མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུ་གུར་དཔོན་རིགས་གཉིས་ལ་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱི་ “ལྐོག་ཟ་རུལ་སུངས་གཙང་བཤེར་སྲིད་ཇུས”དེ་བཞིན་མུ་མཐུད་ཤིན་ཅང་མི་རིགས་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོའི་སྟེང་ལ་སྤེལ་བཞིན་འདུག

 

xiehui-xjཁ་སང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནུབ་རྒྱུད་ཤིན་ཅང་མི་རིགས་ས་གནས་སྲིད་གཞུང་གི་དྲུང་ཆེ་ཟུར་ཨ་ལེམ་ཅན་ (Alimjan) ཟེར་བ་ཞིག་དང་། ཤིན་ཅང་མི་དམངས་བདེ་འཇགས་ལྷན་ཁང་གི་མགོ་གཙོ་གཞོན་པ་ཞི་ཧྭེ་ (Xie Hui) ཟེར་བ་གཉིས་ཀྱིས་ལྐོག་ཟ་རུལ་སུང་དང་ཤིན་ཅང་ཡུ་གུར་ཁ་བྲལ་བར་ངན་འབྲེལ་གྱིས། རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་ལ་ཚབས་ཆེ་བའི་གཏོར་བཤིག་དང་རྡོག་རོལ་བཏང་བའི་ཉེས་འཛུགས་འོག ལས་གནས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

 

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ (CCDI) གིས། ཤིན་ཅང་མི་རིགས་ས་གནས་སྲིད་གཞུང་གི་དཔོན་རིགས་འདི་གཉིས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ཆིག་སྒྲིལ་ལ་གཏོར་བརླག་ཚབས་ཆེན་བཟོས་ལུགས་དང་། ཡུ་གུར་ཁ་བྲལ་རིང་ལུགས་པར་ངན་འབྲེལ། དམར་ཤོག་ཚོགས་པས་རྒྱལ་ནང་གི་ཁྲིམས་འགལ་ལས་དོན་ཞིབ་བཤེར་བྱེད་པར་ངོ་རྒོལ་དང་དེའི་དངོས་ཡོད་གནས་ཚུལ་འཁྱོག་བཤད་བྱས་པ། རྒྱལ་ཁབ་ཀྱི་ལས་དོན་སྣང་མེད་དང་ཚུལ་མིན་གྱི་བཙན་གཡེམ་བརྙས་བཅོས་སོགས་ཀྱི་ནག་ཉེས་བསགས་ཡོད་པའི་དོགས་གཞིའི་འོག ལས་གནས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་ལུགས་བཤད་འདུག

 

020150628124803གནས་ཚུལ་ལྟར་ན། ཨ་ལེམ་ཅན་ཟེར་བ་དེ་ད་ལྟ་ལོ་ ༥༦ ཡིན་པ་དང་ཡུ་གུར་མི་རིགས་ས་གནས་སྲིད་གཞུང་གི་དྲུང་ཆེ་ཟུར་བ་དང་། ད་ལྟ་ཤིན་ཅིང་ལྷོ་ཁུལ་ཆིར་ཆིན་ (Cherchen) རྫོང་ཡུ་གུར་མི་རིགས་ཀྱི་ <<ཤིན་ཅང་ཉིན་རེའི་གསར་ཁང་>>གི་རྩོམ་སྒྲིག་པ་ཡིན་ཞིང་། ཞི་ཧྭེ་ཟེར་བ་དེས་ཕྱི་ལོ་ ༢༠༡༠ བར་ཤིན་ཅང་བཙོན་ཁང་སྒྲིག་འཛུགས་ལས་ཁུངས་སུ་ལས་ཀ་བྱས་པ་དང་། ཕྱི་ལོ་ ༢༠༡༣ ལོར་ཤིན་ཅང་མི་དམངས་བདེ་ལགས་ལྷན་ཁང་གི་གཙོ་འཛིན་གཞོན་པར་བསྐོ་བཞག་བྱས་པ་ཞིག་ཡིན་ཞིང་། འདས་ལོའི་ཕྱི་ཟླ་ ༧ ནང་འཛིན་བཟུང་གིས་ཞིབ་བཤེར་བྱེད་མུས་ཡིན་འདུག

 

འདས་པའི་ལོ་ངོ་གསུམ་གྱི་སྔོན་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱི་ “ལྐོག་ཟ་རུལ་སུངས་གཙང་བཤེར་སྲིད་ཇུས”ལག་བསྟར་བྱས་པ་ནས། ཤིན་ཅང་ཡུ་གུར་མི་རིགས་ཀྱི་དཔོན་རིགས་མང་པོར་ཉེས་དོན་འདྲ་མིན་སྣ་ཚོགས་འོག ལས་གནས་ནས་ཕྱིར་ཕུད་དང་། ཞིབ་བཤེར་དང་བཙོན་འཇུག་བཅས་བྱེད་མུས་ཡིན་འདུག

 

གསར་འགོད་པ། པདྨ་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist