མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉུལ་ཞིབ་མི་སྣ་ཆེད་གཏོང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་གསུམ་བཅུའི་དུས་དྲན་དང་བསྟུན་བོད་ཁུལ་དུ་ཉུལ་ཞིབ་མི་སྣ་ཆེད་གཏོང་གིས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག

12825444_903599123071482_139559178_nལོ་ལྟར་གསུམ་བཅུའི་དུས་དྲན་གྱི་སྔ་གཞུག་ཏུ་རྒྱ་ནག་གཞུང་གིས་བོད་ཁུལ་ཡོངས་སུ་ལྟ་ཞིབ་ནན་པོ་བྱས་ཏེ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། དེ་རིང་འབྲེལ་ཡོད་ཅིག་གིས་འདྲ་པར་དང་བཅས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། གསུམ་བཅུའི་དུས་དྲན་གྱི་སྔ་ནུབ་ཏུ། རྒྱ་གཞུང་གིས་རེབ་གོང་ཕྱོགས་སུ་དམག་ཆས་གྱོན་ཡོད་མེད་ཀྱི་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པ་མ་ཟད། མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཁ་གཡར་ཏེ། རེབ་གོང་རྫོང་ཐོག་དང་རྫོང་ཁོངས་ཀྱི་གྲོང་པ་རེ་རེ། དེ་བཞིན་དགོན་སྡེ་ཁག་ཡོངས་ཀྱི་ནང་དཔུང་རས་དམར་པོ་བཏགས་པའི་ཉུལ་ཞིབ་མི་སྣ་ཆེད་གཏོང་བྱས་ཏེ། མང་ཚོགས་ཁྲོད་ཟིང་ཆ་སློང་མི་ཉན་པ་དང་། གལ་སྲིད་བསླང་བ་ཡིན་ན་ཉེས་ཆད་ལྗིད་མོ་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་སྟེ་དགོན་གྲོང་རེ་རེ་བཞིན་དུ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་འདུག གནས་ཚུལ་ཅུང་ཙམ་ཞིག་མཐོང་ཐོས་བྱུང་ཚེ། ལམ་སང་ས་གནས་ཉེན་རྟོག་པར་ཡར་ཞུ་བྱེད་དགོས་ཀྱི་ཡོད་པ་དང་། གལ་སྲིད་ཡར་ཞུ་བྱེད་མ་ཐུབ་པར་གནས་ཚུལ་བྱུང་བ་ཡིན་ན་ཉུལ་ཞིབ་ཆེད་གཏོང་མི་སྣར་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག 

ཡང་ས་གནས་སུ་ཡོད་པའི་བོད་མི་ཞིག་གིས་དྲ་ལམ་དུ་ཁོང་རང་གི་སེམས་ཚོར་ཞིག་བྲིས་པའི་ནང་། ངའི་ཕ་ཡུལ་གྱི་རི་ཆུ་སྔར་བཞིན་འགྱུར་མེད། ཉེ་འཁོར་གྱི་འགྲོ་བ་མིའི་ངོ་གདོང་ན་འུ་ཐུག་གི་ཉམས་ཤིག་ད་དུང་གསལ་ལེར་མངོན་འདུག དེ་རིང་ངས་ཤོག་གུ་དཀར་པོ་དག་གི་དྭངས་གཙང་གི་ངོ་གདོང་ལ་མཛུབ་ཐེལ་དམར་པོ་དང་མིང་ཡིག་ནག་པོ་གཅལ་དུ་བཀྲམས་ཏེ། འབྲོག་དམངས་ཆིག་སྟོང་ཙམ་གྱི་སྙིང་ལ་ན་ཟུག་སློང་ག྄ིན་པ་གཞི་ནས་ཚོར་ཡོང་། འོན་ཀྱང་ང་ཚོས་གོ་དགོས་པ་དང་ཉན་དགོས་པ་ནི་གསལ་བཤད་མེད་པའི་གསལ་བཤད་ཅིག་དང་མཛུབ་མོ་ནང་དུ་བཀུག་པའི་གྲོས་ཆོད་ཅིག་ཡིན་ངེས། དེ་རིང་ཁྱོད་ཚོ་རང་གི་གོ་ཁ་ན། ང་ཆེ་ང་བཙན་གསུངས་པའི་གྲུབ་རྟགས་རེ་སྟོན་གྱིན་བཞུགས་ཡོད་ངེས། ངས་ནི་ལོ་ངོ་ང་བརྒྱད་སྔོན་གྱི་དེ་རིང་གི་ཉིན་མོ་དེ་དྲན་གྱིན་ཡོད། འཕྲིན་ཕྲན་གྱི་བར་སྟོངས་སློག་བཞིན་ཡོད། མེས་པོའི་དུར་སྒམ་རེ་རེ་ཁ་ཕྱེ་བཞིན་ཡོད། གཏན་ནས་ཁྱེད་ཅག་གི་ཉོག་གཏམ་ལ་ཉན་ཁོམ་མེད། ཅེས་བྲིས་འདུག་ལ། སེམས་ཚོར་རྩོམ་ཡིག་དེའི་ནང་དོན་ལ་བལྟས་པ་ཡིན་ན། སྲིད་གཞུང་གིས་ས་གནས་འབྲེལ་ཡོད་མི་སྣར་བཙན་སྐུལ་གྱིས། ས་གནས་སུ་གནས་ཚུལ་བྱུང་དུ་འཇུག་རྒྱུ་མིན་པའི་ཁག་ཐེག་ཡིག་ཆའི་ཐོག་མིང་རྟགས་བཀོད་དུ་བཅུག་པ་སོགས་ཀྱི་བྱ་འགུལ་སྤེལ་གྱི་ཡོད་འདུག

གནས་ཚུལ་དང་མཉམ་དུ་མཁོ་སྤྲོད་གནང་བའི་འདྲ་པར་འདི་རྣམས་ནི་རེབ་གོང་རྩེ་ཁོག་རྫོང་ཧོར་ནག་ཤང་གི་སྡེ་བ་ཅིག་ཏུ་མྱུལ་ཞིབ་པས་སྲིད་གཞུང་གི་བཀའ་བཀོད་ལྟར་བྱ་འགུལ་སྤེལ་བཞིན་པའི་ཟུར་ཞིག་ཡིན་འདུག

12834951_903599143071480_1112591697_n 12822129_903599169738144_334222444_n  12833249_903599129738148_5447574_n 12032353_903599159738145_318402495_n

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༧ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese