མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོབས་ཆེན་རྒྱལ་ཁབ་ཁག་ཧྲང་ཧེ་རུ་ཚོགས།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་ཆེན་དེ་བཞིན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཚོགས་ཀྱང་ཚོགས་ཆེན་སྟེང་དེང་གི་གླིང་འཛམ་སྤྱིའི་དཔལ་འབྱོར་ཉམ་ཉེས་བསྐྱར་གསོ་ཐབས་མེད་སྐོར་བརྗོད་འདུག

s4.reutersmediaནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་ཆེན་ (G20) ཞེས་པ་དེ་ཚོགས་ཡོད་པ་དང་། ཚོགས་ཆེན་སྟེང་ཨ་རིའི་དཔལ་འབྱོར་འདུ་འགོད་ཁང་གི་འགན་འཛིན་ཇ་ཁོ་བྷི་ལུ་ཝ་ (Jacob Lew) དང་། ཨ་རིའི་དབུས་དངུལ་ཁང་གི་གཙོ་འཛིན་ལྕམ་ཇ་ནི་ཊ་ཡུ་ལིན་ (Janet Yellen) དང་། རྒྱ་ནག་གི་དཔལ་འབྱོར་བློན་ཆེན་ལོ་ཅེ་ཝི་ (Lou Jiwei) དང་རྒྱ་ནག་དབུས་དངུལ་ཁང་གི་སྤྱི་ཁྱབ་དཔོན་རིགས་ཀྲུའུ་ཞོ་ཁྲན་ (Zhou Xiaochuan)། ཡུ་རོབ་དབུས་དངུལ་ཁང་གི་འགན་འཛིན་མ་རེའོ་ཌ་ར་གྷེ་ (Mario Draghi) དེ་བཞིན་ལྷོ་ཀོ་རི་ཡ་དང་རྒྱ་གར། ལྷོ་ཨ་ཧྥི་རེ་ཁ་དང་ཡུ་རོབ་གླིང་བཅས་ཀྱི་དཔལ་འབྱོར་དང་དངུལ་ཁང་གི་དཔོན་རིགས་རྣམས་མཉམ་ཞུགས་ཐོག འཛམ་གླིང་ཤར་ནུབ་ཀྱི་དཔལ་འབྱོར་ཉམ་ཉེས་སྲུང་སྐྱོབ་དང་ལས་གནས་གསར་འཛུགས་གནང་ཕྱོགས་ཐད་ལ་བགྲོ་གླེང་དང་གྲོས་བསྡུར་བྱས་ཡོད་འདུག

རྒྱལ་སྤྱིའི་ཐེབས་རྩ་ཁང་ (IMF) གི་འགན་འཛིན་ལྕམ་ཁིར་སི་ཊེན་ལ་གྷར་ཌི་ (Christine Lagarde) ཡིས། འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་གི་སྲིད་གཞུང་དག་གིས་ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་ཆེན་སྟེང་བཞག་པའི་གྲོས་ཆོད་ཁག་གཞིར་བཟུང་གིས་སོ་སོའི་རྒྱལ་ནང་གི་དཔལ་འབྱོར་འདུ་འགོད་ཐད་ལ་བཅོས་བསྒྱུར་དང་ཡར་རྒྱས་གཏོང་དགོས་པ་དང་། རེབ་དེའི་གྲོས་ཆོད་ནང་ཉོ་འཚོང་འདུ་འགོད་དང་། དཔལ་འབྱོར་འཛུགས་སྐྲུན། བཟོ་ལས་རིག་རྩལ་བཅས་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་གྲོས་ཆོད་དོན་ཚན་ ༨༠༠ ལྷག་བྱུང་ཡོད་ནའང་། ཤར་ནུབ་རྒྱལ་ཁབ་རེ་ཟུང་གིས་ད་ལྟའི་བར་གྲོས་ཆོད་དེ་དག་ལག་བསྟར་ཐུབ་མེད་པ་དང་། གྲོས་ཚོགས་ཁག་གིས་དཔལ་འབྱོར་འཚོལ་སྒྲུབ་ཀྱི་སྲིད་ཇུས་གསར་འཛུགས་མི་དགོས་པར་ཁོང་ཚོས་ཚོགས་ཆེན་སྟེང་བཞག་པའི་གྲོས་ཆོད་ཁག་ལག་བསྟར་དགོས་སྐོར་བརྗོད་འདུག

དབྱིན་ཇིའི་དབུས་དངུལ་ཁང་གི་འགན་འཛིན་མར་ཀི་ཁར་ནིའུ་ (Mark Carney) ཡིས། འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་གི་རྒྱལ་ནང་གི་དཔལ་འབྱོར་བཅོས་བསྒྱུར་དང་འཕོ་འགྱུར་ཐད་ལ་འཐུས་ཤོར་ཆེན་པོ་བྱུང་ཡོད་སྐོར་དང་། འཛམ་གླིང་སྤྱིའི་དཔལ་འབྱོར་ལེགས་བཅོས་དང་ཁ་ཕྱོགས་ལ་འཕོ་འགྱུར་གཏོང་མ་ཐུབ་པས། འཛམ་གླིང་སྤྱིའི་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཤིན་ཏུ་དལ་བ་ནི་དངོས་གནས་བློ་ཕམ་ཞིག་ཡིན་ཚུལ་བརྗོད་འདུག

གཞན། འཇར་མིན་གྱི་དཔལ་འབྱོར་བློན་ཆེན་ཝོལ་ཧྥི་གྷང་སི་ཆུ་བྷལ་ (Wolfgang Schauble) གྱིས། དེང་སྐབས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་ཡོང་འབབ་ལ་ཚོད་འཛིན་ཐེབས་ཡོད་སྟབས། འཇར་མན་གཞུང་གིས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ནང་མ་དངུལ་འཛུགས་རྒྱུར་མོས་མཐུན་མེད་སྐོར་དང་། ཡང་ཁོང་གིས་འཛམ་གླིང་རྒྱལ་ཁབ་ཁག་གིས་སོ་སོའི་རྒྱལ་ནང་གི་དཔལ་འབྱོར་སྲིད་ཇུས་ལ་བཅོས་བསྒྱུར་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་པའི་ནང་། ང་ཚོས་དཔལ་འབྱོར་སྲིད་ཇུས་ལ་གྲོས་འཆར་མ་བཏོན་པས་ཕོངས་པ་མིན་པར། ང་ཚོས་དཔལ་འབྱོར་སྲིད་ཇུས་ལག་བསྟར་མ་བྱས་པའི་ལན་པ་ཡིན་སྐོར་བརྗོད་འདུག

རྒྱ་ནག་དབུས་དངུལ་ཁང་གི་སྤྱི་ཁྱབ་དཔོན་རིགས་ཀྲུའུ་ཞོ་ཁྲན་གྱིས། འདས་ལོར་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཤིན་ཏུ་དལ་བ་དེས་འདས་པའི་མི་ལོ་ ༢༥ རིང་གི་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་བརྒྱ་ཆ་ ༧.༣ ཙམ་མར་ཆགས་ཡོད་ཚུལ་བཤད་འདུག

གནས་ཚུལ་ལྟར་ན། འདས་པའི་ལོ་ངོ་གཉིས་རིང་འཛམ་གླིང་སྤྱིའི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་འགྲོས་དལ་བར་བརྟེན་ནས། དཔལ་འབྱོར་ཁེ་ལས་དབྱེ་ཞིབ་པ་ཚོས། དེང་གི་དཔལ་འབྱོར་གྱི་གནས་བབ་ཧ་ཅང་ཛ་དྲག་ཆགས་ཀྱི་ཡོད་པར་ཚོད་དཔག་བྱེད་ཀྱི་འདུག

འདི་ལོར་རྒྱལ་སྤྱིའི་ཐེབས་རྩ་ཁང་གིས་འཛམ་གླིང་སྤྱིའི་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ་ ༣.༤ ནས་ ༠.༢ མར་བཅག་ཡོད་པ་མ་ཟད། ད་ལོའི་ཕྱི་ཟླ་ ༤ ནང་ད་དུང་མར་གཅོག་སྲིད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༦ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 10 སྔོན།

    ཐེངས་འདིའི་འཛམ་གླིང་གི་སྟོབས་རྒྱལ་ཁབ་༢༠་ཡི་དཔལ་འབྱོར་བློ་ཆེན་ཚོས་ཚོགས་ཆེན་སྟེང་སྟོབས་འབྱོར་རྒྱལ་ཁབ་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མིའི་ཁུངས་ནས་ཕྱིར་འཐེན་བྱས་ན་འཛམ་གླིང་དཔལ་འབྱོར་ལ་ཉམས་རྒུད་ཆེན་མོ་ཐེབས་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

    དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་ཁུངས་ནས་ཕྱིར་འཐེན་སྐོར་གྱི་གནད་དོན་ཆེན་རེད།།

    ཨ་རིའི་སྲིད་འཛིན་འོས་མི་ཚོས་ཨ་རིའི་རྒྱལ་དོན།བདེ་སྲུང་།དམག་དོན། ཁྲིམས་འགལ་སྐྱབས་བཅོལ། འཕྲོད་བསྟེན། དཔལ་འབྱོར། སེ་རི་ཡའི་གནད་དོན། ཁ་ཆེ་འཇིགས་སྐུལ་པའི་རྒྱལ་ཁབ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་རྩོད་རྙོག་སྐོར་ལ་བགྲོ་གླེང་ཡག་པོ་བྱས་དང་བྱེད་བཞིན་ཡོད་སྟབས། འདིའི་སྐོར་ནས་གནས་ཚུལ་འབྲི་ཐུབ་ན་དགེ་མཚན་ཆེ།

    ཁ་སང་ཨུ་རུ་སུ་དང་ཨ་རི་གཉིས་ཀྱི་གནོན་ཤུགས་འོག་བྷ་ཞཱ་སྲིད་གཞུང་དང་གྱེན་ལོག་ཚོགས་གཉིས་ཀྱིས་སེ་རི་ཡའི་ནང་འཁྲུགས་བར་སྐབས་ནང་འཁྲགས་འཚམས་འཇོག་བྱས་ཡོད་ཀྱང་།ཕྱོགས་གཉིས་ཀྱིས་དོན་དངོས་སུ་མཚམས་འཇོག་ཐུབ་མིན་སྐོར་བྲིས་ན་ཡག་པོ་འདུག

    ན་ནིང་ཡུ་རོབ་ནང་སྐྱབས་བཅོལ་ས་ཡ་ལྷག་འབྱོར་པས་དེང་སང་ཞིབ་འཇུག་པ་མང་པོས་ཡུ་རོབ་མཐུན་ཚོགས་ཀྱིས་སྐྱབས་བཅོལ་དཀའ་ངལ་སེལ་མ་ཐུབ་པར་ཡུ་རོབ་ནང་ཁུལ་གྱི་རང་དབང་འདུག་སྤྱོད་Schengen བེད་མེད་ཆགས་པའི་ཉེན་ཁ་ཡོད་པ་མ་ཟད། ཡུ་རོབ་མཐུན་ཚོགས་ཁ་འཐོར་འགྲོ་བའི་ཉེན་ཁ་སྐོར་གྱི་གནས་འགྱུར་གལ་ཆེན་རེད།
    གོང་གི་བརྗོད་གཞི་དག་ཚ་ཚ་འུར་འུར་རེད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese