མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་གི་སྲིད་སྐྱོང་གླེང་གི་ཡོད་དུས་མི་མང་ལ་དྲི་བ་འདོན་པའི་གོ་སྐབས་སྤྲོད་རྒྱུ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པ་ཐོག དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ། ཨ་རིའི་རླུང་འཕྲིན་ཁང་ནས་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་དང་སྤེན་པ་ཚེ་རིང་མཆོག་གཉིས་བར་ལྷན་འཛོམས་ཀྱི་བགྲོ་གླེང་ཐེངས་དང་པོ་གོ་སྒྲིག་གནང་ཡོད་པ་ལྟར། ཚོགས་ཞུགས་པ་ཁག་ཅིག་ལ་བགྲོ་གླེང་བརྒྱུད་དགོངས་ཚུལ་ཅི་བྱུང་སྐོར་བཅར་འདྲི་ཞུས་ཡོད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཟུར་པ་ངག་དབང་འོད་འབར་ལགས་ཀྱིས། ང་རང་སྒེར་གྱི་ངོས་ནས་དེ་རིང་སྲིད་སྐྱོང་འོས་མི་རྣམ་གཉིས་ཀྱི་བགྲོ་གླེང་དེ་རྩ་བའི་ཆ་ནས་ཡག་པོ་ཞེ་དྲགས་བྱུང་སོང་བསམ་གྱི་འདུག དང་པོ་དེར་འོས་མི་གཉིས་ཆའི་ངོས་ནས་བཀའ་མོལ་གསུང་སྟངས་དེ་གསང་པོ་ཞིག་གསུངས་སོང་བསམ་གྱི་འདུག གཉིས་པ་དེར་རྩ་བའི་དུས་ཚོད་ཐུང་ཐུང་རེད་ལ། དྲི་བའི་ནང་ལོགས་ལའང་ཞེ་དྲགས་ཡོད་པ་མ་རེད། དེར་བརྟེན་མ་འོངས་པའི་འཐབ་རྩོད་ཐོག་ལ་དྲི་བ་དང་དྲིས་ལན་གཉིས་ཆ་འདོད་པ་ཁེངས་བ་ཞིག་བྱུང་མ་སོང་། དེ་ནས་བོད་ནང་ལོགས་ཀྱི་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང་གནས་སྟངས། ཆོས་དང་རིག་གཞུང་། ལྷག་པར་དུ་ཕྱི་ལོ་ ༡༩༨༧ ནས་བཟུང་ད་ལྟའི་བར་བོད་མི་སྟོང་ཕྲག་མང་པོ་བཙོན་ཁང་དུ་བསྡད་དགོས་ཁེལ་ཡོད་ཀྱང་། དེ་ཚོའི་སྐོར་ལ་བཀའ་མོལ་ཚིག་གཅིག་གསུངས་མ་སོང་བ་དེ་བློ་ཕམ་ཆེ་ཤོས་ཡིན། ངས་མ་གོ་ནས་ཁོང་གཉིས་ཀྱིས་གསུངས་ཡོད་ན་གང་ཤེས་མ་གཏོགས་ང་རང་གིས་གོ་མ་སོང་། ཞེས་བརྗོད་བྱུང་།

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས། དེ་སྔོན་སྲིད་སྐྱོང་འོས་མི་གཉིས་བར་དུ་ཐད་ཀར་གདོང་ཐུག་མེད་པའི་ཐོག་ནས་ཕར་ཚུར་ལ་བགྲོ་གླེང་བྱུང་ཡོད་པ་དང་། དེས་མང་ཚོགས་ཀྱི་སེམས་ནང་བློ་འཚབ་དང་སེལས་ཁྲལ་མང་པོ་ཞིག་ཡོང་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། གཉིས་ཀ་རྒྱལ་ཁབ་ཅིག་གི་མགོ་ཁྲིད་ཆེ་ཤོས་གཉིས་ཆགས་ཀྱི་ཡོད་པ་རེད། དེ་རིང་ཁོང་རང་གཉིས་གདོང་ཐུག་སྟེ་ཐད་ཀར་བགྲོ་གླེང་བྱེད་དུས། དང་པོ་དམངས་གཙོའི་སྒྲིག་འཛུགས་ཀྱི་ཆ་ནས་ཕན་ཐོགས་པ་ཞིག་ཡིན་ལ། མི་མང་གི་སེམས་ལ་དགའ་ཚོར་མང་པོ་ཞིག་སྐྱེས་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཁོང་རང་གཉིས་ཀྱིས་རྩོད་པ་བརྒྱབ་པ་གང་ཞིག་ལ་མཐའ་མར་ཕན་ཚུན་ལག་པ་བཏང་ནས་གཅིག་གིས་གཅིག་ལ་རྐུབ་སྟེགས་ཙམ་མ་ཡིན་པར་སེམས་གཏིང་ནས་མགོ་ཁྲིད་ཅིག་དང་བོད་པ་ཞིག་ཡིན་པའི་ཆ་ནས་བརྩེ་དུང་དེ་གསལ་པོ་ཐོན་སོང་དྲན་གྱི་འདུག དེ་ངས་གལ་ཆེན་པོ་ཞེ་དྲགས་རེད་བསམ་གྱི་འདུག ང་རང་སྒེར་གྱི་ངོས་ནས་རྩ་དོན་གྱི་ཆ་ནས་ཏོག་ཙམ་དགའ་བོ་བྱུང་མ་སོང་། གང་ཡིན་ཟེར་ན། ཁོང་རང་གཉིས་འཛིང་བ་མ་གཏོགས་རང་དབང་འཐབ་རྩོད་ཐད་སྐད་ཆ་ཞེ་དྲགས་བཤད་མ་སོང་ང་། དེའི་སྐོར་ལ་རྗེས་མ་ཁོང་རྣམ་གཉིས་ཀྱིས་མང་ཙམ་བཤད་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

བོད་ཀྱི་མཛངས་མ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས། སྤྱིར་བཏང་ཚང་མས་མཁྱེན་གསལ་རེད། ད་ལྟ་ང་ཚོ་འཁྲུག་ཆ་དོད་པོ་ཞེ་དྲགས་ཤིག་གི་སྒང་ལ་འགྲོ་བཞིན་ཡོད་པ་རེད། དེ་རིང་ཨ་རིའི་རླུང་འཕྲིན་ཁང་གིས་ཕྱག་ལས་ཡག་པོ་ཞེ་དྲགས་གནང་འདུག དྲི་བ་མང་པོ་ཞིག་ཚུར་རུག་རུག་བཟོས་ཏེ་ཁོང་རང་ཚོས་གང་ལྟར་དྲི་བ་རང་ལ་ལན་རྒྱག་པའི་ལས་རིམ་བཟོས་གནང་ཡོད་དུས། ནམ་རྒྱུན་ཧ་གོ་ཡི་མེད་ལབ་པ་དང་། དོགས་པ་འདུག་ཟེར་བ་དེ་ཚོ་ཆ་ཚང་འདྲ་པོ་ཞིག་དེ་རིང་གཙང་མ་ཆགས་སོང་བསམ་པའི་ཚོར་བ་བྱུང་། ཞེས་བརྗོད་བྱུང་།

གསར་འགོད་པ་ཞིག་གིས་དེ་རིང་བགྲོ་གླེང་ནང་གནད་དོན་གལ་ཆེན་པོ་དེ་འདྲ་གླེང་སློང་བྱུང་མ་སོང་བསམ་པ་དེ་འདྲ་ཡོད་མེད་དྲིས་པར་ཁོང་གིས། སྒེར་གྱི་གནད་དོན་དེ་འདྲ་ཡོད་པ་རེད། དཔེར་ན། ཁ་སང་ཕྱི་དྲིལ་བཀའ་བློན་ཟུར་པ་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་དགོངས་པ་ཞུས་པའི་གནད་དོན་བྱུང་བསྡད་ཡོད་པ་དང་། དེའི་ཐོག་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཞིག་ཆགས་བསྡད་ཡོད་པ་རེད། བདེ་སྐྱིད་ཆོས་དབྱངས་ལགས་ལ་ཆ་བཞག་ན། བདུན་ཕྲག་གསུམ་ནང་འོས་ཤོག་བསླེབ་ཀྱི་ཡོད་པ་དང་། ཟླ་བ་ཁ་ཤས་ནང་ལས་ཡུན་འཁྱོལ་འགྲོ་མཁན་གྱི་བཀའ་བློན་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་གློ་བུར་དུ་ཛ་དྲག་ཐོག་ནས་དགོངས་པ་ཞུས་པ་དེའང་ལབ་གླེང་གསར་པ་ཞིག་ཆགས་ཡོད་དུས། དེ་རིང་བགྲོ་གླེང་འདིའི་ཐོག་དེའི་སྐོར་ལ་དྲི་བ་བསླེབ་མ་སོང་ང་། གནད་དོན་དེའི་ཐོག་ནས་སྤྱི་ཚོགས་ནང་བཀའ་ཤག་ནང་ལོགས་ལ་རྙོག་དྲ་འདྲ་པོ་བྱུང་ཡོད་ན། ཡང་མིན་ན་བདེ་སྐྱིད་ཆོས་དབྱངས་ལགས་མོ་རང་སྒེར་གྱི་ཐོག་ནས་བཀའ་ཤག་གི་ཕྱག་ལས་གནང་སྟངས་ཐད་གཟིགས་སྟངས་མ་འདྲ་བ་དེ་འདྲ་ཡོད་པ་ཡིན་ན་བསམ་ནས་ལབ་གླེང་ཡོང་གི་ཡོད་ལ། གནད་དོན་དེ་ཁ་གསལ་པོ་མེད་དུས་བརྗོད་གཞི་གསར་པ་ཞིག་ཆགས་བསྡད་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

ཡང་ཚོགས་ཞུགས་པ་བུ་མོ་ཞིག་གིས། ངས་བགྲོ་གླེང་གི་རྗེས་སུ་མི་མང་གིས་དྲི་བ་འདོན་རྒྱུ་ཡིན་གྱི་རེད་བསམ་ནས་སོ་སོའི་ངོས་ནས་གྲ་སྒྲིག་བྱས་པ་ཡིན། འོན་ཀྱང་མི་མང་གིས་དྲི་བ་འདོན་པའི་སྡིངས་ཆ་མི་འདུག ངའི་བསམ་པར་བགྲོ་གླེང་འདིའི་སྟེང་མི་མང་གི་སྲིད་སྐྱོང་གླེང་གི་ཡོད་དུས། མི་མང་ལ་དྲི་བ་འདོན་པའི་གོ་སྐབས་སྤྲོད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཨ་རིའི་རླུང་འཕྲིན་ཁང་གཅིག་པུ་རེད་འདུག ཁོ་རང་ཚོས་དྲི་བ་དྲིས་ལན་འདེབས་པ་ཙམ་ལས་མི་མང་ལ་འབྲེལ་བ་མེད་པ་ལྟ་བུ་ཞིག་ཏུ་མཐོང་སོང་། ཁོ་རང་ཚོར་ལབ་དགོས་པ་དང་དགག་པ་རྒྱག་དགོས་ས། འདོད་པ་མ་ཁེངས་པ་སོགས་སྲིད་སྐྱོང་འོས་མི་གཉིས་ཀྱིས་ལབ་པ་དང་། ཨ་རིའི་རླུང་འཕྲིན་ཁང་གིས་དྲི་བ་ག་རེ་བཏང་བ་ཡིན་ན། དེ་ལ་དྲིས་ལན་རྒྱག་གི་འདུག་མ་གཏོགས་མི་མང་ལ་འབྲེལ་བ་ཉུང་བ་ཞིག་ཏུ་མཐོང་སོང་ཞེས་དང་།

གསར་འགོད་པས་བགྲོ་གླེང་འདི་བརྒྱུད་ཁྱེད་རང་གིས་འོས་བླུགས་འདོད་པའི་སྲིད་སྐྱོང་འོས་མི་དེར་རྒྱབ་སྐྱོར་ཞུ་ཕྱོགས་ཐད་འགྱུར་ལྡོག་འདྲ་བྱུང་སོང་ངམ་ཞེས་དྲིས་པར། ངས་སྔོན་མར་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་འོས་བླུགས་པ་ཡིན་ལ། ད་རེས་ཀྱང་ནོར་མི་འདུག་བསམ་པ་ཏན་ཏན་བྱུང་སོང་། འདོད་པ་མ་ཁེངས་པ་དེ་རྒྱུན་ལྡན་རེད། དམངས་གཙོ་ཡིན་དུས་སོ་སོའི་འདོད་པ་མ་ཁེངས་པ་དེ་འདྲ་ཡོང་བ་ཡིན་ཡིན་པ་རེད། ཡིན་ནའང་ང་རང་གིས་བསམ་པར་ཕྱི་ལོ་ ༢༠༡༡ ལོར་ངས་འོས་བླུགས་པ་དེ་འཕྲོ་བརླག་ལ་འགྲོ་མི་འདུག་བསམ་སོང་། གང་ཡིན་ཟེར་ན་ལས་ཀ་བྱེད་དགོས་པ་དེ་བྱས་ཡོད་པ་གསལ་བོ་ཁ་ཤས་ཤིག་ཡོད་པ་རེད། དེ་གསལ་བོ་གསལ་རྐྱང་ཡིན་པས་ང་རང་འདོད་པ་ཁེངས་པ་ཞིག་བྱུང་སོང་། ཞེས་བརྗོད་བྱུང་།

ཚོགས་ཞུགས་དགེ་འདུན་པ་ཞིག་གིས། དེ་རིང་གི་ཚོགས་འདུའི་ངོ་གདོང་ནས་བལྟས་ན། བོད་ཕྱི་ནང་གི་ལྟ་ཚུལ་གྱི་ཐོག་ནས་ཁོང་རྣམ་པ་གཉིས་ཀྱི་རྣམ་འགྱུར་ཧ་ཅང་ཡག་པོ་བྱུང་སོང་བསམ་གྱི་འདུག རྒྱབ་ལྗོངས་ཀྱི་གནས་ཚུལ་བཤད་ན། ཁོང་གཉིས་ཀྱི་བཤད་སྟངས་དེ་ཅུང་འདྲ་ཡི་མི་འདུག་བསམ་གྱི་འདུག སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱི་བཤད་སྟངས་ཐད་ནས་ངའི་བློ་ལ་འགྲོ་ཤོས་ཚོགས་གཙོ་མཆོག་གི་བཤད་སྟངས་དེ་རེད། མ་འོངས་པར་ཤེས་ཀྱི་མེད་ཀྱང་དེ་རིང་གི་གནས་སྟངས་ལ་བལྟས་ན་ཕལ་ཆེར་ཚོགས་གཙོ་མཆོག་གི་སྐད་ཆ་དེ་གནས་ལུགས་ལྡན་པ་ཞིག་རེད་བསམ་གྱི་འདུག ད་ལྟ་སྒེར་གྱི་འཁོན་འཛིན་མ་ཡིན་པར་སྤྱི་པར་བསམ་བློ་གཏོང་གིན་ཡོད་པའི་ཐད་ནས་ངས་ཚོགས་གཙོ་མཆོག་གི་གཏམ་བཤད་དེ་ཡག་པོར་མཐོང་གི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་རྒྱལ་དང་པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 5

  1. འཇམ་གཅེས། says:
    ལོ་ 10 སྔོན།

    མི་མང་གིས་ཆ་ཤས་ལེན་མི་ཆོག་དེ་ནི་ཡག་པོ་གཏན་གནས་མིན། སྲིད་སྐྱོང་གི་འོས་ཆོས་ལ་དོགས་པ་ཡོད་མཁན་དང་། རྙོག་གླེང་བཤད་མཁན་གཙོ་བོ་མི་མང་ཡིན་ལ། དེ་བཞིན་སྲིད་སྐྱོང་ཡང་མི་མང་གི་དབུ་ཁྲིད་ཡིན།

    Reply
  2. ར། says:
    ལོ་ 10 སྔོན།

    བརྙན་དང་སྒྲ་ལེན་མི་ཆོག་པར་དོ་ནན་བྱས་ཡོད་ཀྱང་། སྲོད་སྐྱོང་བློ་སེང་གི་རྒྱལ་སྐྱོར་བ་ཚོས་དུས་རྒྱུན་བོད་རིགས་ནང་ཁུལ་ལ་གསོད་གི་ཡིན་ཟེར་བ་དང་། བློ་སེང་སྲིད་སྐྱོང་ལ་མ་ཐོབ་ཚེ་དྭངས་བླངས་དཔྱ་ཁྲལ་སྤྲོད་ཀྱི་མིན། སྲིད་སྐྱོང་གི་ལས་དོན་བྱེད་ཕྱོགས་ལ་དོགས་འདྲི་བྱེད་མཁན་ཚོར་ངན་དམོད་ཚད་ལས་འདས་པ་བྱེད་པ་སོགས་བོད་མི་ནང་ཁུལ་ལ་ཁྲིམས་མེད་ལུགས་མེད་བྱེད་སྤྱོད་སྤེལ་ལོབས་སུ་སོང་བས། བློ་སེང་གིས་ཚོགས་གཙོར་ཟུར་ཟ་བྱས་རིགས་ཀྱི་བརྙན་དྲ་ལམ་གང་སར་ཁྱབ་བཞིན་འདུག ཁྲིམས་མེད་ལུགས་མེད་ཉེ་དགའ་ཕྱོགས་ཞེན་ཁོ་ན་ལས་མི་འདུག

    Reply
    • འཇིགས་མེད says:
      ལོ་ 10 སྔོན།

      སྲིད་སྐྱོང་འོས་མི་རྣམ་གཉིས་ལ་བཀྲིས་བདེ་ལེགས་གྲངས་མེད་ཡོད་ སུ་ལ་འོས་ཐོབ་ན་མ་ཐོབ་ཁྱད་པར་མེད ་བོད་མི་ས་ཡ་དྲུག་སྐུ་ཚབ་ཡིན་དུས་བརྒྱ་ཆ་གུས་སྐུར་ཡོད་ ཡིན་ནའི་ངས་ལོ་་སྔོན་མ་བློ་སེང་ལ་འོས་འཕུལ་ཡོད་ འདི་ལོ་སྤེན་ཚེ་ལ་ཡིན་ ལོ་ལྔའི་རྗེས་ལ་སྤེན་འོས་མིར་ཡང་རྐྱར་ལང་ན་འོས་མི་འཕུལ་ཐག་གཅོད་ཡིན་ གང་ཡིན་ཞེས་ན་བོད་མི་གཞོན་སྐྱེས་དང་ཤེས་ཡོན་ཚོར་གོ་སྐབས་གནང་དགོས་དུག་ལྷན་རྒྱས་ཚོས་དགོངས་པ་ཆེ་བཞེས་ཐོག་ལོ་ལྔའི་རྗེས་ལ་བརྗེས་པོ་སྐྱོན་ཀྱང་གནང་རོགས་

      Reply
  3. ལྷག་པ། says:
    ལོ་ 10 སྔོན།

    ཁ་སང་གི་བགྲོ་གླེང་ཐོག་བསམ་ཚུལ་ཞུ་ཡ་གསུམ་ཡོད། དང་པོ་བགྲོ་གླེང་སྟེང་རྡ་རམ་ས་ལའི་མང་ཚོགས་མཉམ་ཞུགས་བྱེད་དུ་མ་བཅུག་པར་བགྲོ་གླེང་གོ་སྒྲིག་གནང་མཁན་ཁོ་རང་ཚོའི་དགའ་བོ་ཉེ་བ་དང་ངོ་ཤེས་གྲོགས་པོ། སྤྲེལ་ལད་འཁྲབ་པ་ཡིན་ནམ་གང་ཤེས་ཏེ། བོད་གཞུང་གི་དཔོན་རིགས་ཁ་ཤས་མ་གཏོགས་མང་ཚོགས་དཀྱུས་མ་སུ་གང་བགྲོ་གླེང་སྟེང་བཀག་སྡོམ་བྱས་ཡོད་པས་མང་ཚགོས་མང་པོ་ཞིག་བློ་ཕམ་དང་ཁོང་ཁྲོ་དང་བཅས་ཏེ་ཕྱིར་ལོག་དགོས་བྱུང་བ་མ་ཟད། ཁ་ཤས་ཀྱིས་རྣམ་འགྱུར་ངན་པ་བསྟན་ཏེ་ཚོགས་ཁང་ཕྱི་ལོག་ནས་བགྲོ་གླེང་གོ་སྒྲིག་གནང་མཁན་ཚོར་ཁ་འཛིང་ཡང་བྱས་སོང་པ་དེ་དང་པོ་ཡིན། གཉིས་པ་བགྲོ་གླེང་དངོས་གཞིའི་སྐབས་མང་ཚོགས་དང་ཟུར་ཉན་པ་ཚོར་དྲི་བ་དྲིས་ལན་སོགས་ཀྱི་གོ་སྐབས་གཅིག་ཀྱང་མ་སྤྲད་པར་དམ་དྲགས་ཆེན་པོ་བྱས་སོང་། ལྷག་པར་དུ་བགྲོ་གླེང་གཙོ་སྐྱོང་བས་གསལ་བསྒྲགས་གནང་སྟེ་པར་དང་བརྙན་ལེན་མི་ཆོག་པ་མ་ཟད་ཁ་པར་ནང་སྒྲ་ཡང་བླངས་མི་ཆོག་པའི་དམ་དྲགས་བྱས་པ་དེ་ཁྱོན་ནས་ཡག་པོར་མཐོང་མ་སོང་། གསུམ་གྱི་ཆ་ནས་བགྲོ་གླེང་གོ་སྒྲིག་པའི་དྲི་བ་ཁག་དེ་ཙམ་གྱིས་ཁ་ཡོད་ལག་ཡོད་དང་གནད་དུ་འཁེལ་བ་ཞིག་ཏུ་མཐོང་མ་སོང་། ནམ་བཞག་རྒྱུན་གྱི་སྤྱི་འགྲོས་ཙམ་མ་གཏོགས་ཡག་པོ་དེ་ཙམ་མཐོང་མ་སོང་ལ། ལྷག་པར་དུ་ཕར་ཕྱོགས་ནས་སྲིད་སྐྱོང་འོས་མི་གཏམ་བཤད་གནང་མཁན་གཉིས་ཀྱི་ངོས་ནས་ཀྱང་ཕར་ཚུར་སྐྱོན་བརྗོད་དང་གསལ་བཤད་བྱེད་རྒྱུར་རྔམ་དྲགས་ཏེ་དྲི་བར་ལན་འདེབས་མ་བྱས་པ་དེ་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་བྱུང་སོང་།
    དགའ་འོས་པ་གཅིག་རང་དེ་བོད་པའི་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་ཐིག་གཉིས་སྟེང་ཆ་གཅིག་ལ་ཕེབས་ཏེ་མཐུན་བསྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་བ་དེ་ལེགས་སོ།།

    Reply
  4. བརྩོན་རྒྱམ། says:
    ལོ་ 10 སྔོན།

    དེ་རིང་ནི་དགའ་འོས་པ་དང་བཀྲིས་པའི་ཉི་མ་ཞིག་ལ་དངོས་འཛིན་ཞུ་བཞིན་ཡོད་གང་ཡིན་ཟེར་ན་བོད་མི་རིགས་ཤིག་ལ་མཚོན་ན་༧གོང་ས་མཆོག་གིས་བོད་མི་རིགས་ལ་མང་གཙོ་འདི་གསོལ་སྩལ་གནང་བ་རེད། དེ་ཡང་དག་ཞིག་འགྲོ་ཐུབ་མིན་འདི་ལྟར་འགྲོ་དགོས་པ་ཡིན་དུས་མང་གཙོའི་ལམ་ཁ་དེར་འགྲོ་བ་ན་མི་མང་གཉིད་ལས་སད་དགོས་པ་རེད། གང་ལྟར་སྲིད་སྐྱོང་འོས་མི་གཉིས་རྣམ་འགྱུར་ཡག་པོ་འདུག་མ་ཟད་ལས་དོན་ཐོག་སྐྱོན་བརྗོད་གནང་བ་སོགས་མང་གཙོའི་འགྲོ་སྟངས་ཤིག་རེད། གང་ལྟར་དགའ་འོས་པ་ཤིག་རེད་བཀྲིས་བདེ་ལེགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese