མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་བྲལ་བ་ཚོར་ངན་འབྲེལ་བྱེད་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་རྒྱ་གར་ནང་གི་༧གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་སོགས་ལ་ཆོས་འབྲེལ་འཇོག་མཁན་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་་ཚོར་གནོན་ཤུགས་སྤྲོད་བཞིན་ཡོད་འདུག

460xདེ་རིང་ཝ་ཞིན་ཊོན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དབང་འཛིན་པ་ཚོས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ད་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༤ ཉིན་རྒྱ་གར་བྱང་ཤར་ཁུལ་དུ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་མཛད་སྒོའི་སྟེང་། རྒྱ་རིགས་གློག་བརྙན་འཁྲབ་སྟོན་པ་དང་གཞས་བ་ཁག་ཅིག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལྷན་ཞུགས་ཀྱི་འདྲ་པར་ཞིག་དང་འབྲེལ་བའི་ཐོག རྒྱ་རིགས་གློག་བརྙན་འཁྲབ་སྟོན་པ་དང་གཞས་བ་ཚོས་རྒྱ་ནག་མི་མང་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་དགོས་པ་ལས། བཙན་བྱོལ་བོད་མིར་འབྲེལ་འདྲིས་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག

རྒྱ་རིགས་གློག་བརྙན་འཁྲབ་སྟོན་པ་ཧུ་ཅུན་ (Hu Jun) ཟེར་བ་ཞིག་གིས། ཁོ་དང་ཁོའི་ནང་མི་ཚོ་རྒྱ་གར་དུ་གསུང་ཆོས་ཞུ་བར་ཡོང་བ་ལས་གནས་འཕྲིན་དྲ་ཚིགས་ཁག་ཏུ་བསྒྲགས་པའི་ “ཁ་བྲལ་རིང་ལུགས་པ” ཟེར་བ་ཞིག་རྩ་བ་ནས་ཤེས་ཀྱི་མེད་སྐོར་དང་། ཁོ་རང་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་རྒྱལ་ཁབ་ཁ་བྲལ་གྱི་སྐད་ཆ་དང་བསམ་སྤྱོད་སྤེལ་མཁན་ཚོར་ཁོས་ཀྱང་མཐའ་གཅིག་ཏུ་དགག་པ་རྒྱག་གི་ཡོད་སྐོར་བཤད་འདུག

ཀྲུང་གོའི་བོད་ལྗོངས་དྲ་ཚིགས་ (CTO) སྟེང་སྤེལ་བའི་རྩོམ་ཡིག་ཅིག་གི་ནང་། པེ་ཅིན་གྱི་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ་ཧྥ་ཡི་ཝང་ (Faye Wong) དང་ཧུ་ཅུན་ (Hu Jun)། ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་ཐོ་ཉེ་ལུང་ (Tony Leung) སོགས་ནང་པའི་ཆོས་ལུགས་བྱེད་སྒོར་ཞུགས་ཏེ། ནང་བསྟན་ཆོས་ལུགས་ལ་དད་གུས་བྱས་པ་དེ་ལ་ནོར་འཁྲུལ་ཆེར་མེད་ཀྱང་། ཁོ་ཚོས་ཁ་བྲལ་བར་ངན་འབྲེལ་བྱེད་ཀྱི་ཡོད་པ་དེ་ཚུལ་མཐུན་མིན་ལུགས་སོགས་འཁོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་ཤོག་ (SCMP) ཅེས་པའི་དྲ་ཚིགས་སྟེང་། ཁོ་རང་ཚོས་ཁ་བྲལ་བ་ཟེར་བར་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་མིང་འདོན་བྱས་ཡོད་པའི་གྲས་སུ། ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་ཨན་ཐོ་ནེ་ཝང་ (Anthony Wong) དང་ཆབ་ཕི་མན་ཐོ་ (Chapman To) གཉིས་གཙོས་པའི་ཐའེ་ཝན་གྱི་གཞས་མ་ཨ་མའེ་ (A-Mei) དང་ཁྲུ་ཙོ་ཡུ་ (Chou Tzu-Yu) བཅས་ཡོད་མ་ཟད། ལོ་གཉིས་སྔོན་ལ་རྒྱ་རིགས་གློག་བརྙན་འཁྲབ་སྟོན་པ་ཇི་ཊི་ལེ་ (Jet Li) གཟའ་ཟླ་གཉིས་ཀྱིས་ཀྱང་༧གོང་ས་མཆོག་དང་ལྷན་དུ་འདྲ་པར་བླངས་པ་ལ་བརྟེན་ནས། ཁ་བྲལ་བར་ལག་འབྲེལ་བྱས་ཡོད་པའི་ནག་ཉེས་བཙུགས་ཡོད་སྐོར་སོགས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese