མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུ་མཚན་གསུམ་གྱི་ཐོག་ནས་དངོས་གཞིའི་འོས་མི་འདོན་རྒྱུ་མིན།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

མདོ་ཁམས་ཆུ་བཞི་སྒང་དྲུག་གིས་འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་དངོས་གཞིའི་སྐབས་སུའང་སྔར་གྱི་རྒྱུ་མཚན་གསུམ་གྱི་ཐོག་ནས་དངོས་གཞིའི་འོས་མི་འདོན་རྒྱུ་མིན་པའི་གསལ་བསྒྲགས་གནང་འདུག

12835052_1235826316432884_2070251879_nདེ་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དེ་སྔོན་ཡོངས་ཁྱབ་གསལ་བསྒྲགས་གནང་ཟིན་པ་ལྟར། ༢༠༡༦ ལོའི་སྲིད་སྤྱིའི་དངོས་གཞིའི་འོས་མི་འདོན་རྒྱུ་མིན་པའི་གསར་འགོད་གསལ་བསྒྲགས་ཤིག་གནང་བའི་ནང་། ཕྱི་ལོ་ ༢༠༡༦་༡་༧ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ཚོགས་ཐེངས་ ༦ པ་ཚོགས་གནང་པ་དང་། སྐབས་དེར་འདི་ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་མི་འདོན་མིན་སྐོར་གྱི་གྲོས་ཆོད་ཅིག་བཞག་གནང་མཛད་ཡོད་པ་རེད། དེའང་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་ཁ་སྔོན་ ༢༠༡༥་༨་༢༩ ཉིན་རྒྱུ་མཚན་གཙོ་བོ་ཁག་གསུམ་ལ་གཟིགས་ཏེ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་གཞི་འདོན་རྒྱུ་མིན་པའི་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། དེར་བོད་མིའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ལ་དོན་དམ་པའི་འགན་ཁུར་མཁན་དང་། བོད་དོན་འཐབ་རྩོད་ལ་སྙིང་སྟོབས་རབ་ཏུ་ཆེ་བའི་གནད་ཡོད་མི་སྣ་ཁག དེ་བཞིན་རྒྱ་ཆེའི་མང་ཚོགས་བཅས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་པ་ལྟར། འདི་ལོར་དངོས་གཞིའི་འོས་བསྡུའི་སྐབས་སུའང་རྒྱུ་མཚན་དེ་གསུམ་པོ་རང་འཇགས་ཐོག་སྲིད་སྤྱི་གཉིས་ཀྱི་འོས་གཞི་གཏན་ནས་མི་འདོན་རྒྱུར་ཐག་གཅོད་བྱུང་ཡོད་པ་ལགས་ན་ཚང་མས་དེ་ལུགས་དགོངས་དབྱིངས་སུ་མངའ་བ་མཁྱེན། ཞེས་བཀོད་འདུག

འོས་མི་འདོན་རྒྱུ་མིན་པའི་རྒྱུ་མཚན་གསུམ་བཀོད་པའི་ནང་། གཅིག་ན་བོད་ཀྱི་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་མི་ལོ་ ༥༣ ཙམ་འཁོར་ཡོང་གིན་ཡོད་པ་རེད། ༸གོང་ས་མཆོག་གིས་ཐོག་མ་མང་གཙོ་གསོལ་རས་གནང་པའི་རྒྱུ་མཚན་དང་། གསོལ་རས་གནང་ནས་ད་བར་གྱི་ཐུགས་རེ་གཙོ་བོ་དེ་ཆོལ་ཁ་བྱེ་བྲག་པའི་ལངས་ཕྱོགས་བཟུང་བསྡད་རྒྱུ་ཙམ་མིན་པ། བོད་མི་མི་རེ་ངོ་རེ་ནས་བོད་སྤྱི་པའི་རྩ་དོན་འདི་མགོ་ཚོས་པ་དང་། མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་འགན་ཁུར་ཐུབ་རྒྱུ་དེ་ཡིན་པ་ལྟར། ད་ཐེངས་འདི་ནས་༸རྒྱལ་བའི་དགོངས་པ་བཞིན་མང་ཚོགས་ཀྱིས་མང་གཙོའི་ཁེ་དབང་ཡང་དག་པ་ཞིག་ལོངས་སུ་སྤྱོད་ཐུབ་ཐབས་ཀྱི་ཆེད་དུ་ཡིན།

གཉིས་ན་འདས་པའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་གནང་སྟངས་དང་། དེ་ལས་ཀྱང་ད་ལྟའི་བརྡ་འཕྲིན་གྱི་དུས་རབས་འདིར་ཕན་ཚུན་འབྲེལ་ལམ་དང་། རྒྱུས་ལོན་ཡོང་རྒྱུར་དེ་ཙམ་ཁག་པོ་མེད་པ་སོགས་ལ་བརྟེན་མདོ་སྟོད་མང་ཚོགས་ལ་མཚོན་ན་སྔོན་འགྲོའི་འོས་གཞི་ཞིག་བཏོན་ཏེ་བྱིས་པར་ལམ་སྣ་ཁྲིད་བསྡད་དགོས་པ་ལྟ་བུ་ཞིག་མཐོང་གིན་མེད་ལ། བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་པའི་སྲིད་སྐྱོང་དང་། སྤྱི་འཐུས་ཤིག་གདམས་སྒྲུབ་བྱེད་པར་རྣམ་དཔྱོད་ལྡན་པའི་ཐོག་གོ་རྟོགས་ཏག་ཏག་ཅིག་སད་བསྡད་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།

གསུམ་ན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་འདི་མདོ་སྟོད་ཆོལ་ཁའི་སྒྲིག་འཛུགས་ལྟེ་བ་དང་། མང་ཚོགས་ཀྱི་ཡིད་ཆེས་བྱ་ས་གཙོ་བོ་དེ་ཡིན་དུས་བཀུར་འོས་ལས་ཐོག་སྤྱི་འཐུས་རྣམ་པ་དབུར་བཞུགས་ཐོག འདི་ལོ་མདོ་སྟོད་མང་ཚོགས་ཀྱི་ནང་ནས་གཞོན་སྐྱེས་འདབ་གཤོག་གཉིས་ལྡན་ཅན་གྱི་དང་བླངས་འོས་མི་མང་པོ་ཞིག་ཐོན་ཡོང་བཞིན་འདུག་པས། དེ་དག་ཚང་མ་ལ་ཆེ་མཐོང་དང་གུས་བཀུར་ཞུས་ཏེ། སྔོན་འགྲོའི་འོས་གཞིའི་ནང་གདམས་གསེས་བྱས་ཏེ་འོས་མི་ཟུར་འདོན་ཞུ་མ་དགོས་པ་བྱས་པ་ལྟར་དངོས་གཞིའི་སྐབས་སུའང་དེ་ག་རང་ལ་ཐག་གཅོད་བྱས་པ་ཡིན་ཞེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༠ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 6

  1. dorba says:
    ལོ་ 11 སྔོན།

    ད་ལྟ་སྲིད་སྐྱོང་སུ་ཞིག་འོས་འདེམས་བྱས་རོང་བོད་མིའི་སྐྱིད་སྡུག་དེ་སེམས་ཐོག་ལ་གཙོ་བོར་འཛིན་དགོས། དེ་མིན་བོད་ལ་ཕན་ཅི་ཡང་མེད་པར་སྒེར་ལས་ལ་གཙོ་བཟུང་མཁན་ཞིག་གིས་བོད་མིའི་ནང་འཁྲིག་དང་དུས་ཚོད་འཕྲོ་བརླག་བྱེད་པ་ཡིན།

    Reply
  2. ཨ་སྐྱོང་ཕུན་ཚོགས་རྒྱ་མཚོ་། says:
    ལོ་ 11 སྔོན།

    མི་མང་ལ་དབང་ཚད་སྤྲོད་པ་དེ་དངོས་གནས་ཡག་པོ་རེད་།།

    Reply
  3. ལྷག་བསམ། says:
    ལོ་ 11 སྔོན།

    ད་ཐེངས་མདོ་སྟོད་ཆོལ་ཁས་གཞན་ལ་མིག་དཔེ་ཡག་པོ་ཞིག་སྟོན་སོང་།

    Reply
  4. བོད་ཀྱི་གཡག says:
    ལོ་ 11 སྔོན།

    དངོས་གནས་རྗེས་སུ་ཡིད་རང་ཞུ།

    Reply
  5. སྟོད་ཕྲུག says:
    ལོ་ 11 སྔོན།

    མདོ་སྟོད་ཆོལ་ཁ་ལ་རྗེས་སུ་ཡི་རངས་ཞུ། འགག་རྩ་ལ་ཐུག་དུས་བོད་ཀྱི་རྩ་དོན་དེ་གང་ལས་ཀྱང་གལ་ཆེ་བ་བརྩིས་པ་ནི་སྒམ་ཚུགས་དང་རྣམ་དཔྱོད་ཅན་གྱི་བྱེད་སྟངས་ཤིག་ལོས་ཡིན་བསམས་པ་ཞིག་བྱུང་།

    Reply
    • མདོ་འདན། says:
      ལོ་ 11 སྔོན།

      དངོས་ནས་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་གཙོས་མི་མང་ནས་དགོངསཔ་ཡག་པོ་བཞེས་པ་དེ་དཔེ་མཚོན་འོས་ཆགས་ཡོད་སྙམ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese