མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་ཆེན་ཚོགས་འདུའི་སྟེང་རྒྱལ་དོན་ཇི་ལྟར་སྒྲུབ་ཀྱི་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་མཁན་ཨོ་སི་ཊེན་རམ་ཙེ། (Austin Ramzy) པདྨ་རྒྱལ་གྱིས་སྒྲིག་བསྒྱུར་བྱས།

 

_____རེས་གཟའ་སྤེན་པའི་ཉིན་ཚུགས་པའི་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་སྐོར་ནས་ཁྱེད་རང་གིས་ངེས་དགོས་པའི་དོགས་འདྲི་ཁག་བཞི།

 

དོན་དངོས་སུ་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་ལ་ (N.P.C) དབང་ཆ་ཞིག་ཡོད་དམ།

 

tibettimesདམངས་ཆེན་ཚོགས་འདུ་ལ་དབང་ཆ་ཡོད་པ་རེད། འོན་ཀྱང་དབང་ཆ་ཆེན་པོ་ཡོད་པ་མ་རེད། འཐུས་ཚབ་ ༣༠༠༠ ལྷག་ལས་མང་ཆེ་བ་དཔོན་རིགས་དང་དམར་ཤོག་ཚོགས་མི་ཡིན་ཞིང་། ཁོ་ཚོས་གོ་དབང་རྩོད་ལེན་ཐུབ་པ་མ་རེད། ཕུགས་དོན་ནི་རྒྱ་ནག་གི་སྲིད་དབང་དེ་དམར་ཤོག་ཚོགས་པའི་ལག་ཏུ་ཡོད་པ་དང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་ (PSC) གིས་རྒྱ་ནག་གི་སྲིད་ཇུས་གཏན་འབེབས་བྱེད་ཀྱི་ཡོད་སྟབས། རྒྱ་ནག་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་ཤུགས་རྐྱེན་ལ་ཚོད་འཛིན་ཐེབས་ཀྱི་ཡོད་པ་རེད།

ད་ལྟའི་ཆར་ད་དུང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གིས་བཙན་ཤེད་ལ་བརྟེན་ནས་རྒྱ་ནག་གི་སྲིད་ཇུས་བསྐྱར་ཞིབ་གྲོས་འཆར་ཁག་ནར་འགྱང་གཏོང་གི་ཡོད་ཅིང་། ཕྱི་ལོ་ ༡༩༩༢ ལོར་འཐུས་མི་སུམ་ཆ་གཅིག་གིས་འགག་གསུམ་ཨར་ལས་བཟོ་སྐྲུན་ (Three Gorges Dam) གྱི་རྩོད་རྙོག་ལ་མོས་མཐུན་མེད་པའི་བསམ་ཚུལ་བསྟན་པ་དང་། ལས་གཞི་དེ་དག་ད་དུང་རྩོད་རྙོག་ཆགས་བསྡད་ཡོད་ནའང་། རྒྱ་ནག་གི་སྲིད་དབང་སྒེར་འཛིན་ལམ་ལུགས་འོག་ཐ་ན་འཐུས་མི་ཉུང་ཉུང་ཞིག་ལ་མོས་མཐུན་མེད་པའི་བསམ་ཚུལ་ཙམ་གྱི་ཐད་ལའང་བསྒྲགས་གཏམ་སྤེལ་གྱི་ཡོད་པ་རེད།

 

གནས་བབ་དེ་འདྲ་ཞིག་གི་འོག་ཏུ་ཁྱེད་ཀྱིས་ཅི་ཞིག་ལ་དོ་སྣང་བྱེད་ཀྱི་ཡོད་དམ།

 

རྒྱ་ནག་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་གྲོས་འཆར་ཁག་གཟབ་ནན་གྱི་སྒོ་ནས་ཡིག་ཐོག་ཏུ་འགོད་ཀྱི་ཡོད་པ་དང་། གྲོས་འཆར་དེ་དག་རྒྱལ་ནང་གི་ཆབ་སྲིད་གནད་དོན་དང་དཔལ་འབྱོར་རེ་ལྟོས་བཅས་མངོན་འགྱུར་ཡོང་ཐབས་སུ་བེད་སྤྱོད་ཆེན་པོ་ཡོད་པ་རེད། རྒྱ་ནག་གི་དཔོན་རིགས་ཚོས་དམངས་ཆེན་ཚོགས་འདུ་ཐེངས་སྔོན་མའི་སྟེང་བཏོན་པའི་གྲོས་འཆར་ཁག་གཞིར་བཟུང་སྟེ། སྲིད་ཇུས་ཀྱི་གྲོས་འཆར་འདོན་གྱི་ཡོད་པ་དང་། དེ་ཡང་སྔོན་མའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་མཇུག་བསྡུས་པ་དང་འདྲ་བོ་ཡོད་པ་རེད།

མ་ཟད་རྒྱ་ནག་གཞུང་གིས་ནམ་རྒྱུན་དམངས་ཆེན་ཚོགས་འདུའི་སྟེང་དམག་དཔུང་གི་འགྲོ་གྲོན་སྔོན་རྩིས་གསལ་བསྒྲགས་བྱེད་ཀྱི་ཡོད་པ་དང་། དམག་དཔུང་གི་འགྲོ་གྲོན་སྔོན་རྩིས་དེ་ཡང་སྤྱི་བསྡོམས་ཤིག་ཡིན་སྟབས། དེའི་ཐད་ལ་རྩོད་གླེང་མེད་ནའང་ལོ་རེར་དམག་དཔུང་གི་འགྲོ་གྲོན་འཕར་བཞིན་པ་དེ་ནི་དྲག་ཆས་དམག་དཔུང་གི་སྟོབས་ཤུགས་སྔར་བས་མཐོར་འདེགས་གཏོང་ཐབས་སུ་ཞིབ་འཇུག་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་མགྲིན་ཚབ་པ་བུད་མེད་ཅིག་གིས། ད་ལོར་རྒྱ་ནག་གི་དམག་དཔུང་འགྲོ་གྲོན་སྔོན་རྩིས་དེ་བཞིན་སྔར་ལས་བརྒྱ་ཆ་ ༧ ནས་ ༨ བར་འཕར་ཡོད་ཚུལ་བརྗོད་འདུག

དམངས་ཆེན་ཚོགས་འདུའི་སྟེང་ཟུར་ཞུགས་སམ་ཆེད་བཅར་གསར་འགོད་པ་གང་ཡིན་ནའང་། ཁོ་ཚོ་ཚོགས་ཞུགས་དཔོན་རིགས་ཚོའི་སར་བཅར་མི་ཆོག་པ་དང་། ཡང་སྐབས་རེར་ཡིག་ཐོག་ཏུ་མ་བཀོད་པའི་གྲོས་མོལ་ལ་བསྐྱར་ཞིབ་དང་བརྒྱུད་གཏོང་མི་ཆོག་པ་བྱས་འདུག རྒྱ་ནག་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་འཐུས་མི་བྱིངས་ཀྱིས་གྲོས་འཆར་འདོན་ཆོག་པ་དང་། ཁོ་ཚོའི་བསམ་འཆར་དེ་གྲོས་ཚོགས་དང་འབྲེལ་བ་མེད་ནའང་། ཁོ་ཚོས་རྒྱལ་ནང་གི་བཟོ་ལས་ཐོན་སྐྱེད་དང་མངའ་ཁོངས་བདག་དབང་། སྤྱི་དམངས་ཀྱི་སེམས་ཁྲལ་དང་འབྲེལ་བའི་རྩོད་རྙོག་རིགས་ལའང་གྲོས་འཆར་འདོན་དགོས་པ་རེད།

 

འདི་ལོར་དག་དོན་ཅི་ཞིག་འབྱུང་སྲིད་དམ།

 

རྒྱ་ནག་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་འཐུས་མི་ཚོས་རྒྱ་ནག་གི་ལོ་ངོ་ ༡༣ རིང་གི་ལས་འཆར་ཡོངས་སུ་རྫོགས་པར་ཚོད་དཔག་དགོས་པ་དང་། ལས་འཆར་དེ་དག་ནི་ཕྱི་ལོ་ ༢༠༡༦ ནས་ ༢༠༢༠ ལོའི་བར་གྱི་རྒྱ་ནག་གི་སྤྱི་ཚོགས་དཔལ་འབྱོར་གྱི་དམིགས་འབེན་གཙོ་བོ་ཁག་ཅིག་ཡིན་པ་རེད། ལས་འཆར་དེའི་སྙིང་བསྡུས་ཤིག་འདས་ལོའི་ཕྱི་ཟླ་ ༡༠ པར་ཚུགས་པའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་ཆེན་རྗེས་སུ་ནང་ཁུལ་དུ་བརྒྱུད་བསྒྲགས་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཏེ་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་རྗེས་སུ་ལས་འཆར་དེ་དག་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་ཡིན་པ་འདྲ།

དཔལ་འབྱོར་འཕལ་རྒྱས་ཀྱི་འགྲོས་ཤིན་ཏུ་དལ་བར་བརྟེན། འཛམ་གླིང་སྤྱིའི་དཔལ་འབྱོར་ཞིབ་འཇུག་གི་དངངས་འཚབ་འོག་ཏུ་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་ཀྱི་ལས་འཆར་དེ་དག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་རེད། རྒྱལ་ནང་གི་བཟོ་ལས་ཐོན་སྐྱེད་ཇེ་ཉུང་དང་བུན་དངུལ་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། སྐུ་ཞབས་ཞི་ཅིན་ཕིན་གྱིས་དཔལ་འབྱོར་འཛུགས་སྐྲུན་དང་དངོས་ཟོག་ཕྱི་འདྲེན། དེང་རབས་དཔལ་འབྱོར་ཁྲོམ་རའི་འགྲན་རྩོད་ཁྲོད་དུ་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ནུས་པ་མ་ཐོན་པའི་དཀའ་ཁག་ལ་འཕྲད་ཡོད་པ་རེད། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆང་གིས་ཁོ་རང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱེད་རྒྱུ་ཡིན་པ་དང་། ལོ་འཁོར་སྙན་ཐོ་དེའི་ནང་ལོ་རྗེས་མར་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་ལ་འཕོ་འགྱུར་ཅི་ཙམ་འབྱུང་སྲིད་པའི་སྐོར་འཁོད་ཡོད་པ་རེད།

དཔལ་འབྱོར་རིག་པ་བ་ཚོས་རྒྱ་ནག་གཞུང་གི་དཔལ་འབྱོར་ལས་གཞི་ཁག་ལ་དོགས་སློང་བྱེད་བཞིན་པའི་སྐབས་འདིར། རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་འཐུས་མི་ཚོར་རྒྱལ་ནང་གི་འཁྲུག་ཆ་དོད་པའི་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཅི་ཙམ་དལ་བར་གཏོང་བའི་ཐད་ལ་ངེས་ཤེས་བསྐྱེད་པར་རེ་སྒུག་བྱེད་དུ་བཅུག་ཡོད་པ་རེད། སྐབས་རེར་རྒྱ་ནག་གི་དཔོན་རིགས་ཚོའི་བསམ་ཕྱོགས་ཀྱི་གསང་བ་ཕྱི་ལ་ཤོར་གྱི་ཡོད་སྟབས། དམངས་ཆེན་ཚོགས་འདུའི་རྗེས་སུ་སྲིད་བློན་ལེ་ཁི་ཆང་གིས་གསར་འགོད་ལྷན་ཚོགས་ཀྱི་སྒོ་མོ་རྒྱག་སྲིད་པ་རེད།

 

རྒྱ་ནག་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་སྟེང་རྩོད་གླེང་ཅི་ཙམ་བྱུང་ཡོད་དམ།

 

ཝ་ཞིན་ཊོན་ནང་བཞིན་རྩོད་གླེང་བྱུང་ཡོད་པ་མ་རེད། ལོ་ངོ་ ༥ ཡི་འཆར་གཞི་ལྟར། གལ་འགངས་ཆེ་བའི་ཐག་གཅོད་ཁག་འབྱུང་འགྱུར་གྱི་ལོ་ཟླ་ཁ་ཤས་རིང་གི་མདུན་སྐྱོད་ཁྲོད་ཞི་འཇགས་བཟོ་གི་རེད། ཉེ་བའི་ཉིན་འདི་ཚོར་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཆབ་སྲིད་སློབ་སྟོན་པ་ཚོ་ལས་འཕྲོས་ཏེ། རྒྱལ་ནང་གི་སྲིད་གྲོས་ལ་བློ་ཁ་མཐུན་མིན་སྐོར་གྱི་རྩོམ་ཡིག་མང་པོ་སྤེལ་བཞིན་འདུག

བློ་ཡིད་ལས་འདས་པའི་ཆབ་སྲིད་སྒྲིག་འཛུགས་ཀྱི་རྩོད་གླེང་ཁྲོད་དུ་དམར་ཤོག་ཚོགས་པས་བཙན་ཤེད་བཀོལ་ཡང་སྲིད་པའི་སྐབས་འདིར། རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་འཐུས་མི་ཚོས་སོ་སོའི་སྙན་སེང་གཞིར་བཟུང་སྟེ་སེམས་ཁྲལ་མང་པོ་ཞིག་ལ་བསམ་གཞིག་གཏོང་གི་ཡོད་པ་རེད། རྒྱ་ཡོངས་དམངས་ཆེན་ཚོགས་འདུ་དང་ལྷན་ཅིག རྒྱལ་ཡོངས་སྲིད་གྲོས་ (CPPCC) ཀྱང་འཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་འདི་གཉིས་ཀྱི་འཐུས་མིའི་གྲས་སུ་ཚོང་པ་དང་ཁྲིམས་དཔོན། རི་མོ་བ་སོགས་ལས་རིགས་སྣ་ཚོགས་ཀྱི་འཐུས་ཚབ་ཡོད་པ་དང་། དེ་ནི་ཐད་ཀར་རྒྱ་ནག་སྲིད་གཞུང་གི་སྲིད་ཇུས་ཁ་ཕྱོགས་ལ་བསམ་འཆར་འདོན་ཐབས་ཤིག་ཡིན་ནའང་། དེའི་ནང་ཁྲིམས་བཟོའི་དབང་ཆ་ཚུད་ཡོད་པ་མ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༦ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese