མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མི་ཁྲི་ ༥༠ ཙམ་གྱི་ཚེ་སྲོག་ཤོར་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

s1.reutersmediaལྷོ་སུ་ཌན་གི་གྲངས་མང་མི་རིགས་ཌེན་ཀ་དང་ནཱིར་གྲངས་ཉུང་མི་རིགས་གཉིས་བར་གྱི་འཁྲུག་ཟིང་ཁྲོད་ཡུལ་མི་ཁྲི་ ༥༠ རྐྱེན་འདས་དང་ཡུལ་མི་ས་ཡ་ ༢.༢ ཙམ་ལ་དཀའ་རྙོག་སྣ་ཚོགས་འོག་ཡུལ་ལུང་གཞན་ནང་སྐྱབས་བཅོལ་དུ་གྱར་དགོས་བྱུང་ཡོད་འདུག

 

དེ་རིང་རོའུ་ཌར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་ལྷག་པའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་བདེ་རྩའི་ལས་ཚབ་ཁང་ཁག་གིས་ལྷོ་སུ་ཌན་རྒྱལ་ནང་དུ་འདས་པའི་ལོ་ངོ་གཉིས་རིང་གི་ནང་འཁྲུག་ཁྲོད་ཡུལ་མི་ཁྲི་ ༥༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། ཟླ་སྔོན་མའི་ཟླ་མགོ་ནས་བཟུང་བསྐྱར་དུ་ལྷོ་སུ་ཌན་ནང་གི་དུས་ཟིང་ཁྲོད་ཤི་རྨས་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

 

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་དཔོན་རིགས་ཤིག་གིས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། འདས་པའི་ལོ་ཤས་ནང་ལྷོ་སུ་ཌན་ནང་མི་སྟོང་ཕྲག་ལྔ་བཅུ་དམར་གསོད་དང་ཡུལ་མི་ས་ཡ་ ༢.༢ ཙམ་ལ་སྡོད་གནས་མེད་པ་དང་མུ་གེ་བྱུང་སྟེ་ཡུལ་ལུང་གཞན་ནང་ཡུལ་གྱར་གྱི་འཚོ་བ་སྐྱེལ་དགོས་བྱུང་ཡོད། ང་ཚོས་འདས་ལོའི་ཕྱི་ཟླ་ ༨ པའི་ནང་བཞག་པའི་ཞི་བདེའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཀྱི་ཡོད་དམ་ཞེ་ན། ཡུལ་གནས་གང་དུའང་ཡོད་པ་མ་རེད། དུས་ཡུན་རིང་པོར་ལྷོ་སུ་ཌན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་ཁག་ཏུ་དྲག་སྤྱོད་ཟིང་འཁྲུག་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་འདུག

 

གནས་ཚུལ་ལྟར་ན། སུ་ཌན་ནང་གི་དུས་ཟིང་གི་འབྱུང་རྐྱེན་གཙོ་བོ་ཡུལ་ལུང་དེའི་སྲིད་འཛིན་ལས་ཐོག་སལ་བ་ཁཱེར་ (Salva Kiir) དང་བློན་ཆེན་ཟུར་བ་རིག་མ་ཆར་ (Riek Machar) གཉིས་བར་གྱི་མི་རིགས་ཀྱི་ཕྱོགས་རིས་འཐེན་འཁྱེར་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་སྲིད་འཛིན་ཁཱེར་གྱི་གྲངས་མང་མི་རིགས་ཌེན་ཀ་ (Dinka) དང་བློན་ཆེན་ཟུར་བའི་ནཱིར་གྲངས་ཉུང་མི་རིགས་ (Nuer) གཉིས་བར་བསྐྱར་དུ་འཁྲུག་རྩོད་འབྱུང་མུས་ཡིན་པ་རེད། མི་རིགས་ཀྱི་ཕྱོགས་རིས་འཐེན་འཁྱེར་ལ་བརྟེན་ནས་ཕྱི་ལོ་ ༢༠༡༡ ལོ་ནས་ལྷོ་སུ་ཌན་རྒྱལ་ཁབ་ཁ་འཐོར་ཡ་བྲལ་དུ་འགྲོ་མགོ་ཚུགས་ཡོད་པ་རེད།

 

འདས་ལོའི་ཕྱི་ཟླ་ ༨ པའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་སྐྱོང་འོག ཕྱོགས་གཉིས་བར་ཞི་འགྲིག་གི་གྲོས་ཆོད་ཁག་བཞག་སྟེ་རྒྱལ་ནང་གི་དུས་ཟིང་ཞོད་འཇགས་བཟོས་ཡོད་པ་མ་ཟད། ད་ལོའི་ཕྱི་ཟླ་ ༢ པའི་ནང་འཛིན་ལས་ཐོག་སལ་བ་ཁཱེར་སྲིད་འཛིན་དང་བློན་ཆེན་ཟུར་བ་རིག་མ་ཆར་སྲིད་འཛིན་གཞོན་པར་བསྐོ་བཞག་གིས་ཕྱོགས་གཉིས་བར་གྱི་འཁྲུག་རྩོད་འདུམ་འགྲིག་བཟོས་ཡོད་ནའང་། གྲོས་ཆོད་དེ་ལ་དོན་ཕན་ཅི་ཡང་མ་བྱུང་བར། ད་ལོའི་ཕྱི་ཟླ་ ༢ ནས་བསྐྱར་དུ་འཁྲུག་ཟིང་བྱུང་སྟེ་མི་རིགས་ཕན་ཚུན་བར་དམར་གསོད་དང་བཅོམ་འཕྲོག ཡུལ་གྱར་བཅས་ཀྱི་ཛ་དྲག་གི་གནས་ཚུལ་འབྱུང་མུས་ཡིན་སྟབས། ད་ཆར་ལྷོ་སུ་ཌན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་ཁག་ ༦ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་དམག་ (peacekeepers) འབུམ་ ༢༠༠ ཙམ་ཆེད་གཏོང་བྱས་ཡོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist