མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུད་སྨུག་ཁྲོད་དུ་ཚོགས་ཆེན་གཉིས་མགོ་བརྩམས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་གྲོང་ཁྱེར་གྱི་གནམ་ས་གཉིས་སུ་དམག་དཔུང་གིས་ལྟ་སྲུང་བྱས་ཏེ་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་དང་སྲིད་གྲོས་སྐབས་ ༡༢ པའི་ཚོགས་ཆེན་ཐེངས་ ༤ པ་ཚོགས་ཀྱི་འདུག

MAIN201503051554076443833888346དེ་རིང་སྔ་དྲོར་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་ ༡༢ པའི་ཚོགས་ཆེན་ཐེངས་ ༤ པ་པེ་ཅིན་དུ་འཚོགས་མགོ་བརྩམས་ཡོད་པ་དང་། གནངས་ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་ ༡༢ པའི་ཚོགས་ཆེན་ཐེངས་ ༤ པ་མགོ་འཛུགས་རྒྱུ་ཡིན་སྟབས། ཕྱི་ཟླ་ ༢ ཚེས་ ༢༩ ཉིན་ནས་བཟུང་༼རྒྱལ་སའི་གསོལ་མགྲོན་ཁང་ཆེན་མོའི་༽ནང་ཕྱོགས་ཡོང་གི་ཚོགས་བཅར་བར་སྣེ་ལེན་བྱེད་མགོ་བརྩམས་པ་དང་བསྟུན། པེ་ཅིན་གྲོང་ཁྱེར་གྱི་གནམ་ས་གཉིས་སུ་དྲག་ཆས་སྤྲས་པའི་དམག་མི་མང་པོས་ཆུ་ཚོད་ ༢༤ རིང་ལྟ་སྲུང་བྱས་ཏེ། སྔར་ལས་དམ་དྲག་ཞིབ་བཤེར་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ཚོགས་ཆེན་གྱི་ཉིན་གྲངས་ ༡༠ རིང་པེ་ཅིན་གྲོང་ཁྱེར་ནང་ཐ་ན་སློབ་གསོ་དང་རོལ་དབྱངས། ཁྱབ་བསྒྲགས་རང་བཞིན་གྱི་ལས་འགུལ་རིགས་གཅིག་ཀྱང་སྤེལ་མི་ཆོག་པ་དང་། གལ་སྲིད་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་བྱུང་ཚེ་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

འདས་ལོའི་ལོ་མཇུག་ནས་བཟུང་པེ་ཅིན་གྱི་མཁའ་དབུགས་ལ་འབག་བཙོག་ཚབས་ཆེན་གྱི་སྣང་ཚུལ་བསྟུན་མར་བྱུང་ཡོད་པ་ལྟར། ཁ་སང་སྔ་དྲོ་ནས་པེ་ཅིན་གྱི་མཁའ་དབུགས་འབག་བཙོག་ཚབས་ཆེན་ཡིན་པའི་ཉེན་བརྡ་སེར་པོ་བཏང་སྟེ། སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་སོགས་སྒོ་བརྒྱབ་ཡོད་པ་མ་ཟད། འབག་བཙོག་གི་སྣང་ཚུལ་དེ་བསྟུན་མར་ཉིན་གཉིས་རིང་འབྱུང་རྒྱུ་ཡིན་སྐོར་བསྒྲགས་ཡོད་སྟབས། སྤྱི་ཚོགས་དྲ་ལམ་ཁག་ནས་པེ་ཅིན་གྱི་དུད་སྨུག་གིས་ཕྱོགས་ཡོང་གི་འཐུས་མི་ཚོར་དགའ་བསུ་བྱེད་བཞིན་ཡོད་ལ། དུད་སྨུག་དེ་རྒྱ་གཞུང་གིས་འཐུས་མི་ཚོར་སྤྲད་པའི་ལེགས་སྐྱེས་ཀྱང་ཡིན་པས། འཐུས་མི་རྣམས་ཡོང་སྐབས་ཏག་ཏག་ཅིག་ཏུ་ཁེལ་ཡོད་སྐོར་རྗོད་ཀྱི་འདུག་ལ། བརྒྱུད་ལམ་ཁག་ནས་ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་སྟེང་ལོ་ལྔའི་འཆར་གཞི་བཅུ་གསུམ་པར་གྲོས་བསྡུར་དང་སྔོན་རྩིས་གཏན་འབེབས་སོགས་ཀྱི་ལས་རིམ་ཁྲོད། པེ་ཅིན་དང་ཐན་ཅིན། ཐང་ཧྲན་སོགས་ཀྱི་མཁའ་དབུགས་འབག་བཙོག་གི་གནད་དོན་དེ་གླེང་གཞི་གཙོ་བོ་ཞིག་ཏུ་ཆགས་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་རེད།

1603022111572039--ss1ཁ་སང་ཕྱི་དྲོར་པེ་ཅིན་དུ་བསྡུས་པའི་སྲིད་གྲོས་ཀྱི་གསར་འགོད་ལྷན་ཚོགས་ཐོག རྒྱ་ནག་གི་གསར་འགོད་མགྲིན་ཚབ་པ་ཝང་གོ་ཆིན་གྱིས་གསར་འགོད་པས་ཚོར་བ་རྣོ་བའི་གནད་དོན་གླེང་བར་སྐྲག་རྒྱུ་མེད་ལ། ག་ཚོད་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་ནའང་ཐབས་ཤེས་གཏང་ནས་གསལ་པོ་བཤད་རྒྱུ་ཡིན། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཡོངས་ལ་གནོད་པ་མེད་ཚེ། གནད་དོན་ཁ་ཤས་ག་རེ་བྱས་ནས་བཤད་མི་ཆོག་པ་རེད། ཅེས་བརྗོད་ཡོད་པ་དེས། བརྒྱུད་ལམ་ཁག་ཏུ་ཚོར་བ་རྣོ་བའི་གནད་དོན་སྣ་ཚོགས་ཀྱི་གླེང་གཞི་བསླངས་ཡོད་པའི་ཁྲོད། སྲིད་འཛིན་ཟུར་པ་ཅང་ཙེ་མིན་གྱིས་མིང་བཏགས་ཤིང་། གཤམ་དུ་༼ཅང་ཙེ་མིན༽ཞེས་མིང་ཡིག་བྲིས་པའི་ཧྥུའུ་ཅན་གྱི་ཟམ་ཆེན་ཞིག་གི་མིང་བྱང་རྡོ་རིང་ལ་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་གློ་བུར་དུ་གཏོར་བཤིག་ཐེབས་ཡོད་པ་དང་། རྒྱ་ནག་དྲིལ་བསྒྲགས་ཁང་གིས་གནས་ཚུལ་དེའི་སྐོར་མང་པོ་གླེང་སློང་བྱེད་མི་ཆོག་ལ། ལྷག་པར་དུ་ཆབ་སྲིད་དང་འབྲེལ་བའི་དཀྲོག་གཏམ་རིགས་སྤེལ་མི་ཆོག་ཅེས་བཀའ་རྒྱ་བཏང་ཡོད་འདུག

ཨ་རིའི་ནང་ཡོད་པའི་སྤྱི་མང་ནུས་ཤུགས་གོང་སྤེལ་ཚོགས་པ་གསར་འཛུགས་མཁན་རྒྱ་རིགས་འབུམ་རམས་པ་སྐུ་ཞབས་ཡཱང་ཅན་ལི་ལགས་ཀྱིས། ཆོས་འཁོར་རྩ་རླུང་ནི་རྒྱ་གཞུང་གི་གནོད་འཚེ་ཐེབས་ས་ཆེས་ཚབས་ཆེ་ཤོས་ཤིག་ཡིན་ཡང་། ད་ལྟའི་བར་ཚོར་བ་རྣོ་ཤོས་ཀྱི་གནད་དོན་ཞིག་ཏུ་གྱུར་ཏེ་དྲང་བདེན་གྱི་ཐག་གཅོད་ཅིག་གཏན་ནས་བྱུང་མེད་སྟབས། རྒྱ་ནག་མི་མང་ཁྲི་ ༢༠ ལྷག་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོར་དྲག་གནོན་དམར་གསོད་གཏོང་མཁན་སྲིད་ཟུར་ཅང་ཙེ་མིན་གྱི་ནག་ཉེས་ཞུ་གཏུག་བྱས་ཡོད་པ་དང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་སྲིད་བྱུས་དེ་དངོས་གནས་ཁ་ཞེ་གཉིས་མེད་ཡིན་ཚེ། ཅང་ཙེ་མིན་ཁྱིམ་ཚང་ནི་ལྐོག་ཟ་རུལ་སུངས་བྱས་པ་ཚབས་ཆེ་ཤོས་ཀྱི་ཁྱིམ་ཚང་གཅིག་པུ་དེ་ཡིན་སྟབས། གདམ་ག་རང་བཞིན་ཅན་གྱི་རྒོལ་རྡུང་ཙམ་མིན་པར་ཅང་ཙེ་མིན་ལ་ཁྲིམས་བཤེར་ཐག་གཅོད་བྱ་རྒྱུ་ངེས་པར་དུ་ལག་བསྟར་བྱེད་དགོས་སྐོར་བརྗོད་འདུག

ཆབ་སྲིད་དཔྱད་ཞིབ་པ་ཚོས། འདས་པའི་ལོ་ ༣ ཙམ་གྱི་རིང་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་འབྲེལ་ཡོད་མགོ་ཁྲིད་ཚོགས་ཆུང་ཁག་གི་དབང་ཆ་གཅིག་ཏུ་བསྡུས་ཏེ། ཏང་ནང་ཁུལ་གྱི་ཁོ་རང་གི་དབང་ཤུགས་བརྟན་པོ་བཟོས་ཡོད་པ་མ་ཟད། དམག་སྡེའི་སྒྲིག་བཀོད་བཅོས་བསྒྱུར་བྱས་ཏེ་དམག་ཁུལ་གྱི་མགོ་ཁྲིད་ནུས་པ་ཤུགས་སྣོན་བྱས་ཡོད་པ་དང་། ཉེ་སྔོན་ནས་དྲིལ་བསྒྲགས་སྒྲིག་སྲོལ་བཅོས་བསྒྱུར་བྱས་ནས་སྟངས་འཛིན་དོ་དམ་བྱས་ཡོད་པ་སོགས་ནི། ཞི་ཅིན་ཕིན་ཁོ་རང་དབང་ཤུགས་ཀྱི་ལྟེ་བར་འགྱུར་ཐབས་ཁོ་ན་ཡིན་ལ། ཁོའི་རྨི་ལམ་དེ་ཐེངས་འདིའི་ཚོགས་ཆེན་ཐོག་མངོན་འགྱུར་བྱུང་མ་ཐུབ་པ་ཡིན་ནའང་། ཕྱི་ལོ་ ༢༠༡༧ ལོར་འཚོགས་འཆར་ཡོད་པའི་ཏང་གི་ཚོགས་ཆེན་ ༡༩ པའི་ཐོག་ཏན་ཏན་མངོན་འགྱུར་འབྱུང་རྒྱུ་ཡིན་སྐོར་རྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese