མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གཞུང་གི་མགོ་སྐོར་འོག་མ་ཚུད་རོགས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བུད་མེད་སྒེར་ལངས་དུས་དྲན་ཐེངས་ ༥༧ པའི་ཐོག་བོད་ཀྱི་བུད་མེད་ཚོས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མི་སྤེལ་བར་ཤེས་ཡོན་སློབ་སྦྱོང་གང་ཐུབ་གནང་སྟེ་མ་འོངས་བོད་ཀྱི་བུད་མེད་ཚོར་སྣེ་ཁྲིད་དང་བོད་ཀྱི་རྩ་དོན་བསྒྲུབ་ཐུབ་པ་གནང་དགོས་ཟེར།

tibettimesདེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་དུ་ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༢ ཉིན་གྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་ ༥༧ པ་སྲུང་གཙི་གནང་སོང་ལ། དུས་དྲན་མཛད་སྒོའི་དམིགས་བསལ་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ལྕམ་ཀམ་ལ་པ་ཊེལ་མཆོག་དང་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གཉིས་ཀྱི་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམ་པ་དང་། དྷ་སའི་ཉེ་འཁོར་གྱི་བཙན་དགོན་ཁག་གི་བཙུན་མ་རྣམས་པ། བོད་སློབ་ཁག་གི་སློབ་ཕྲུག་སོགས་ཁྱོན་སེར་སྐྱ་མི་མང་ ༢༠༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་མྱ་ངན་སྐར་མ་གཅིག་རིང་གནང་རྗེས། བོད་རྒྱ་གཉིས་ཀྱི་རྒྱལ་གླུ་མཉམ་གཏོང་དང་བདེན་ཚིག་སྨོན་ལམ་འུར་འདོན་གནང་བ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ལངས་གླུ་ཐང་སྟོང་གླུ་གར་གྱི་རོལ་དབྱངས་མཉམ་གཏོང་བཅས་གནང་སོང་།

དུས་དྲན་མཛད་སྒོའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་མཆོག་ནས་བུད་མེད་སྒེར་ལངས་དུས་དྲན་གྱི་ཡོངས་ཁྱབ་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ནང་། འདས་པའི་མི་ལོ་ ༥༧ རིང་ལ་རྒྱ་དམར་གྱི་དྲག་གནོན་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གང་ཡང་ཕྱིན་མེད་པ་མ་ཟད། བོད་རང་སྐྱོང་ལྗོངས་དང་བཅས་པའི་བོད་ཀྱི་གྲོང་གསེབ་ས་ཁུལ་ཁག་ཏུ་ཕྱི་ལོ་ ༢༠༡༤ ལོར་ཚར་དགོས་པའི་ལས་གཞི་ད་དུང་མུ་མཐུད་ཞིབ་ཚགས་གསང་མྱུལ་གྱི་ལས་གཞི་འགྲོ་བཞིན་པ་ནི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་པས་ཕྱི་ལོ་ ༢༠༡༡ ལོར་གསར་འཛུགས་བྱས་པའི་རྒྱ་དམར་གྱིས་གྲོང་གསེབ་ས་ཁུལ་ལ་འཛིན་པའི་སྲིད་ཇུས་དེ་མུ་མཐུད་གནས་ཀྱི་ཡོད་པ་བཤད་ཡོད་ཅེས་དང་། ཡང་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་བཙོན་ཁང་ནས་སྙན་ངག་དང་སྙན་འཇེབས་ལྡན་པའི་གླུ་གཞས་སོགས་བརྩམས་གནང་ཡོད་པ་དེ་དག་བཙན་བྱོལ་ནང་གི་བོད་མི་ཚོས་དགའ་དགོས་པ་དང་སྨོན་དགོས་པ་ཞིག་ཆགས་ཀྱི་ཡོད་སྐོར་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ད་དུང་རྒྱ་གཞུང་གི་བཙན་ལག་ཏུ་ཡོད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་དགེ་འདུན་ཆོས་ཀྱི་ཉི་མའི་གནད་དོན་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་དང་། འཛམ་གླིང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཆེ་ཁག་བཅས་ལ་ཞུ་གཏུགས་བྱས་ཀྱང་། ད་བར་གྲུབ་འབྲས་ཀྱི་རྟགས་གང་ཡང་ཐོན་པ་མ་བྱུང་།

པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་ཁོང་གི་ནང་མི་བཅས་ཕྱི་ལོ་ ༡༩༩༥ ལོར་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་ལོ་ངོ་ ༢༠ ཙམ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་གཞུང་ནས་ཁོང་དང་ཁོང་གི་ནང་མི་དང་བཅས་པ་འཚོ་བཞུགས་དང་གར་ཡོད་ཀྱི་གནས་ཚུལ་ཙམ་ཡང་བཤད་ཀྱི་མེད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་བསྐྱར་དུ་རྒྱ་གཞུང་ལ་ཞུ་རྒྱུར། པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་དང་ཁོང་འཚོ་བཞུགས་ཡིན་མིན་དང་སྐུ་གཟུགས་ཀྱི་གནས་སྟངས་བཅས་འཛམ་གླིང་མི་མང་ལ་ངེས་པར་ཤེས་པར་བྱས་དགོས་པའི་དགོས་འདུན་ཤུགས་ཆེ་ཞུ་ཡི་ཡོད།

༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནད་དོན་ཐོག་བརྩད་ཞིབ་མཐར་ཕྱིན་བྱེད་དགོས་ཞེས་གསུངས་རྗེས། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཚོགས་མི་ནོར་བུ་དོན་གྲུབ་ཟེར་བ་ཞིག་གིས། པཎ་ཆེན་རིན་པོ་ཆེ་སྤྱིར་བཏང་འཚོ་བཞུགས་རེད་ཅེས་བཤད་ཡོད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱལ་སྤྱིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ལ་རེ་སྐུལ་ཤུགས་དྲག་གི་པའི་སྒོ་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ད་ལྟ་གར་ཡོད་གསང་བ་ཕྱི་བསྒྲགས་དང་ཁོང་གདན་ས་བཀྲ་ཤིས་ལྷུན་པོར་གདན་འདྲེན་ཞུ་དགོས་པར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་འདུག

བསྒྲགས་གཏམ་དེའི་ནང་ད་དུང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་འཛམ་གླིང་ནང་པ་ཚོ་ལམ་ནོར་མགོ་སྐོར་ཆེད་རྒྱ་གཞུང་གི་སྲིད་ཇུས་ལ་བོད་ཀྱི་ནང་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོའི་རྣམ་པ་མཚོན་པའི་ཁྱད་ཆོས་ཀྱི་མཚན་འཁོད་ལ་ནམ་ཡང་ངོས་ལེན་ཞུ་ཡི་མིན་ཞེས་ཚོར་ཤུགས་ཆེན་པོའི་སྒོ་ནས་བཤད་ཀྱི་ཡོད། མ་ཟད་རྒྱ་དམར་གཞུང་ནི་ནང་ཆོས་དུག་ཏུ་འཛིན་མཁན་ཞིག་དང་ཆོས་ལ་ཡིད་ཆེས་མེད་མཁན་གྱི་ལྟ་ཚུལ་འཛིན་མཁན་ཞིག་ཡིན་སྟབས། ཁོང་ཚོར་བོད་ཀྱི་ཆོས་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུ་ལུགས་མཐུན་མེད་ལ་ཡིད་ཆེས་ཀྱང་མེད་སྐོར་དང་། བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་ ༥༧ པའི་ཉིན་མོ་འདིར་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱ་ནག་གི་སྐུ་ཚབ་དང་ལྷན་དུ་བཀའ་མོལ་མགོ་འཛུགས་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུ་ཡི་ཡོད་སྐོར་སོགས་འཁོད་འདུག

དེའི་རྗེས་དམིགས་བསལ་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ལྕམ་ཀམ་ལ་པ་ཊེལ་མཆོག་གིས་ཧིན་སྐད་ནང་བཀའ་སློབ་གནང་བ་དང་། དྷ་སའི་ས་གནས་བུད་མེད་ཚོགས་གཙོ་ཚེ་རིང་གཡང་སྐྱིད་ལགས་ཀྱིས་ལོ་ཙཱ་གནང་བ་ལྟར་ན། ཁོང་མོ་རྒྱ་གར་ཧི་མ་ཅལ་ས་གནས་འདི་ག་རང་དུ་འཚོར་ལོངས་བྱུང་བ་ཡིན་སྐོར་དང་། བུད་མེད་ཚོ་ག་དུས་ཡིན་ཡང་གཞན་གྱི་བཙན་དབང་འོག་རྗེས་ལུས་ཐེབས་མི་རུང་བ་དང་། སློབ་སྦྱོང་དང་རྩེད་རིགས། སྲིད་དོན་བྱེད་སྒོ་སོགས་གང་ཞིག་ཡིན་ཡང་རུང་། དེའི་ཐོག་མཉམ་ཞུགས་གནང་དགོས་སྐོར་དང་། བོད་ཀྱི་བུད་མེད་ཚོས་བོད་ཀྱི་རྩ་དོན་ཐོག་རམ་འདེགས་དང་རོགས་རམ་གནང་གི་འདུག་ཅིང་། ད་དུང་མུ་མཐུད་ནས་རམ་འདེགས་དང་རོགས་སྐྱོར་གནང་དགོས་སྐོར། དེ་བཞིན་བོད་ཀྱི་བུད་མེད་ཚོ་སེམས་ཤུགས་མ་ཆགས་པར་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་སྒོ་ཁག་ཏུ་མཉམ་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་གསུངས་ཡོད་འདུག

སྤྱིར་བཏང་མཛད་སྒོའི་རྗེས་སུ་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་ནས་དྷ་ཞོད་ཀ་ཅ་རི་བར་ཞི་བའི་གོམ་བགྲོད་སྐད་འབོད་གནང་འཆར་ཡོད་ནའང་། དེ་རིང་ཞོགས་པར་ཆར་བ་ཤུགས་ཆེན་པོ་བརྒྱབ་པའི་རྐྱེན་གྱིས་གོམ་བགྲོད་སྐད་འབོད་ལས་འགུལ་མཚམས་འཇོག་དགོས་བྱུང་བ་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist