མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་ཞུགས་འབུལ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་གཞོན་ལྷན་གྱི་གོ་སྒྲིག་འོག་ལྷ་རྒྱ་རིར་བོད་གཞུང་མང་གཉིས་མཉམ་འཛོམས་ཐོག་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་སུ་གུས་འདུད་མྱ་ངན་དང་བཅས་་སྐུ་ཕུང་ཞུགས་འབུལ་གནང་སོང་།

IMG_5384དེ་རིང་ཞོགས་པའི་ཆུ་ཚོད་ ༨།༣༠ སྟེང་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་དྷ་སའི་སེར་སྐྱ་མི་མང་གི་ཕེབས་བསུ་འོག་ལྷ་རྒྱ་རིར་གདན་འདྲེན་ཞུས་པ་དང་། ཆུ་ཚོད་ ༩ སྟེང་བོད་གཞུང་མང་སེར་སྐྱ་མང་ཚོགས་ ༤༠༠ ཙམ་ལྷན་འཛོམས་ཀྱིས་བོད་རྒྱལ་ཁབ་ཀྱི་རྩ་དོན་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་མཁན་རྡོ་རྗེ་ཚེ་རིང་ལགས་སུ་མྱ་ངན་གུས་འདུད་ཞུ་བའི་མཛད་མཛད་སྒོ་ཚོགས་རྗེས། ཆུ་ཚོད་ ༡༠།༡༥ ཡས་མས་སུ་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་གནང་སོང་།

མྱ་ངན་གུས་འདུད་མཛད་སྒོའི་ཐོག་གཞོན་ལྷན་དབུས་རྒྱུན་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ད་ལྟའི་བར་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་ལྟ་བུའི་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ཕྲག་མང་པོ་བྱུང་ཡོད་པ་རེད། ༡༩༨༩ ལོའི་ཕྱི་ཟླ་ ༤ བར་གཞོན་ལྷན་གྱི་སྒྲིག་འཛུགས་འོག་རྒྱ་གར་རྒྱལ་ས་ལྡི་ལིར་བོད་ཞི་བའི་ངོ་རྒོལ་ལས་འགུལ་སྐབས་སུ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་སྐུ་ལུས་མེར་བསྲེགས་གནང་བ་ནས་བཟུང་ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༥༠ ལྷག་ཅིག་གིས་སྐུ་ལུས་མེར་བསྲེགས་གནང་ཡོད་པ་དང་། བཙན་བྱོལ་ནང་ལོགས་སུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་གྲས་ནས་དེ་རིང་འདིར་ང་ཚོའི་མིག་མདུན་དུ་ཡོད་པའི་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་ལོ་ན་ཆུང་ཤོས་དེ་ཆགས་ཀྱི་ཡོད་པ་དང་། དེ་བཞིན་བོད་ནང་ལོགས་སུ་ཉི་མ་དེ་རང་དུ་རྒྱལ་གཅེས་དཔའ་བོ་སྐལ་བཟང་དབང་འདུས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་ཡོད་པ་རེད། ཁོང་རྣམ་པ་གཉིས་ཟླ་གཅིག་ཉིན་གཅིག་ལ་བོད་རང་དབང་རང་བཙན་སླར་གསོ་དང་བོད་རྒྱལ་ཁབ་རང་བཙན་ཡིན་པའི་འབོད་སྐུལ་ཐོག་ནས་སོ་སོའི་གཅེས་སྲོག་ཕུལ་ཡོད་སྟབས། ང་ཚོས་འདིར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ས་ཡ་དྲུག་གི་ཚབ་བྱས་ཏེ་བོད་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་སྲོག་བློས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པར་གུས་འདུལ་མྱ་ངན་ཞུ་རྒྱུ་དང་། ལྷག་པར་དུ་ཁོང་རྣམ་པའི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

དེའི་རྗེས་རྡོ་རྗེ་ཚེ་རིང་ལགས་ཀྱི་ཕ་ཐུབ་བསྟན་ལགས་ནས། བུ་རྡོ་རྗེ་ཚེ་རིང་གིས་བོད་ཕྱི་ནང་གཉིས་སུ་ད་ལྟའི་བར་བོད་མི་ ༡༥༠ ལྷག་གིས་སྐུ་ལུས་མེར་བསྲེགས་བཏང་ཡང་འགུལ་ཀྱོག་རྩ་བ་ནས་ཐེབས་མ་སོང་། དེ་རིང་ལོ་ ༡༦ ཅན་ཞིག་གིས་སྐུ་ལུས་མེར་བསྲེགས་བཏང་བ་ཡིན་ན། འཛམ་བུ་གླིང་དུ་བོད་དོན་ལ་དོ་སྣང་ཡོང་ཐབས་སུ་འགྱུར་ཞིག་ཐེབས་མི་ཡོང་ངམ་སྙམ་ཞེས་སོགས་གསལ་བོར་བརྗོད་ཡོད་སྐོར་དང་། ཡང་ཁོང་གིས་བོད་གཞུང་མང་གཉིས་ནས་ཁོང་དང་ཁོང་གི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཕྱག་རོགས་ཧ་ཅང་ཡག་པོ་གནང་བར་དགའ་བོ་བྱུང་། ཞེས་གསུངས་སོང་།

12804651_793090997501977_3952769007712978673_n tibettimes

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. dorba says:
    ལོ་ 10 སྔོན།

    ད་ཆ་བོད་གཞུང་ནས་མ་འོངས་སྲིད་སྐྱོང་གི་འགྲན་རྩོད་ནང་ཞུགས་བཞིན་པའི་སྐབས་འདིར་བོད་ཕྱི་ནང་ས་གནས་གཉིས་ནས་བོད་ཀྱི་ན་གཞོན་གཉིས་ཀྱིས་རང་སྲོག་བློས་གཏོང་སོང་། དེ་ནས་ང་ཚོའི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་རང་ཉིད༢༠༡༦ ལོར་སྲིད་སྐྱོང་འོས་འདེམས་བྱེད་པར་ཆེད་དུ་དམངས་ཚོགས་དང་མཉམ་དུ་གླུ་གཞིས་ལེན་འདུག དེ་མཐོང་པ་ན་ཡིད་སེམས་སྐྱོ་སོང་། དུས་འདི་འདྲ་ཞིག་ལ་ཁོའི་བྱ་བ་འདི་འདྲ་བྱས བོད་མིའི་སྐྱིད་སྡུག་མ་ཤེས་ནི་རེད འདི་འདྲའི་སྲིད་སྐྱོང་མེད་ན་བཟང་། བོད་ལ་དགོས་པའི་སྲིད་སྐྱོང་ཁོ་བོ་མིན།
    བློ་སེང་ལྟ་བུ་མི་འདི་དག་གིས་གོང་ས་མཆོག་ལ་བཀོལ་སྤྱོད་བྱེད་ནས་དམངས་ཚོགས་ལ་མགོ་སྐོར་བྱས། དེ་རིང་ས་འདི་ནས་བོད་མིའི་སྐྱིད་སྡུག་བཤད་བཞིན།སངས་ཉིན་ས་ཕ་རོལ་ན་གླུ་གཞིས་ལེན་བཞིན་འདུག འདི་འདྲའི་མི་ཞིག་ལ་སྐྲག་སྣང་སྐྱེས།
    http://www.khabdha.org/?p=81029 ནས་བཤུས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese