མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་རགས་འཛུགས་སྐྲུན་ལས་གཞི།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

འོས་འདེམས་མི་མང་གིས་རྒྱལ་ནང་གི་དཔལ་འབྱོར་ཁེ་ལས་བཅོས་བསྒྱུར་ཡོང་བར་རེ་ལྟོས་བྱེད་ཀྱི་ཡོད་སྟབས། ང་ཚོས་མི་མང་གི་རེ་འདུན་ལོག་སྤྱོད་བྱས་པ་ཡིན། མི་མང་གི་རེ་ལྟོས་ཐད་རྩོད་རྙོག་འབྱུང་གི་རེད།

tibettimes (2)ཧྥ་རན་སིའི་གསར་ཁང་ (AFP) གིས་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་རྒྱལ་ཡོངས་དམགས་གཙོ་ཚོགས་པའི་དཔལ་འབྱོར་ཚོགས་ལྷན་ཚོགས་ནས་འབར་མའི་ནང་རྒྱ་ནག་གི་ཆུ་རགས་འཛུགས་སྐྲུན་ལས་གཞིར་བསྐྱར་དུ་བསམ་གཞིག་གཏོང་རྒྱུ་དང་འབར་མའི་དམག་གཞུང་གི་དཔལ་འབྱོར་ཁེ་ལས་མཉམ་འབྲེལ་ལྷན་ཁང་མཇུག་བསྡུ་རྒྱུ་ཡིན་སྐོར་བརྗོད་འདུག

འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དཔལ་འབྱོར་ལྷན་ཚོགས་ཀྱི་གཙོ་འཛིན་ཧན་ཐ་མ་ཡེན་ཊི་ (Hantha Myint) ཟེར་བ་ཞིག་གིས། འབར་མའི་འོས་འདེམས་མི་མང་གིས་རྒྱལ་ནང་གི་དཔལ་འབྱོར་ཁེ་ལས་ལ་བཅོས་བསྒྱུར་ཡོང་བར་རེ་ལྟོས་བྱེད་ཀྱི་ཡོད་སྟབས། ང་ཚོས་མི་མང་གི་རེ་འདུན་ལོག་སྤྱོད་བྱས་པ་ཡིན། མི་མང་གི་རེ་ལྟོས་ཐད་རྩོད་རྙོག་འབྱུང་གི་རེད། གལ་ཏེ་ང་ཚོས་ཀ་ཆེན་མངའ་སྡེ་ (Kachin State) ནང་གི་མ་ཡེ་ཊི་སོན་ཆུ་རགས་ (Myitsone Dam) འཛུགས་སྐྲུན་ལས་གཞི་མཚམས་འཇོག་ཏུ་བཅུག་ཚེ། ང་ཚོའི་ཆུ་བོའི་མགོ་ཁུངས་ནས་ཆུ་རགས་གཞན་གཞན་མང་པོ་འཛུགས་སྐྲུན་གྱིས་ཆུ་གློག་མཁོ་འདྲེན་དགོས་ཀྱི་ཡོད་སྐོར་དང་། འབར་མའི་དམག་གཞུང་གི་དཔལ་འབྱོར་ཁེ་ལས་མཉམ་འབྲེལ་ལྷན་ཁང་ (MEHL) ལ་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏོང་བའི་དུས་ལ་འཁེལ་ཡོད་པ་དང་། དེ་སྔོན་འབར་མའི་དམག་གཞུང་གིས་རྒྱལ་ནང་གི་དཔལ་འབྱོར་ཁེ་དབང་ཡོད་ཚོད་འབར་མའི་དཔལ་འབྱོར་ཁེ་ལས་མཉམ་འབྲེལ་ལྷན་ཁང་ལ་སྤྲད་ཡོད་ནའང་། ང་ཚོས་འབར་མའི་དཔལ་འབྱོར་ཁེ་དབང་དེ་འབར་མའི་དཔལ་འབྱོར་ཁེ་ལས་མཉམ་འབྲེལ་ལྷན་ཁང་ལ་སྤྲོད་ཐུབ་ཀྱི་མེད་སྐོར་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྲིད་གཞུང་གསར་བས་འབར་མའི་དམག་གཞུང་གི་དཔལ་འབྱོར་སྲིད་ཇུས་ལ་ལེགས་བཅོས་དང་། རྒྱ་ནག་དང་འབར་མ་རྒྱལ་ཁབ་གཉིས་བར་གྱི་ཉོ་འཚོང་འབྲེལ་ལམ་འཛིན་སྐྱོང་དགོས་པའི་སྐབས་འདིར། རྒྱལ་ནང་གི་དཔལ་འབྱོར་འདུ་འགོད་ཀྱི་འགྲན་རྩོད་མང་པོར་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་དབུ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་འདི་ལོའི་ཕྱི་ཟླ་ ༤ ནང་དངོས་སུ་སྲིད་གཞུང་གསར་བ་འཛིན་སྐྱོང་དང་། དཔལ་འབྱོར་སྲིད་ཇུས་གསར་བ་གཏན་འབེབས་དང་ལག་ལྟར་བྱ་འཆར་ཡོད་འདུག

འབར་མའི་ནུབ་རྒྱུད་ཀྱི་ཀ་ཆེན་མངའ་སྡེའི་མ་ཡེ་ཊི་སོན་ཆུ་རགས་འཛུགས་སྐྲུན་ལས་གཞི་དེ་ནི་ཨ་སྒོར་ཐེར་འབུམ་མང་པོ་བཏང་བའི་ཆུ་གློག་མཁོ་འདྲེན་ལས་གཞི་ཞིག་ཡིན་ཞིང་། འབར་མའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་བར་གྱི་དཔལ་འབྱོར་ཁེ་གཉེར་རྩོད་གླེང་གི་རྐྱེན་པས་ཕྱི་ལོ་ ༢༠༡༡ ལོར་ཆུ་རགས་འཛུགས་སྐྲུན་ལས་གཞི་དེ་ཡོངས་སུ་མཚམས་འཇོག་ཏུ་བཅུག་ཡོད་པ་དང་། ཆུ་རགས་འཛུགས་སྐྲུན་ལས་གཞི་དེ་ལ་ས་ཡོམ་སྐབས་སུ་རྡིབ་སྐྱོན་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ་ནའང་། རྒྱ་ནག་གི་ཨར་ལས་འཆར་འགོད་པ་ཚོས་ཉེན་ཁ་ཚབས་ཆེན་མེད་ལུགས་བརྗོད་ཡོད་པ་རེད།

མ་ཟད་གསར་ཁང་འདིའི་གནས་ཚུལ་གཞན་ཞིག་གི་ནང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་འབར་མའི་རྒྱལ་ཡོངས་གྲོས་ཚོགས་ཐོག་ལྕམ་ཨང་སན་སུའུ་སྐྱིད་ལགས་འབར་མའི་སྲིད་འཛིན་འོས་གཞི་ནས་ཕྱིར་འཐེན་བྱས་ཏེ་ཚབ་ཏུ་ཁོང་མོའི་རླངས་འཁོར་ཁ་ལོ་བ་ཟུར་བ་ཧ་ཊིན་ཀ་ཡ་ཝ་ (Htin Kyaw) ཟེར་བ་ཞིག་སྲིད་འཛིན་འོས་གཞིར་བཏོན་ཡོད་པ་དང་། སྐུ་ཞབས་ཧ་ཊིན་ཀ་ཡ་ཝ་ལགས་ནི་ད་ལྟ་ལོ་ ༦༩ ཡིན་པ་དང་ལྕམ་ཨང་སན་སུའུ་སྐྱིད་ཀྱི་ཐེབས་རྩ་ཁང་གི་ལས་མི་ཡིན་སྐོར་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༡༨ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese