མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྱི་ནང་གཉིས་སུ་བུད་མེད་ཀྱི་བརྩམས་ཆོས་ ༩༤ འདུག

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐེངས་ ༡༠༥ པ་སྲུང་གཙིའི་ཐོག་བོད་ཀྱི་སྐྱེས་མ་ཚོར་དམིགས་བསལ་ཀྱི་འཇོན་ཐང་དང་ནུས་པ་ཡོད་སྐོར་བརྗོད་སོང་།

1245778དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བའི་སྟེང་བཞུགས་སྒར་དྷ་སའི་ཉེ་འགྲམ་གྱི་བཙུན་དགོན་སྒྲོལ་མ་གླིང་གི་ཚོགས་ཁང་དུ། རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་ ༣.༨ བུད་མེད་དུས་ཆེན་ཐེངས་ ༡༠༥ སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་རྩོམ་པ་པོ་དང་བཙུན་མ་རྩོམ་པ་པོ་ཁག་ཅིག་གི་གཙོས་པའི་བཙུན་དགོན་སྒྲོལ་མ་གླིང་གི་དགེ་སློབ་རྣམ་པ་བཅས་མི་གྲངས་ ༢༠༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་མར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཉི་མ་འཚོ་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་གི་དགོས་དམིགས་སྐོར་ལ། རྒྱལ་སྤྱིའི་ ༣.༨ བུད་མེད་དུས་ཆེན་ནི་ཐོག་མར་ཕྱི་ལོ་ ༡༩༠༩ ལོར་ཨ་རི་ནས་སྲུང་གཙི་བྱས་པ་དང་རིམ་བཞིན་ཡོ་རུབ་སོགས་ཕྱི་རྒྱལ་ཡུལ་གྲུ་སོ་སོར་དར་འཕེལ་བྱུང་བ་དང་འབྲེལ། བོད་ནང་ཡིན་ན་ཡང་དུས་ཆེན་འདི་བཞིན་སྲུང་གཙི་བྱས་ནས་དུས་ཡུན་གང་འཚམ་ཕྱིན་ཡོད་པ་དང་། རྒྱལ་སྤྱིའི་བུད་མེད་དུས་ཆེན་སྲུང་གཙི་བྱེད་པའི་རྣམ་པའི་ཆ་ནས་ཡུལ་ལུང་མང་ཆེ་བས་སྤྱི་ཚོགས་ཐོག་བྱས་རྗེས་ཅན་གྱི་བུད་མེད་རྣམས་ངོས་འཛིན་དང་ཁོ་མོ་ཚོར་གདེང་འཇོག་གནང་སྟངས་རིགས་ཤིག་ཡིན་སྐོར་བརྗོད་སོང་།

བགྲོ་གླེང་ཐོག་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་གསར་འགོད་པ་བསྟན་འཛིན་ཆོས་དབྱིངས་ནས་རྩོམ་འབྲིའི་རང་དབང་ལ་ཚོད་འཛིན་ཐེབས་པའི་བོད་ནང་གི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་དང་འཇམ་དབྱངས་སྐྱིད། ཡེ་ཤེས་ཆོས་སྒྲོན། ནོར་འཛིན་དབང་མོ་བཅས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་སོང་བ་དང་། ནོར་གླིང་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་གཟུངས་འདུས་སྐྱིད་ནས་ཁོ་མོའི་རྩོམ་འབྲིའི་བརྒྱུད་རིམ་དང་ཉམས་མྱོང་ཐད་ནས་ད་ལྟ་བར་བརྩམས་གྲུབ་པའི་དེབ་ཕྲེང་གསུམ་དང་འབྲེལ། དམིགས་བསལ་ཁོ་མོའི་རྩོམ་ཡིག་གི་ཁ་ཕྱོགས་ལ་འགྱུར་བ་ཐེབས་སྟངས་ནི་བོད་ཕྱི་ནང་གཉིས་སུ་འབྱུང་བཞིན་པའི་སྐུ་ལུས་མེར་སྲེག་ལས་འགུལ་གྱི་གནས་སྟངས་དང་འབྲེལ་བ་ཡོད་སྐོར་བརྗོད་སོང་བ་དང་། བཙུན་མ་རྩོམ་པ་པོ་གངས་རྫི་དང་ཚེ་དཔག ཟླ་བ་ཆོས་སྒྲོན་གསུམ་ནས་བོད་ཀྱི་བཙུན་མའི་སྡེ་ནས་གནའ་དེང་གི་སློབ་གཉེར་བྱེད་སྟངས་དང་། དེ་ནས་ཐེའུ་གསར་དུས་དེབ་དང་འབྲེལ་བའི་བཙུན་དགོན་ཁག་གི་བཙུན་མ་ཚོའི་རྩོམ་ཡིག་ངོ་སྤྲོད་དང་འབྲེལ། ཁོང་ཅག་གིས་བཙུན་མ་དང་སྐྱེས་མ་རྣམས་ཀྱིས་རང་གི་འཇོན་ནུས་ཕྱི་ལ་འདོན་པའི་གོ་སྐབས་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་དང་། དེ་བཞིན་བོད་ཀྱི་བུད་མེད་རྣམ་ལ་དམིགས་བསལ་ནུས་པ་དང་འཇོན་ཐང་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར་བརྗོད་སོང་།

དེའི་རྗེས་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཟུར་པ་པདྨ་ཆོས་སྒྲོན་གྱིས་རང་ཉིད་རྩོམ་རིག་གི་ལམ་ཁར་ཇི་ལྟར་བསྐྱོད་པའི་གནས་ཚུལ་རགས་བསྡུས་དང་འབྲེལ་<<རྔམ་བརྗིད་རི་བོའི་ཚོགས་རྣམས་ཐོད་ཀྱི་བསུ་>>ཞེས་པའི་དཔེ་དེབ་སྒྱུར་སྐབས་ཀྱི་མྱོང་ཚོར་དང་བརྒྱུད་རིམ་སོགས་ཡིག་སྒྱུར་ཀྱི་ཁ་ཕྱོགས་དང་དེའི་འགན་འཁྲིའི་སྐོར་ལ་གཏམ་བཤད་སྤེལ་བ་དང་། དུས་བབ་གསར་ཁང་གི་རྩོམ་སྒྲིག་ལས་རོགས་པདྨ་མཚོས་གསར་འགྱུར་རྩོམ་རིག་འབྲི་ཕྱོགས་དང་གསར་འགོད་པའི་གཡོལ་དུ་མེད་པའི་འགན་འཁྲི་གསུམ་གྱི་ཐོག་གཏམ་བཤད་བྱས་ཡོད་པ་རེད།

11801929_1238598629488986_1046508186_nམཇུག་ཏུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤེར་བློ་གྲོས་ལགས་ཀྱིས། བོད་ཕྱི་ནང་གཉིས་ཀྱི་བུད་མེད་ཚོའི་བསམ་བློའི་གོ་རྟོགས་དང་ཤེས་ཡོན་གནས་ཚད་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པ་དང་། ལྷག་པར་དུ་བོད་ཀྱི་བཙུན་མའི་སྡེ་ཡི་སློབ་སྦྱོང་གི་ཁ་ཕྱོགས་སོགས་ལ་བཟང་ཕྱོགས་ཀྱི་འཕོ་འགྱུར་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་དེ་དགའ་གུས་བྱེད་འོས་ཞིག་ཡིན་སྐོར་དང་། བོད་ཀྱི་བུད་མེད་ཀྱི་ཤེས་འཇོན་ནུས་སྟོབས་ཀྱི་ཐད་ནས་དཔེ་མཚོན་ཙམ་ཞུས་ན། བཙན་བྱོལ་ནང་གི་ཨ་མ་རྗེ་བཙུན་པདྨ་ལགས་ལྟ་བུ་དང་བོད་ནང་གི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལྟ་བུར་བོད་རང་གི་སྤྱི་ཚོགས་ཙམ་མིན་པར་རྒྱལ་སྤྱིའི་སྒང་ནས་ཆེད་བསྟོད་ཀྱི་གཟེངས་རྟགས་མང་པོ་ཐོབ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ཡོད་པའི་བོད་ཀྱི་བུད་མེད་གཉིས་ཆགས་ཡོད་སྐོར། དེ་བཞིན་མ་འོངས་པར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོམ་རིག་སྒྱུ་རྩལ་གྱི་གཙོས་ཤེས་ཡོན་སློབ་གསོ་གོང་འཕེལ་དང་འབྲེལ་བའི་ཟབ་སྦྱོང་དང་བགྲོ་གླེང་སོགས་གང་མང་གོ་སྒྲིག་གནང་འཆར་ཡོད་སྐོར་བརྗོད་སོང་།

མཛད་སྒོའི་ཐོག་མཐུན་ཚོགས་ཀྱི་དྲུང་ཆེ་ཉི་མ་འཚོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་ལྟའི་བར་བོད་ནང་དུ་བུད་མེད་རྩོམ་པ་པོ་ ༢༡ དང་བརྩམས་ཆོས་གྲངས་ ༣༡ བྱུང་ཡོད་པ་དང་། བཙན་བྱོལ་དུ་བུད་མེད་རྩོམ་པ་པོ་ ༡༤ དང་བརྩམས་ཆོས་གྲངས་ ༦༣ བཅས་བོད་ཕྱི་ནང་གཉིས་སུ་ཁྱོན་བུད་མེད་རྩོམ་པ་པོ་གྲངས་ ༣༥ ཙམ་གྱིས་བརྩམས་ཆོས་གྲངས་ ༩༤ བརྩམས་གྲུབ་ཡོད་པ་ནི། གྲངས་ཀའི་ཆ་ནས་ད་ལྟའི་གྲུབ་འབྲས་བླ་མེད་ཅིག་ལ་ངོས་འཛིན་དང་། དེ་དག་གི་ནང་ནས་འོད་ཟེར་དང་འཇམ་དབྱངས་སྐྱིད་ལྟ་བུས་མི་ཚེ་བློས་གཏོང་གིས་འཛམ་གླིང་ལ་གཡོ་སྒུལ་བསླངས་ཡོད་པ་དང་། བསམ་གླིང་ཚེ་རིང་ལྷ་མོས་བྱིས་སྒྲུང་དཔེ་དེབ་ཀྱིས་སྟོང་ཆ་གང་འཚམ་བསྐངས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese