མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་ནང་བོད་དོན་ཞུ་གཏུགས་སྤེལ་བ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨོ་སི་ཊོ་ལི་ཡའི་ནང་གི་བོད་པའི་ཆབ་སྲིད་བཙོན་ཟུར་དང་ལས་འགུལ་བ་སྐོར་ཞིག་གིས་ཉེ་ལམ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་སོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་འདུག

lobby1ཨོ་སི་ཊོ་ལི་ཡའི་བོད་དོན་ལས་འགུལ་ལྷན་ཁང་གིས་གོ་སྒྲིག་འོག ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༨ ནས་ཕྱི་ཟླ་ ༣ ཚེས་ ༡ ཉིན་བར་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁམ་བྷེ་ར་ནས་གཞུང་གི་ཕྱི་སྲིད་ལྷན་ཁང་གི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་སྡེ་དང་གྲོས་ཚོགས་གོང་འོག་གཉིས་དང་ལྗང་ཁུ་ཚོགས་པ་བཅས་གཞུང་གི་གནད་ཡོད་མི་སྣ་ ༤ དང་གྲོས་ཚོགས་འཐུས་མི་ ༣༢ ལ་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ཀྱི་ཁོར་ཡུག་གི་གནས་བབ་སོགས་ཀྱི་ཐད་ནས་བོད་དོན་ཞུ་གཏུགས་ལས་འགུལ་ཐེངས་ལྔ་པ་དེ་སྤེལ་ཡོད་འདུག

ཐེངས་འདིའི་ཞུ་གཏུགས་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཁག་དྲུག་ནས་བོད་དོན་ལ་དམིགས་བསལ་དོ་སྣང་ཡོད་པའི་གཞོན་སྐྱེས་ཤེས་ཡོན་ཅན་དང་ལས་འགུལ་བ། བོད་རིགས་མཐུན་ཚོགས་ཁག་གི་ཚོགས་གཙོ་བཅས་ཁྱོན་མི་ ༦ མཉམ་ཞུགས་བྱས་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་བོད་དོན་ལས་འགུལ་ཁང་གི་ལས་འགུལ་འཛིན་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས། རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་ཨོ་སི་ཊོ་ལི་ཡའི་གཞུང་དང་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་འགྲོ་སོང་ཆེན་པོ་བཏང་ནས་བོད་ཀྱི་གནད་དོན་ཐད་ལ་འཁྱོག་བཤད་རྐྱང་རྐྱང་བྱེད་བཞིན་ཡོད་སྟབས། ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་མི་མང་ཆེས་ཤོས་ནི་ཆབ་སྲིད་བཙོན་ཟུར་རེད། གྱི་རྒྱ་གཞུང་གི་སྲིད་བྱུས་ལ་ལུས་སེམས་གཉིས་ཀའི་ཐོག་ནས་ཉམས་མྱོང་ཆ་ཚང་བསགས་ཡོད་སྟབས། བོད་ནང་གི་གནས་བབ་ག་འདྲ་ཞིག་ཡིན་པ་དངོས་ཡོད་ཀྱི་ཐོག་ནས་ཁུངས་སྐྱེལ་ཐུབ་ཀྱི་ཡོད། དེ་ལ་ཨོ་སི་ཊོ་ལི་ཡའི་གཞུང་དང་གྲོས་ཚོགས་འཐུས་མི་ཚོས་ཀྱང་བོད་ནང་གི་གནས་སྟངས་ངོ་མ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད། དཔེར་ན། ཞུ་གཏུགས་མགོ་བཙུགས་ནས་ད་ལྟའི་བར་བོད་ཀྱི་གནད་དོན་སྐོར་ལ་ཚོགས་འདུ་ ༢༠༠ ལྷག་ཅིག་འཚོགས་ཐུབ་ཡོད་པ་རེད། གྲོས་ཚོགས་གོང་འོག་དང་ལྗང་ཁུ་ཚོགས་པ་སོགས་ཀྱི་ནང་དུ་བོད་དོན་གླེང་སློང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ཅེས་བརྗོད་སོང་།

ཨོ་སི་ཊོ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་སུ་ཞུ་གཏུགས་ལས་འགུལ་འདི་ལ་ཕན་ནུས་ག་འདྲ་ཡོད་མེད་བཀའ་འདྲི་ཞུས་སྐབས་ཁོང་གིས་གསུངས་དོན། གོ་སྒྲིག་གནང་མཁན་ན་ཆ་མཚོན་ན། བོད་དོན་རྒྱབ་སྐྱོར་བ་ཤུགས་ཆེ་ཤོས་དང་རྒྱུན་རིང་ཤོས་ཡིན་པའི་ཆ་ནས་ཁོང་ཚོའི་བོད་དོན་ལ་རྒྱབ་སྐྱོར་གྱིས་ཕྱག་ལས་གནང་དང་གནང་བཞིན་པར་བསྔགས་བརྗོད་ཡོད། མ་ཟད་བོད་དོན་ཞུ་གཏུགས་ལས་འགུལ་འདི་རྒྱུན་མཐུད་ནས་ཨོ་སི་ཊོ་ལི་ཡའི་གཞུང་དང་གྲོས་ཚོགས་ནང་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ཉམས་མྱོང་དང་ལོ་རྒྱུས་ཀྱིས་བོད་ཀྱི་གནས་བབ་དངོས་གནས་དེ་རྒྱུ་མཚན་ཁུངས་ལུང་ལྡན་པའི་ཐོག་ནས་འགྲེལ་བརྗོད་གནང་སའི་སྡིངས་ཆ་ཞིག་བསྐྲུན་པ་དེས་བོད་ཀྱི་ཛ་དྲག་གི་གནས་སྟངས་དེ་གསལ་བོ་བཟོ་བྱེད་ཀྱི་ཐབས་ལམ་ཡག་ཤོས་ཤིག་ཡིན་སྟབས། མུ་མཐུད་ནས་མཇུག་སྐྱོང་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གཞན་ཡང་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་ཀྱིས་ཞུ་གཏུགས་ལས་འགུལ་འདི་ལ་གཟིགས་ཚུལ་གསུངས་དོན། བོད་དོན་ཞུ་གཏུག་ལས་འགུལ་འདི་ཧ་ཅང་གནད་དུ་འཁེལ་བའི་ལས་འགུལ་ཡག་ཤོས་ཤིག་ལ་མཐོང་གི་ཡོད། རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་ཞུ་གཏུགས་ལས་འགུལ་གལ་ཆེན་པོ་བརྩི་ཡི་ཡོད། ལྷག་པར་དུ་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་བོད་ནང་གི་དཀའ་ངལ་ངོ་མ་དེ་ཉམས་མྱོང་གི་ཐོག་ནས་གྲོས་ཚོགས་འཐུས་མི་ཚོར་ངོ་སྤྲོད་བྱེད་ཡོང་དུས། རྒྱ་གཞུང་གི་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ཀྱི་གདོང་རིས་ངོ་མ་དེ་གསལ་སྟོན་བྱེད་ཐུབ་པས་ན། མ་འོངས་པ་ན་ལས་འགུལ་འདིའི་ཚགས་ཇེ་ཚུད་དུ་གཏོང་དགོས་པ་གལ་ཆེན་པོ་མཐོང་གི་ཡོད། ཅེས་བརྗོད་སོང་།

lobby4ཕྱི་ཟླ་ ༢ ཚེས་ ༢༨ དང་ ༢༩ སོ་སོར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་ཀྱི་ཁོར་ཡུག་གི་གནས་བབ་སྐོར་ནས་གྲོས་ཚོགས་འཐུས་མི་ ༦ གིས་གླེང་སློང་ཤུགས་ཆེན་པོ་གནང་སྟེ་བོད་ཀྱི་ཁོར་ཡུག་གིས་མཚོན་པའི་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་འགྱུར་བསྟན་པ་མ་ཟད། ཕྱི་ཟླ་ ༣ ཚེས་ ༡ ཉིན་གྱི་ཞོགས་པར་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་ལྷན་ཁང་གི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་སྡེ་ཚན་འགན་འཛིན་སྐུ་ཞབས་བྷོ་ཁྲོན་(Broughton Robertson)སོགས་དཔོན་པོ་མཐོ་ཤོས་ ༤ ལ་ཆབ་སྲིད་བཙོན་ཟུར་བློ་བཟང་ལུང་རྟོགས་དང་ཚེ་རིང་རྡོ་རྗེ། དོན་གྲུབ་ཚེ་རིང་དང་རྨེའུ་དཀོན་རྒྱམ་བཅས་ཀྱི་སོ་སོའི་མྱོང་བ་རྣམས་གཞིར་བཞག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ཆབ་སྲིད་བཙོན་པའི་དཀའ་ངལ། རྒྱ་གཞུང་གི་ཁྲིམས་དང་ལག་ལེན་གཉིས་ཀྱི་བར་ལ་འགལ་ཟླ་ཆེན་པོ་ཡོད་པའི་སྐོར་ནས་འགྲེལ་བརྗོད་བྱེད་སྐབས་སུ། སྐུ་ཞབས་བྷོ་ཁྲོན་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་སུ་རྒྱ་གཞུང་ལ་འབོད་སྐུལ་དང་ཉམས་ཞིབ་སྔར་ལས་ལྷག་པར་བྱེད་རྒྱུ་མ་ཟད། གདུང་སེམས་མཉམ་བསྐྱེད་ཡོད་སྐོར་བརྗོད་སོང་།

ཡང་ཉིན་དེའི་དགོང་མོར་བོད་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ལེ་ས་(Senator Lisa Singh)ལགས་ཀྱིས་གྲོས་ཚོགས་ནང་ང་དེ་རིང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་གཞོན་སྐྱེས་ལས་འགུལ་བ། བོད་རིགས་མཐུན་ཚོགས་ཁག་གི་མགོ་ཁྲིད་སོགས་ལ་མཇལ་འཕྲད་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་ཁོར་ཡུག ཆབ་སྲིད་བཙོན་པའི་གནས་བབ་སྐོར་ནས་གྲོས་བསྡུར་བྱས་པ་ཡིན། སྐབས་དེར་ཁོང་ཚོའི་མྱོང་བ་དང་འབོད་སྒྲ་སོགས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་འདུག་པས། ཨོ་སི་ཊོ་ལི་ཡའི་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིའི་དྲང་བདེན་དང་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྲུབ་འབྲས་ལྡན་པ་ཞིག་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད་འདུག རྨེའུ་དཀོན་རྒྱམ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་། 

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese