྲེལ། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་མ་འོངས་པར་ཁོང་གི་བཀའ་སློབ་དེ་ཚོ་མི་རེ་ངོས་རེ་ནས་ལག་ལེན་ག་རེ་བསྟར་དགོས་པ་དང་། ཚོགས་པ་ཁག་གི་ངོས་ནས་ལག་ལེན་ག་རེ་བསྟར་དགོས་པའི་ཐོག་ད་ལྟ་ནས་ཤུགས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ད་རེབ་ཙམ་མིན་པར་མ་འོངས་པར་བརྗོད་གཞི་རེ་རེའི་ཐོག་བགྲོ་གླེང་གནང་ཐུབ་པར་ཐུགས་སྐུལ་བཅས་གནང་ཡོད་པ་རེད།

2མཇུག་ཏུ་སྐུ་མགྲོན་གཙོ་བོ་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་ནས་བོད་མི་ཞིག་ཏུ་སྐྱེས་པ་ཙམ་གྱིས་བསོད་ནམས་ཆེན་པོ་ཆགས་ཡོད་སྐོར་གསུང་སྐབས། འཛམ་བུ་གླིང་ལ་མི་རིགས་འདྲ་མིན་སྣ་ཚོགས་ཀྱིས་ཁེངས་བསྡད་ཡོད་པ་རེད། ང་ཚོ་བོད་པ་རྐྱང་པ་མ་རེད། མི་རིགས་ཁྲི་ཕྲག་མང་པོ་ཡོད་པ་དང་། མི་རིགས་སོ་སོར་རིག་གཞུང་དང་སྐད་ཡིག་ཡོད་ལ། ཚང་མ་ལ་ལོ་རྒྱུས་རིང་པོ་ཡོད་པ་རེད། ལོ་རྒྱུས་རིང་པོ་མེད་མཁན་སུ་གང་ཡོད་པ་མ་རེད། དེས་ཀྱང་ཚད་ཀྱི་མ་རེད་འཛམ་གླིང་ཤར་ལྷོ་ནུབ་བྱང་གང་སར་ནང་པ་སངས་རྒྱས་པའི་ཆོས་དར་བསྡད་ཡོད་པའི་ལུང་པ་མང་པོ་ཞེ་དྲགས་རེད། ང་ཚོ་བོད་པ་རྐྱང་པ་མ་རེད། ཡིན་ནའང་། ང་ཚོ་བོད་ཀྱི་མི་ཞིག་ཡིན་རྗེས་འཛམ་བུ་གླིང་གང་དུ་ཕྱིན་པ་ཡིན་ཡང་མི་ཚང་མས་བརྟག་དཔྱད་དང་ཞིབ་འཇུག་གང་ཡང་མ་བྱས་པར་མི་ཡག་པོ་ཞིག་ཡིན་པར་ངོས་འཛིན་རང་བྱེད་ཀྱི་འདུག་གཱ། ང་རང་ལ་ཉམས་མྱོང་ཡོད་པ་རེད། ཕྱི་ལོ་ ༡༩༧༩ ནས་ངས་འཛམ་བུ་གླིང་བསྐོར་ནས་ཕྱིན་པ་རེད། དེ་འདྲའི་ཚོར་བ་ཞིག་དང་བརྩི་མཐོང་ཞིག་མི་རིགས་ཤིག་གི་ཐོག་ལ་བྱེད་བཞིན་པ་དེ། འཛམ་བུ་གླིང་གི་མི་རིགས་གཞན་པ་ནང་པ་ཡིན་པ་དེ་ཚོ་ལའང་ཡོད་པ་མ་རེད་དཱ། ད་དེ་ག་རེ་བྱས་པ་རེད་ཟེར་ན། ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་འདི་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བའི་ཞིང་རེད། དེ་བཞིན་བོད་ཆོས་རྒྱལ་ཆེན་པོ་རྣམ་པ་ཚོ་དང་གུ་རུ་རིན་པོ་ཆེ་ཁོང་རྣམ་པས་བྱིན་གྱིས་བརླབས་པའི་ཡུལ་རེད། དེར་བརྟེན། མི་ཡུལ་གྱི་དག་པའི་ཞིང་ཆགས་བསྡད་ཡོད་པ་རེད། མི་སྒེར་སོ་སོའི་ཐོག་ནས་སྣ་ཚོགས་ཡོང་གི་རེད། འཕེན་བྱེད་དགེ་བས་འཕངས་ལ་རྫོགས་བྱེད་མི་དགེ་བས་རྫོགས་པ། འཕེན་བྱེད་མི་དགེ་བས་འཕངས་ལ་རྫོགས་བྱེད་དགེ་བས་རྫོགས་པ་དེ་འདྲ་མང་པོ་ཡོང་གི་རེད། བསམ་བློ་ཡག་པོ་ཞིག་གཏང་ན། འཛམ་བུ་གླིང་པ་ཚང་མས་ང་ཚོར་བུ་ལོན་སྤྲོད་དགོས་པ་སྟེ་ང་ཚོས་སྔོན་མ་ཅིག་གཡར་བཞག་ཡོད་པ་མ་རེད་བཱ། ཡིན་ནའང་། ཚང་མས་ང་ཚོར་ག་རེ་དྲག་དྲག་བྱེད་ཀྱི་འདུག་གཱ། དེ་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དྲིན་རེད། ཅེས་སོགས་གསུངས་ནས་བླངས་དོར་གྱི་བཀའ་སློབ་གནང་གྲུབ་རྗེས། དགེ་ལུགས་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

ཆུ་ཚོད་ ༡ སྔོན་ལ།
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢ སྔོན་ལ།
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠
Mobile App

བོད་ཀྱི་བུད་མེད་རྫོང་དཔོན་ཞིག་ལ་ཞིབ་བཤེར་བྱེད་བཞིན་འདུག

༢༠༢༥/༡༢/༠༩
ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་འོས་མི་ཚེ་རིང་ཕུན་ཚོགས་ལགས། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས། ༢༠༢༥།༡༢།༨
Mobile App

ཚེ་རིང་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༢༦ སྲིད་སྐྱོང་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༡༢/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese