མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པོ་ཏ་ལ་གཞུང་ལམ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

(དཔལ་ལྡན་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་ས་གནས་གང་སར་རང་གི་བྱས་རྗེས་ཀྱི་གྲས་སུ་མ་ཎི་བགྲང་བགྲང་བྱེད་པ་གཅིག་ནི་པོ་ཏ་ལ་གཞུང་ལམ་འདི་ཡིན།)

 

སྨུག་པ་ནས།

 

ཕྱི་ལོ་ ༡༨༥༠ ལོའི་ཟླ་གསུམ་པའི་ནང་ཨིན་ཇིའི་སྲིད་གཞུང་གིས་ཆ་སྙོམས་མཐོ་ཚད་མི་ཊེར་ ༢༠༨༢ ཡོད་པའི་དྷོ་ལ་དྷར་རི་རྒྱུད་དུ་ཆགས་པའི་གནས་འདི་བདག་ཏུ་བཟུང་སྟེ་དུས་རབས་གཅིག་དང་ལོ་རབས་གཅིག་(ལོ་༡༡༠) ཏག་ཏག་འདས་རྗེས། ཕྱི་ལོ་༡༩༦༠ ཟླ་༤ ཚེས་༣༠ ཉིན་ནས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དང་མང་ཚོགས་མི་ཉུང་བ་ཞིག་མེག་ལོར་གྷན་ཇི་ལ་ཡུལ་སྤོས་ཏེ་གནས་སྡོད་བྱ་འགོ་ཚུགས་ཤིང་། དེ་ནས་བཟུང་མི་རྣམས་ཀྱིས་ཡུལ་འདིའི་མིང་ལ་ལྷ་ས་ཆུང་ཆུང་ཞེས་ཀྱང་འབོད་སྲོལ་ཡོད། རིམ་བཞིན་མི་ལོ་ལྔ་བཅུ་ང་ལྔ་འཁོར་བའི་དུས་མཚམས་ཏེ་ཕྱི་ལོ་༢༠༡༥ ལོར་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐབས། ཧི་མ་ཅལ་མངའ་སྡེ་གཞུང་གིས་ཀེ་ལོ་མི་ཊར་བདུན་གྱིས་ཆོད་པའི་མེག་ལོར་གྷན་ཇི་དང་དྷ་རམ་ས་ལའི་བར་དུ་མཐུད་ཚད་ལ་ཨིན་ཅི་དགུ་ཡོད་པའི་ཨར་འདམ་གྱི་གཞུང་ལམ་ཞིག་གསར་བསྐྲུན་བྱས་ཤིང་། གཞུང་ལམ་གྱི་མིང་ལ་པོ་ཏ་ལ་ཞེས་བཏགས། (པོ་ཏ་ལ་ཞེས་པའི་གཞུང་ལམ་དེའི་མིང་བྱང་འོག་ཏུ་ ” པོ་ཏ་ལ་ནི་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གནས་རི་རྩ་ཆེན་ཞིག་གི་མིང་ཡིན་ལ། དེའི་དོན་ནི་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་གྲུ་འཛིན་ཞེས་པའི་དོན་ཡིན” ཚུལ་ཨིན་ཡིག་ཐོག་འགྲེལ་བཤད་ཟུར་འགོད་བྱས་ཡོད། )

 

དཔལ་ལྡན་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་ས་གནས་གང་སར་རང་གི་བྱས་རྗེས་ཀྱི་གྲས་སུ་མ་ཎི་བགྲང་བགྲང་བྱེད་པ་གཅིག་ནི་པོ་ཏ་ལ་གཞུང་ལམ་འདི་ཡིན།

 

ཁོང་གིས་གསུང་ཚུལ་ལ་གཞིགས་ན། ཉིན་ཞིག་ལྷ་སའི་ཨ་ཅག་ལགས་ཤིག་ཁོང་སར་ཡོང་སྟེ། དྷ་ས་ནས་མེག་ལོར་བར་གྱི་གཞུང་ལམ་ལེགས་པོ་མེད་པའི་ཐོག་༧གོང་ས་མཆོག་ཕེབས་དགོས་པ་དེ་ཡིད་ཕམ་དགོས་པ་ཞིག་ཡིན་ཚུལ་བརྗོད་པ་ལ་བརྟེན་ནས། བསམ་ཚུལ་དེ་གལ་ཆེན་དོན་ཆེན་ལ་བརྩིས་ནས་གཞུང་ལམ་འདི་ཆེད་དུ་བསྐྲུན་པར་འབད་པ་བྱས་པའི་གྲུབ་འབྲས་མིག་མཐོང་ལག་ཟིན་ཡོད་པ་ཞིག་བྱུང་བ་ཡིན་ཚུལ་དང་། ཡང་གཞུང་ལམ་འདིར་མིང་འདོགས་སྟངས་ཐད་ཁོང་གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་ཅིག་ལ་ཀུ་རེའི་ཚུལ་དུ་གཞུང་ལམ་འདིའི་མིང་ལ་ལོ་རྒྱུས་ཀྱི་རིང་བཞིན་ལྡན་པའི་བོད་མིང་ཞིག་འདོགས་དགོས་ཚུལ་ཞུས་སྐབས། ཚང་མས་ཡོང་གི་མ་རེད་ཟེར་བས། ངས་ཆེད་དུ་ཡོང་ཐབས་བྱས་པ་ཞིག་ཡིན་ལ། མིང་དེ་འདོགས་པར་ཆོག་མཆན་རག་སྟངས་ཐད་ཧི་མ་ཅལ་མངའ་སྡེའི་བློན་ཆེན་དང་ཧི་མ་ཅལ་ཡུལ་སྐོར་ལྗོངས་རྒྱུའི་བློན་ཆེན་སོགས་འབྲེལ་ཡོད་ཁག་ཅིག་ལ་བྱིས་པར་མགོ་སྐོར་གཏོང་བ་ལྟ་བུའི་སྲིད་དོན་རྩེད་མོ་ཆུང་ཆུང་ཞིག་བརྩིས་ཏེ་རྒྱལ་བར་བྱས་ནས་གྲུབ་འབྲས་སོན་པ་ཡིན་ཚུལ་སོགས་སུ་ལ་བཤད་ཀྱང་ཡིད་མི་ཆེས་པ་དང་སྔ་བར་ཕྱི་གསུམ་ལ་འདང་མི་རྒྱག་པའི་གླེན་པ་ཞིག་གི་བྱ་སྤྱོད་ལྷང་ལ་ཕུད་ཡོད།

2-Untitled

 

པོ་ཏ་ལ་གཞུང་ལམ་དུ་འབོད་པའི་གནད་དོན་འདིའི་ཐད་ཕྱི་ལོ་༢༠༡༤ ཟླ་༧ ཚེས་༢༨ ཉིན་དང་ཟླ་༩ ཚེས་༤ ཉིན་བཅས་སུ་བསྟུད་མར་Wall Streat Journal ཞེས་པའི་གསར་ཤོག་སྟེང་དུས་རྒྱུན་ནེའུ་ཡོག་དུས་བབ་ཐོག་རྩོམ་ཡིག་སྤེལ་མཁན་རྩོམ་པ་པོ་ཇེ་སེ་ པ་ས་ཊ་Jesse Pesta ཟེར་བས་རྩོམ་ཡིག་གཉིས་སྤེལ་ཡོད་པ་དང་། དེའི་གནད་དོན་དང་། ནང་དོན། གླེང་སྟངས་བཅས་ཕྱོགས་གསུམ་ནས་བལྟས་ཚེ། འོས་བསྡུའི་འགྲན་རྩོད་ཁྲོད་དུ་སྲིད་སྐྱོང་རང་ཉིད་ཀྱིས་རང་ཉིད་ཀྱི་བྱས་རྗེས་བླ་ནས་བླ་རུ་བསྟོད་སྟངས་འདི། <<ལེགས་པར་བཤད་པ་ཆུའི་བསྟན་བཅོས།>> ནང་ ” སྐྱེ་བོ་ངན་པ་བཅོས་ན་ཡང་།། རྐྱེན་དང་འཕྲད་ན་རང་མཚང་སྟོན།། ” གསུངས་པ་ལྟར། དུས་རྒྱུན་ཡག་པོ་ཡོད་མདོག་གི་རྣམ་འགྱུར་ཕྱི་ལ་སྟོན་ནའང་། ཐོབ་དང་གོ་སའམ། མཚན་དང་སྙན་གྲགས་རྩོད་པའི་སྐབས་དང་འཕྲད་ཚེ་ཚད་ལས་བརྒལ་བའི་སྣང་བརྙན་གསལ་པོར་མངོན་གྱི་འདུག

 

Wall Streat Journal ཞེས་པའི་གསར་ཤོག་དེའི་ཐོག་དྷ་རམ་ས་ལ་ནི་དེང་སྐབས་འཛམ་གླིང་ས་ཕྱོགས་ཡུལ་གྲུ་ཀུན་ནས་སྤྲོ་འཆམ་པ་དང་གནས་སྐོར་བ་སོགས་ཧ་ཅང་མང་པོ་འདུ་འཛོམས་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ནའང་། དེར་གཞུང་ལམ་གྱི་མཐུན་རྐྱེན་དང་འགྲིམ་འགྲུལ་གྱི་ལམ་ལུགས་ཚགས་ཚུད་མེད་སྟབས། ༧གོང་ས་མཆོག་བཞུགས་གནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་བྷག་སུ་རྦབ་ཆུ་ཡོད་སའི་བར་དུའང་ཆུ་ཚོད་མང་པོ་འགོར་དགོས་པའི་གནད་དོན་གླེང་ཡོད་ལ། གཞན་ཡང་གསར་ཤོག་དེའི་ནང་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་ལྗོངས་རྒྱུའི་འགན་འཁུར་བ་སྐུ་ཞབས་ཝི་ཇེ སེན་ མན་ཀོ་ཤི་ཡ་ Vijay Singh Mankotia མཆོག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུ་སྐབས་ཀྱི་གནས་ཚུལ་ནང་། ཁོང་༧གོང་ས་མཆོག་གི་གམ་དུ་བཅར་ནས་གླེང་མོལ་གནང་བ་དང་བསྟུན་གཞུང་ལམ་གྱི་གནས་སྟངས་ཞན་པོ་ཡོད་པར་དགོངས་སེལ་ཞུས་སྐབས། ༧གོང་ས་མཆོག་གིས་ཁོང་ལ་དྷ་སའི་འགྲིམ་འགྲུལ་ལམ་ལུགས་ཚགས་ཚུད་མེད་པའི་གནས་ཚུལ་འཁོད་པའི་Wall Streat Journal གསར་ཤོག་ཞིག་གནང་ཚུལ་དང་། ཁོང་ལ་དེར་ལན་འདེབས་རྒྱུ་མེད་པར་གྱུར་ནས་ཕྱིས་སུ་ཧི་ཅལ་མངའ་སྡེའི་བློན་ཆེན་ལ་༧གོང་ས་མཆོག་གིས་གནང་བའི་གསར་ཤོག་དེ་བསྟན་པ་ཡིན་ཚུལ། དེ་བཞིན་ད་སྐབས་གཞུང་ལམ་དེ་བཟོ་སྐྲུན་གྱི་ལས་འགོ་དངོས་སུ་བརྩམས་ནས་༧གོང་ས་མཆོག་གི་བཞུགས་གནས་བར་སླེབས་པར་ཟླ་ངོ་གཅིག་ཙམ་ལས་འགོར་དགོས་མེད་ཚུལ་གསལ་བཤད་གནང་འདུག་པའི་འདྲེན་ཐག་འདིར་བཀོད་ཡོད་པ་བཞིན་ཡིན།

Untitled

སྲིད་སྐྱོང་གིས་འོས་ཤོག་ཐོབ་ཆེད་བོད་མི་འདུས་སྡོད་ཀྱི་ས་ཁུལ་གང་སར་མཐུག་ཚད་ལ་ཨིན་ཅི་དགུ་ཡོད་པའི་ཨར་འདམ་གྱི་གཞུང་ལམ་དེ་བཟོ་བར་ཁོ་རང་གིས་བསམ་བློ་འཁོར་ཚུལ་དང་། དཀའ་ལས་བརྒྱབ་ཚུལ། གྲུབ་འབྲས་བྱུང་ཚུལ་སོགས་བརྗོད་པ་དང་གོང་གི་ནང་དོན་དེ་གཉིས་བར་གནམ་དང་ས་ལྟ་བུའི་ཧེ་བག་ཤོར་འདུག་པ་འདིས་ཅི་ཞིག་མཚོན་ནམ། འདི་ནི་རང་ཉིད་ཀྱི་འགོ་ཁྲིད་རང་ཉིད་ཀྱིས་སྐོ་བའི་མང་གཙོའི་འོས་བསྡུའི་ཁྲོད་མི་མང་གིས་ངེས་པར་ཤེས་དགོས་པ་དང་དཔྱད་པ་གཏོང་དགོས་པའི་གནད་དོན་རིགས་ཆགས་ཀྱི་ཡོད།

 

གཞན་ཡང་བསམ་དགོས་པ་ཞིག་ནི། ཁོང་གིས་འགན་མི་འཁུར་བར་གང་སར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་གཙོའི་གནད་ཡོད་མི་སྣ་ཁག་ཅིག་ལ་མགོ་བསྐོར་བཏང་སྟེ་གཞུང་ལམ་གྱི་མིང་ལ་པོ་ཏ་ལ་འདོགས་པར་ཆོག་མཆན་ཐོབ་ཐབས་བྱས་སྐོར་བརྗོད་པ་འདི། རིམ་བཞིན་ཤེས་རྟོགས་བྱུང་ཚེ་གནད་ཡོད་མི་སྣ་ཚོར་དོ་ཕོག་འབྱུང་སྲིད་ལ་མ་འོངས་པའི་འབྲེལ་ལམ་ལ་འགོག་རྐྱེན་འཕྲད་སྲིད་མོད། ཁོང་གིས་གནད་དོན་ཆེ་ཁག་ལ་བསམ་བློ་མི་གཏོང་བར། འོས་ཤོག་ཐོབ་ཐབས་ཁོ་ན་དང་སྲིད་སྐྱོང་གི་མཚན་གནས་དེ་ད་དུང་ལོ་ལྔར་རང་ཉིན་ལ་ཐོབ་ཐབས་མ་གཏོགས། བོད་མི་རིགས་ཀྱི་རྩ་དོན་དང་འབྲེལ་བའི་འཕྲད་ཕུགས་རྒྱང་གསུམ་གྱི་གནད་དོན་མང་པོ་ཞིག་ལ་བློས་དཔྱོད་མ་ཤེས་པའམ་དཔྱོད་ཀྱི་མེད་པའི་རྣམ་པ་ཇེ་གསལ་དུ་འགྲོ་བ་འདི་བློ་ཕམ་སྐྱེ་དགོས་པའི་གནས་ལས་མ་འདས་སྙམ།

 

ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༥ ཉིན་བྲིས།

འབྲེལ་ཐག་གཉིས། 

http://www.wsj.com/articles/in-home-of-dalai-lama-traffic-jams-stress-spiritually-minded-monks-1406601002)

http://www.wsj.com/articles/in-home-of-dalai-lama-traffic-jams-stress-spiritually-minded-monks-1406601002

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 16

  1. ལུག་རྫི། says:
    ལོ་ 9 སྔོན།

    སྲིད་སྐྱོང་མཆོག་གིས་ལྷ་སའི་ཨ་ཅག་ཞེས་མ་ཎི་བགྲང་བགྲང་གསུངས་སོང་ཡང་ལྷ་སའི་ཨ་ཅག་ང་ཡིན་ཞེས་ཕྱིར་རུ་ཐོན་མཁན་ད་བར་བྱུང་མ་སོང་། དངོས་གནས་ལྷ་སའི་ཨ་ཅག་ཞིག་གིས་དེ་ལྟར་ཞུས་ཡོད་མེད་དེ་ཡང་ཐེ་ཚོམ་རེད།

    Reply
  2. བུ་ཆུང་། says:
    ལོ་ 9 སྔོན།

    སྨུག་པ་ལགས་ཀྱི་ཀུན་སློང་ལ་སྐྱོན་ཡོད་མེད་ཇི་ལྟར་ཡང་གཙོ་བོར་བོད་པའི་རྩ་དོན་ལ་ཕན་ཐོགས་ཡོད་མེད་གཟིགས་དགོས་པ་རེད་བསམས་ཀྱི་འདུག དེང་སང་ཟིང་སློང་མཁན་མང་དྲག་པ་ལས་ཉུང་གཏན་ནས་དྲག་མེད། སྐྱོན་འཛུགས་སྐྱོན་བརྗོད་རྐྱང་བྱས་ན་ང་ཚོར་གྲུབ་འབྲས་ག་རེ་ཐོན་གྱི་རེད། སྐྱོན་ཚབས་ཆེན་ཞིག་ཤོར་ཡོད་ན་དེར་དགག་རྒྱག་སྐྱོན་བརྗོད་བྱེད་དགོས་པ་ལས། སྐྱོན་དང་ནོར་འཁྲུལ་གཏན་ནས་མེད་མཁན་ཞིག་ཁག་པོ་རེད། དཔེར་ན། ཤེལ་ཕོར་ནང་ཆུ་ཕྱེད་ཀ་ཙམ་ཞིག་ཡོད་ན་དེར་འགྲེལ་བཤད་ག་རེ་རྒྱག་རྒྱག་རེད། ཕྱེད་ཀ་སྟོང་པ་རེད་ཟེར་ན་ཡང་སྟོང་པ་རེད། ཕྱེད་ཀ་གང་འདུག་ལབ་ནའང་ཕྱེད་ཀ་གང་ཡོད་པ་རེད། འབྲེལ་བཤད་རྒྱག་མཁན་གཉིས་ཀ་ནོར་ཡོད་མ་རེད། ཨེ་གོ་ཐལ། དཔེ་དེ་བཞིན་གནས་ཚུལ་མང་པོ་ཞིག་ག་པར་སྦྱར་སྦྱར་ཡིན་པ་ཤེས་དགོས།

    Reply
  3. སྨུག་པ། says:
    ལོ་ 9 སྔོན།

    ང་མི་སྒེར་ཅིག་ལ་ཁྱད་པར་གང་ཡང་མི་འདུག དོགས་པ་ཞིག་གི་ངང་བྲིས་པ་ཙམ་ཡིན།
    དེ་སྔོན་སྲིད་སྐྱོང་གིས་ཕ་མའི་ཚོགས་ཆེན་དང་ཨ་རིར་ཕྱོགས་བསྐྱོད་སྐབས་པོ་ཏ་ལ་གཞུང་ལམ་བཟོ་སྟངས་སྐོར་ལ་འགྲེལ་བཤས་བརྒྱབ་པ་དང་། Wall Street Journal གསར་ཤོག་ཐོག་གི་གནས་ཚུལ། ཡང་ཉེ་ཆར་བོད་ཀྱི་་དུས་བབ་གསར་ཤོག་ཐོག་སྲིད་སྐྱོང་ལ་བཅར་འདྲི་བྱས་པའི་གནས་ཚུལ་གསུམ་གྱི་འགོ་མཇུག་བར་གསུམ་གང་ཡང་མཐུན་གྱི་མི་འདུག ངས་དངོས་ཡོད་གནས་ཚུལ་མ་གཏོགས་ཕྱོགས་རེས་དང་ཧམ་པའི་སྐད་ཆ་གང་ཡང་བཤད་ཀྱི་མེད།
    དང་པོ། ཕ་མའི་ཚོགས་ཆེན་དང་ཨ་རིར་ཕྱོགས་བསྐྱོད་སྐབས་ཁོང་གིས་གོང་དུ་ཞུས་པ་བཞིན། ལྷ་ས་ཨ་ཅག་ལགས་ཤིག་གིས་རེ་སྐུལ་ལྟར་འབད་བརྩོན་བྱས་པ་ཡིན་ཚུལ་ཞིབ་རྒྱས་གསུངས་བའི་བརྙན་དངོས་སུ་མཐོང་རྒྱུ་འདུག་པ་བཞིན་རེད། གཉིས་པ། བོད་མི་ཚོས་དོ་སྣང་མ་བྱས་པའམ་ཨིན་སྐད་མ་མཁྱེན་པ་གང་ཡིན་མ་ངེས་མོད། Wall Street Journal ཐོག་ཕྱི་ལོ་༢༠༡༤ ལོ་ནས་གནས་ཚུལ་དེ་འདྲ་ཞིག་འཁོད་འདུག་ཞེས་ངོ་སྤྲོད་བྱས་པ་ཙམ་ཡིན། གསུམ་པ། བོད་ཀྱི་དུས་བབ་རྩོམ་སྒྲིག་པས་ནོར་ཡོན་ན་གང་ཤེས་མ་གཏོགས། སྲིད་སྐྱོང་བློ་སེང་གིས་༼གཙོ་ཆེ་ཤོས་དེ་སྔའི་བཀའ་ཤག་གི་ལས་འཕྲོ་ག་རེ་ཡོད་ན་དེ་དག་མཇུག་སྐྱོང་གནང་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། ཐོག་མ་གཞིས་ཆགས་ཁག་སྲ་བརྟན་ཡོང་བའི་ཆེད་དུ་རྒྱ་གར་གཞུང་ནས་སྲིད་བྱུས་ཤིག་དགོས་ཀྱི་འདུག སྐྱབས་བཅོལ་བོད་མིའི་ལག་འཁྱེར་(R.C)ཡིན་ནའང་ལོ་ལྔ་ལ་འཕར་འགྱངས་གནང་བ། དེ་བཞིན་མེག་ལོར་ནས་དྷ་ཤོད་བར་གྱི་ལམ་ཁར་པོ་ཏཱ་ལ་འདོག་རྒྱུ་སོགས་མང་ཆེ་བ་བཀའ་ཤག་སྐབས་སྔོན་མ་དག་གི་སྐབས་ནས་བཀའ་མོལ་གནང་བསྡད་པ་ཞིག་ཆགས་འདུག༽ ཅེས་བཤད་ཡོད་པ་དངོས་སུ་ཆུ་བུར་མིག་གིས་མཐོང་རྒྱུ་ཡོད་པ་དང་དར་ལུང་རྣ་བས་གོ་རྒྱུ་ཡོད་པ་ལྟར་རེད། ཞེན་ཁོག་རྐྱང་བས་འགོ་ཁྲིད་བསྐོས་ན་དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་མྱོང་མཁན་དེ་འབངས་མི་སེར་རང་ཉིད་ཡིན་པ་ངེས་དགོས་སོ།།

    Reply
  4. རྟེན་འབྲེལ། says:
    ལོ་ 9 སྔོན།

    གང་ལྟར་ཚང་མས་ཡིད་གཟབ་གནང་གལ་ཆེས།་ཡོས་ལ་བབ་རྒྱུར་གཙམ་པ་ཅེས་པ་ལྟར་ཁ་བདེ་པོ་ཙམ་མིན་པར་འོས་མ་ནོར་བར་འཕེན་དགོས། དེ་གནས་འགག་རེད།་

    Reply
  5. གླིང་གེ་སར། says:
    ལོ་ 9 སྔོན།

    མ་གཞི་སྨུག་པ་ཁྱེད་རང་བློ་བཟང་སེང་གེས་བྱས་རྗེས་བགྲང་དུས་སྙིང་རླུང་འཕར་བ་ནི། བལྟས་ངན་རང་རེད།

    Reply
  6. བླ་མ། says:
    ལོ་ 9 སྔོན།

    ལམ་ཁ་ནི་རྒྱ་གར་གྱི་དགོས་འཁོ་ཁོ་ན་ལྟས་ནས་བཟོ་ཞིག་རེད། དང་རྡ་རམ་ས་ལ་མངའ་སྡེའི་དགུན་གྱི་རྒྱལ་ས་ཆགས་པ་དང་། གཉིས་པ་ཀིར་ཀེཊ་བརྩེ་ཐང་དེ་བཟོས་པ་དང་། ཀིར་ཀེཊ་བརྩེ་ཐང་གཅིག་པོ་བཟོ་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བརྩེ་ཐང་ཆགས་ཀྱི་མེད། བརྩེ་མོ་བརྩེ་ཡུལ་དུ་མཐུན་སྐྱེན་ཡང་རྒྱལ་སྤྱིའི་རང་བཞིན་ལྡན་པ་དགོས་ཀྱི་ཡོད། དེར་མགྲོན་ཁང་སྐར་མ་གསུམ་ལྡནདང་། བཞི་ལྡན་ལྔ་ལྡན་བཅས་དང་། གནམ་ཐང། རླང་འཁོར་ལམ་ཁ་ཡག་པོ་དང་། ཆུ་གློག་སོགས་ཀྱི་མཐུན་སྐྱེན་མེད་ན། དེར་རྒྱལ་སྤྱིའི་ཀིར་ཀེཊ་སྒྲིགས་འཛུགས་ཚོགས་པས་དེར་བརྩེ་མོ་བརྩེད་ཀྱི་མེད། དེར་མ་ཟད་རྡ་ས་ཧི་མལ་ཅལ་གྱི་དེང་དུས་ཅན་གྱི་གྲོང་རྡལ་བཟོ་རྒྱུའི་དམིགས་ཡུལ་གཙོ་བ་རེད། ཞོར་ལ་བོད་པར་ངོ་སོ་ཡང་གཏང་ཡོད་སྲིད་ཀྱི་རེད། དེར་ང་ཚོ་སྲིད་སྐྱོང་དང་འབྲེལ་བ་མེད་པ་ཞིག་མཐོང་གི་འདུག། དེར་ང་ཚོ་བོད་པས་བརྩོད་པ་རྒྱབ་ནས་ཆོ་ཡང་མཐོང་གི་མི་འདུག། དེ་ལས་བསམ་བློ་ཡག་པོ་གཏང་ནས། ང་ཚོས་༸གོང་ས་མཆོག་གི་ཐུགས་དགོངས་མ་དཀྲུག་པར། བོད་སྤྱི་ལ་ཕན་པའི་ལས་དོན་བསྒྲུབ་མཁན་ཡོད་ན་དགའ་བ་ལ།།

    Reply
  7. བོད་མི་ཉམ་ཆུང་། says:
    ལོ་ 9 སྔོན།

    སྲིད་སྐྱོང་མཆོག བཀའ་དྲིན་ཆེ། འཆི་ལ་ཁད་ཀྱི་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་མང་པོ་བསྐྱོན་སོང་། སྒྲོ་ལོ་རྒྱབ་ཏུ་གཡུག་ནས་མི་རིགས་ཀྱི་ལས་འགན་ཕྲག་ཏུ་བཞེས་སོང་། བཀའ་དྲིན་ཆེ། ཁྱེད་ད་ཐེངས་སྲིད་སྐྱོང་ལ་ཐོབ་པར་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད། བོད་རྒྱ་ཆེ་མི་མང་གིས་རེ་བ་ཁྱེད་ལ་བཅོལ་ཡོད། གལ་སྲིད་ཁྱེད་༢༠༡༦ལོའི་སྲིད་སྐྱོང་ལ་རྒྱལ་ཁ་མ་ཐོབ་ཚེ། དེ་ནི་ཁྱེད་ཀྱི་ཕམ་ཁ་ཞིག་མིན་པར། བོད་མི་མང་གི་ཕམ་ཁ་ཞིག་ཡིན།
    སྐུ་ལས་ཁག་པོ་ཡོད་པ་ཤེས་ཡོད། ཁྱེད་ཀྱིས་འགོ་ཁྲིད་པའི་གཞུང་འདི་ལ་གོ་མཚོན་མེད། དམག་དཔུང་མེད། ལུང་པ་མེད། དཔལ་འབྱོར་མེད།
    དེ་ལས་ལྡོག་ཏེ། གཞན་དབང་སྟབས་བསྟུན། དཀའ་ངལ་མང་། རྙོག་དྲ་ཆེ། ད་དུང་། ཕྱི་འཇམ་ནང་རྩུབ་དང་དགྲ་མཉེན་གོ་ལྡོག་གི་མི་མང་། མི་དེ་དག ངོ་ཚ་མེད། ཁྲེལ་གཞུང་མེད། མདོར་ན་དེ་དག་སོ་སོའི་ཁ་ཕོར་ནང་སྐྱག་པ་གཏོང་མཁན་འབའ་ཞིག་ཡིན།
    འོན་ཀྱང་ཁྱེད་སེམས་ཤུགས་དང་སྤོབས་པ་སྔར་ལས་ལྷག་པ་ཞིག་བསྐྱེད་རོགས། སྲིད་སྐྱོང་རྒྱལ་ལོ། བོད་རྒྱལ་ལོ།

    Reply
    • chacha says:
      ལོ་ 9 སྔོན།

      རྡ་རམ་ས་ལ་དེ་བཙན་བྱོལ་བོད་མི་སྒྲིག་འཛུགས་དེ་ཐལ་ལ་ཚུབ་ཚུབ་ཡིན་ན་ད་ལྟར་སྲིད་སྐྱོང་འོས་བསྡུ་འཁྲུག་པོ་ག་ལ་ཆགས།ག་ཡིན་ན་གང་ལ་གང་མཚམས་ནུས་པར་བཏོན་ཡོད་པ་མཐོང་དུས་འཚང་ཁ་རྒྱག
      སྐད་ངན་རྒྱག་གི་འདུག་ག
      རེད་ལགས།མི་ཕལ་པ་ཞིག་ཡིན་འདུག་སྐྱོན་དང་ནོར་འཁྲུལ་མེད་པ་སུ་ཡོད།
      ང་ཁྱེད་རང་གསུང་པ་དེ་རྒྱབ་སྐྱོར་ཡོད།

      Reply
  8. ཁམས་གསུམ་དབང་འདུས། says:
    ལོ་ 9 སྔོན།

    འོ། ད་གང་བཤད་ཀྱང་རུང་མ་བཤད་ཀྱང་རུང་གང་ལྟར་སྒེར་དོན་ཆེད་དུ་མི་མང་མགོ་བསྐོར་གཏོང་མཁན་མང་རུ་མང་རུ་དང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་མཁན་མང་རུ་མང་རུ་འདུག་པས་དེས་ན་དེ་བལྟད་ངན་པ་ཞིག་མཐོང་སོང་དཱ། འདིར་བསམ་ཚུལ་བརྗོད་སའི་སྡིང་ཆ་ཞིག་རེད་ལ་བརྗོད་ཀྱང་ཆོག ཡིན་ནའང་མི་སུ་འདྲ་ཞིག་ཡིན་རུང་སྐྱོན་བརྗོད་བྱས་རྗེས་དེར་དཔང་རྟགས་རྒྱུ་མཚན་ལྡན་པ་ཞིག་མེད་ཚེ་གང་བྱུང་བརྗོད་ཚེ་ཕན་ལས་གནོད་ཆེ། རྩ་བའི་འོས་མི་གཉིས་ལས་སུ་བཟང་ངན་ཡིན་མིན་ནི་ཟུར་བལྟས་ལེབ་མཐོང་རེད་པཱ། མང་པོ་མང་པོ་འཐེན་དགོས་མ་རེད་དཱ། རང་ཡུལ་རྒྱ་ལག་ཏུ་ཤོར་ཟིན་པའི་བོད་མི་གཅིག་མཚུངས་རེད་པཱ། དེ་ལས་དྲང་པོས་གཞུང་བསང་ནས་ལས་ཀ་བགྱིས་ཤིགས་སྐྱབས་བཅོལ་བ།

    Reply
  9. ལྷ་སྒང་ཆོས་གྲགས། says:
    ལོ་ 9 སྔོན།

    ཉེ་ཆར་དུས་བབ་ཀྱི་བཅར་འདྲིའི་ནང་དུ་བློ་སེང་གིས་རང་ཉིད་ཀྱི་རྫུན་རྐུབ་ཕྱོགས་ངོས་སྟེང་འོག་ཚང་མ་ནས་ལྷང་ལ་བུད་ཀྱིན་པ་ཤེས་པས། དེ་སྔ་རང་གི་ཁ་དྲོ་མོ་ནས་གང་དང་ཅི་ཞིག་བཤད་པ་ཡོད་ཚད་བྱི་ལས་བྲུན་སྦས་སྦས་བྱེད་ཀྱིན་འདུག དཔེར་ན། པོ་ཏ་ལའི་ལམ་ཁ་༸གོང་ས་མཆོག་གི་མཛད་རྗེས་ཡིན་རབས་དང་སྐྱབས་བཅོལ་ལག་དེབ་ལོ་ལྔའི་འཆར་བཀོད་ཟམ་གདོང་བླ་མས་ཡིན་ཚུལ་སོགས་དང་འབྲེལ། ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེའི་མཚན་མ་ཎི་གྲངས་གསོག་ལྟར་བྱེད་ཀྱིན་འདུག དེ་ནི་བོད་ཀྱི་གཏམ་དཔེར། རྒད་མོ་འཆི་ཁར་ལྟུང་བཤགས་དྲན་པ་གསོས་ཞེས་པ་དང་ཨ་ན་མ་ན་རེད།

    Reply
  10. བློ་བཟང་། says:
    ལོ་ 9 སྔོན།

    སྨུག་པ་ལགས། ཁྱོད་རང་གིས་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ལ་སྐྱོན་བརྗོད་ཆེན་པོ་ཞིག་བྱས་ཡོད་བསམ་སོང་ངམ། དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པའི་ནང་སྲིད་སྐྱོང་མཆོག་གིས་༼གཙོ་ཆེ་ཤོས་དེ་སྔའི་བཀའ་ཤག་གི་ལས་འཕྲོ་ག་རེ་ཡོད་ན་དེ་དག་མཇུག་སྐྱོང་གནང་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། ཐོག་མ་གཞིས་ཆགས་ཁག་སྲ་བརྟན་ཡོང་བའི་ཆེད་དུ་རྒྱ་གར་གཞུང་ནས་སྲིད་བྱུས་ཤིག་དགོས་ཀྱི་འདུག སྐྱབས་བཅོལ་བོད་མིའི་ལག་འཁྱེར་(R.C)ཡིན་ནའང་ལོ་ལྔ་ལ་འཕར་འགྱངས་གནང་བ། དེ་བཞིན་མེག་ལོར་ནས་དྷ་ཤོད་བར་གྱི་ལམ་ཁར་པོ་ཏཱ་ལ་འདོག་རྒྱུ་སོགས་མང་ཆེ་བ་བཀའ་ཤག་སྐབས་སྔོན་མ་དག་གི་སྐབས་ནས་བཀའ་མོལ་གནང་བསྡད་པ་ཞིག་ཆགས་འདུག༽ ཞེས་གསུངས་འདུག་པ་མ་མཐོང་བ་ཁྱོད་རང་གི་མིང་ལོང་སོང་ངམ།

    དྲ་ཐག་འདི་བལྟས། https://tibettimes.net/wordpress/%E0%BD%A6%E0%BE%B2%E0%BD%B2%E0%BD%91%E0%BC%8B%E0%BD%A6%E0%BE%90%E0%BE%B1%E0%BD%BC%E0%BD%84%E0%BC%8B%E0%BD%A0%E0%BD%BC%E0%BD%A6%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%96%E0%BE%B3%E0%BD%BC%E0%BC%8B/

    Reply
  11. འདམ་སྐྱེས། says:
    ལོ་ 9 སྔོན།

    ཨ་ཁ། འདི་བཞིན་བྲིས་པས་དོན་ཕན་གང་ཡང་མེད་པ་མ་ཟད་སོ་སོའི་ནང་ཆ་གང་ཡོད་ཕྱི་བསྒྲགས་བྱེད་སྟངས་ལ་བལྟས་ན་སྙིང་ལ་བསྡུད་ཞུགས་པ་མིན་ན། དཀའ་ངལ་རྒྱབ་ནས་འདི་ཙམ་བྲིས་པ་རང་མདོགས་ངོམ་པ་ཙམ་མ་ཟད་རྒྱ་དམར་ཕྱོགས་གཏོགས་དང་བཅས་པས་ཀྱང་འདི་བཞིན་བྲིས་པ་མེད།།

    Reply
  12. ཆབ་མདོ་བློ་ཚུལ། says:
    ལོ་ 9 སྔོན།

    དགའ་ནའང་འདྲ། མི་དགའ་ནའང་འདྲ། གང་ལྟར་དངོས་ཡོད་གནས་ཚུལ་འདི་རང་རེད་འདུག་པས། ད་སྲིད་སྐྱོང་གིས་མི་མང་མགོ་སྐོར་མ་བཏང་བར་དྲང་པོ་གསུང་རོགས། དེ་བཞིན་ཞེན་ཁོག་ཅན་ཚོའི་ཀླད་པ་ཞོ་མིན་ན་བསམ་བློ་ཏོག་ཙམ་གཏང་ན་མ་གཏོགས་རྗེས་ལ་འགྱོད་པ་སྐྱེས་ན་ཕྱིས་དྲགས་པ་རེད།

    Reply
  13. ནོར་བཟང་་ says:
    ལོ་ 9 སྔོན།

    སྲིད་སྐྱོང་གི་དེའི་ཐོག་ལ་སྐུ་ངལ་བསྐྱོན་ཡོད་ཟེར་བ་དེ་བདེན་པ་ཡིན།

    རྒྱ་གར་བ་དཔོན་པོས་མི་མང་མདུན་སར་གཏམ་བཤད་བྱེད་སྐབས་ སྲིད་སྐྱོང་གི་བྱེད་རྗེས་དེ་སྲིད་སྐྱོང་ལ་སྤྲོད་ཀྱིས་རེད་དམ། དགོངས་པ་བཞེས་དང་།
    གལ་སྲིད་རྒྱ་གར་བ་དཔོན་པོ་ཁོ་རང་གིས་ལམ་ཀ་འདི་བཟོ་འདོད་ན་སྔོན་མ་ནས་ད་བར་དུ་གང་བྱེད་ནས་མ་བཟོ་བ་ཡིན་ནམ།
    Wall Street གྱི་ཚགས་པར་ནང་ལ་གནས་ཚུལ་བརྐོས་ཡ་དང་རྐོ་མཁན་མི་འདི་རྡ་སར་འབྱོར་ཡ་དང་ ཚགས་པར་འདི་ལ་ཁ་བཏགས་ནས་ལམ་ཁ་བཟོ་བཅོས་ཀྱི་ལས་གཞི་མགོ་བཙུགས་ཡ་ཚང་མ་སྲིད་སྐྱོང་གིས་ཐབས་ཤེས་ལ་བརྟེན་ནས་བྱུང་བ་གསལ་པོ་རེད།
    རྒྱ་གར་ལྷོ་ཕྱོགས་ཀྱི་རིའི་མིང་ཟེར་བ་འདི་ཚོ་ཁ་བཏགས་ས་ཙམ་ཡིན། དེ་འདྲ་མ་བྱེད་ན་ཁོང་ཚོ་ལ་རྒྱ་དམར་པོས་སྐྱོན་བརྗོད་ཟུག་ཉེན་ཡོད།
    རྒྱ་གར་བ་དཔོན་པོས་སྲིང་སྐྱོང་གིས་རེ་བ་ཞུས་པ་བཞིན་དོན་དག་བསྒྲུབ་རྒྱུ་ཙམ་ལས་སྔ་ཕྱི་བར་གསུམ་གྱི་ལས་དོན་ཚང་མ་མི་མང་བཤད་དགོས་དོན་མེད་དོ།
    བོད་པ་ཚོ། བསམ་ལོ་གུ་ཡངས་ཙམ་གཏོང་རོགས།
    དུས་བབས་གསར་ཤོག་ལ་གནས་ཚུལ་འདི་འདྲ་མ་གཏོགས་བརྐོ་ཡ་རགས་ཀྱི་མིན་འདུག་གམ། ཐབས་སྐྱོ་པོ་རེད།

    Reply
  14. གནམ་ལྕག་ཐོགས་འབེབས། says:
    ལོ་ 9 སྔོན།

    ཁ་ཕྱིར་གཏད་གྲོད་པ་ནང་གཏད། དགྲ་གཉེན་གོ་ལྡོག དགོས་ས་ལ་ཆད་མི་དགོས་སར་ལྷག ཕ་བསད་མ་གཏུགས་དང་ཕ་ཡུལ་ཕ་ས་འཕྲོག་མཁན་དགྲ་བོ་རྒྱ་དམར་གཞུང་དང་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དོལ་རྒྱལ་ཚོགས་ཚོགས་པར་ཁ་ཕར་ཕྱོགས་ནས་སྨྱུག་རྩེ་སྟོན་མྱོངས་མེད་པར་ཝ་མོ་བཞིན་འཛུལ་ནས། ཡོད་ཚད་བློས་བཏང་ནས་བོད་མི་རིགས་ཆེད་དཀའ་ལས་རྒྱག་མཁན་་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འདི་ལྟ་བུའི་ལྡང་ཟུག་དང་སྟག་བཞིན་མཆོང་ཡོང་ནས་སྐྱོན་འཛུགས་བྱེད་མཁན་མི་འདི་གྲས་ཀྱི་དམིགས་ཡུལ་ཅི་ཡིན་ངོ་ལ་ཐེ་ཚོམས་ཟ་དགོས་པ་ཞིག་རེད། དངོས་གནས་ཞབས་འདྲེན་རང་རེད།

    Reply
    • བློ་བཟང་། says:
      ལོ་ 9 སྔོན།

      སྐུ་ཞབས་གནམ་ལྕགས་ལགས། བློ་སེང་གིས་བོད་མི་རིགས་ཀྱི་ཆེད་ཡོད་ཚད་ཅི་བློས་བཏང་བའམ། མ་འོངས་པར་ག་རེ་གཏོག་འཆར་འདུག?
      དེ ལས་ལྡོག་སྟེ་བོད་མི་མང་གིས་བློས བཏང་ཆེན་པོས། བོང་བུ་ལ་གེར་སྒ་གཏད་པ་མ་རེད་དམ?

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese