མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་ཟིན་པ་དེ་འདས་ཟིན་པ་རེད། མ་འོངས་པར་ཚང་མས་ཆིག་སྒྲིལ་བྱས་ཏེ་འགྲོ་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་ས་གངས་སྐྱིད་ཁུལ་དུ་སྲིད་སྤྱིའི་འོས་བསྡུའི་སྟེང་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་དང་སྤེན་པ་ཚེ་རིང་རྣམ་གཉིས་ཕེབས་ཏེ། བཙན་བྱོལ་བོད་མིའི་དམངས་གཙོར་མིག་དཔེ་བལྟས་ཏེ་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ནང་དམངས་གཙོ་ལག་ལེན་བསྟར་དགོས་པའི་འབོད་སྐུལ་གནང་སོང་།

དེ་རིང་སྟེ་ཕྱི་ཟླ་ ༣ ཚེས་ ༢༠ ཉིན། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ། སྐབས་བཅོ་ལྔ་པའི་བཀའ་ཤག་གི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་འོས་བསྡུ་ཆེན་མོ་དེ་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་། གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་མདོ་སྟོད་སྨད་གཉིས་དང་། སྤྱི་ཐབ་འོག་ཁང་དུ་དབུས་གཙང་བཅས་སུ་འོས་བསྡུའི་སྤྱིལ་བུ་གོ་སྒྲིག་གནང་འདུག

གངས་སྐྱིད་གཡས་གཡོན་གྱི་མི་མང་དེ་རིང་ཞོགས་པའི་ཆུ་ཚོད་ ༧།༣༠ ཙམ་ནས་གངས་སྐྱིད་ཐང་གར་འཛོམས་འདུག་ལ། ཆུ་ཚོད་ ༩ པ་ཟིན་མ་ཐག་མི་མང་རྣམས་བང་བསྒྲིགས་ཏེ་དབུས་གཙང་མི་མང་གི་བང་གི་སྣེ་མོ་གངས་སྐྱིད་དྲིལ་བསྒྲགས་ལས་ཁུངས་སྒོ་ཁ་བར་དང་། མདོ་སྟོད་སྨད་གཉིས་ཀྱི་བང་གི་སྣེ་མོ་ཤེས་རིག་ལས་ཁུངས་སྒོ་ཁ་བར་བསླེབས་འདུག

tibettimes-1སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ཕེབས་ཏེ་འོས་འཕངས་རྗེས་གསར་འགོད་པས་ཁོང་ལ། ཐེངས་འདིའི་འོས་བསྡུ་བརྒྱུད་དེ་རྒྱ་ནག་གཞུང་ལ་བརྡ་ལན་ག་རེ་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས། ༧གོང་ས་མཆོག་གིས་བཀའ་གནང་བ་ལྟར་འདས་པའི་ལོ་ ༦༠ ལྷག་རིང་གཡས་སྐྱོར་གཡོན་སྐྱོར་བྱས་ནས་ཡོང་བ་རེད། དམངས་གཙོའི་འཕེལ་རིམ་ཐོག་ད་བར་འགྱུར་བ་གང་ཕྱིན་པ་དེ་༧གོང་ས་མཆོག་རང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ཏེ་བྱུང་བ་ཞིག་ཡིན་སྟབས། རྒྱ་ནག་གཞུང་ལ་ང་ཚོ་བཙན་བྱོལ་ནང་དམངས་གཙོ་ཚད་དང་ལྡན་པ་ཞིག་གི་སྟེང་ལ་འགྲོ་བཞིན་ཡོད་ཟེར་ནས་བརྡ་ལན་སྤྲོད་རྒྱུ་དང་། མ་འོངས་པར་ཡང་དམངས་གཙོ་གོང་འཕེལ་གཏོང་རྒྱུ་དང་། མང་ཚོགས་ངོས་ནས་ཀྱང་འགན་ཤུགས་ཆེ་ཙམ་འཁུར་བའི་ཐོག་ནས་འཆམ་མཐུན་ཡོང་ཐུབ་པ་ཞིག་རེད། དེ་བཞིན། རྒྱ་ནག་གཞུང་གིས་ཀྱང་ང་ཚོའི་ཐོག་ནས་བསླབ་བྱ་ལེན་རྒྱུ་དང་། ལྷག་པར་དུ་རྒྱ་ནག་ནང་དམངས་གཙོ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ན། བོད་ནས་མགོ་བཙུགས་ཏེ་དམངས་གཙོ་ལག་བསྟར་བྱེད་པའི་ལམ་ཁ་ཞིག་༧གོང་ས་མཆོག་གིས་བསྟན་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་ལ། གལ་སྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཡིན་ན། ད་བར་ཁྱེད་རང་ལ་རྒྱབ་སྐྱོར་གནང་མཁན་མང་ཚོགས་ལ་ལམ་སྟོན་ག་རེ་གནང་འཆར་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས། འདིའི་སྔོར་ངས་གསར་འགོད་གསལ་བསྒྲགས་ནང་ལའང་ཞུས་ཡོད། ཐེངས་འདིའི་འོས་བསྡུའི་ལས་རིམ་དང་འབྲེལ་ཏེ་མང་ཚོགས་ནང་ཕྱོགས་རེས་འཐེན་འཁྱེར་གྱི་གནས་ཚུལ་དང་། སྡིགས་ར་སྐུལ་བ་དང་ལག་པ་བརྐྱངས་པའི་གནས་ཚུལ་སོགས་ཐོས་རྒྱུ་འདུག་པ་དེ་དག་བློ་ཕམ་གྱི་རྒྱུ་རེད། ང་རང་ལ་རྒྱབ་སྐྱོར་བྱེད་མཁན་དང་སྐད་འཕྲིན་ཚོགས་པ་དེ་ཚོར་འོས་བསྡུའི་ལས་རིམ་ཚར་བའི་ཉིན་མོ་ནས་སྒོ་རྒྱག་རོགས་ཞུས་ཡོད་ལ། ལམ་སྟོན་ཞུས་པ་ལྟར་གཅིག་གཉིས་ཤིག་སྒོ་བརྒྱབ་ཚར་འདུག མི་ལྔ་བརྒྱ་ཡོད་པའི་སྐད་འཕྲིན་ཚོགས་པ་ཞིག་གིས་ཉིན་གཉིས་གསུམ་རིང་སྒོ་རྒྱག་རྒྱུ་མིན། གནས་སྐབས་རིང་བགྲོ་གླེང་འདྲ་དང་གཞས་འདྲ་བཏང་ནས་འདུག་རྒྱུ་ཡིན་ཟེར། དེ་དག་ཡག་པོ་རེད་བསམ་གྱི་འདུག སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལགས་སུ་རྒྱབ་སྐྱོར་གནང་མཁན་ཚོ་ཡིན་ནའང་ད་བར་བརྒྱུད་རིམ་ཞིག་ཕྱིན་ཚར་བ་དེ་ཕྱིན་ཚར་བ་རེད་ཕྱིར་སློག་རྒྱག་ཐབས་ཡོད་པ་མ་རེད། མ་འོངས་པར་ང་ཚོ་ཚང་མས་གཅིག་གྱུར་བྱས་ཏེ་འགྲོ་དགོས་པ་རེད་མ་གཏོགས་ང་ཚོའི་ཁ་གཏད་རྒྱ་ནག་རེད། ང་ཚོར་ཆིག་སྒྲིལ་གྱི་ནུས་པ་ཏོག་ཙམ་ཡོད་པ་དེ་ཁ་ཐོར་དུ་ཕྱིན་པ་ཡིན་ན། ང་ཚོས་ཕར་ཁ་གཏད་ཇི་ལྟར་གཅོག་རྒྱུ་ཡིན། མ་འོངས་པར་ང་ཚོ་ཚང་མས་ཆིག་སྒྲིལ་བྱས་ཏེ་འགྲོ་དགོས་པ་རེད། ཅེས་གསུངས་སོང་།

tibettimes-2ཆུ་ཚོད་ ༡༠། ༤༠ ཙམ་ལ་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་ཕེབས་ཏེ་འོས་ཤོག་འཕངས་རྗེས་གསར་འགོད་པས་ཁོང་ལ། ཐེངས་འདིའི་འོས་བསྡུ་བརྒྱུད་དེ་རྒྱ་ནག་གཞུང་ལ་བརྡ་ལན་ག་རེ་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས། རྒྱ་ནག་གཞུང་ལ་དེ་སྔ་ནས་བཤད་བསྡད་ཡོད། བོད་མིའི་སྒྲིག་འཛུགས་འདིར་༧གོང་ས་མཆོག་གིས་གསོལ་རས་གནང་པའི་དམངས་གཙོ་ལོ་ངོ་ལྔ་བཅུ་ང་གྲངས་རིང་ལག་བསྟར་བྱས་ནས་ཡོང་བ་རེད། རྒྱ་ནག་གཞུང་ལ་མཚོན་ན་ཡང་། རྒྱ་ནག་ནང་ཡིན་ན་རེད་ལ་བོད་ནང་ཡིན་ནའང་རེད་དམངས་གཙོ་ལག་བསྟར་གནང་ཐུབ་པ་ཞིག་རེད། གང་ཡིན་ཟེར་ན། ང་ཚོས་བཙན་བྱོལ་ནང་དམངས་གཙོ་ལག་བསྟར་བྱེད་ཐུབ་པ་ཡིན་ན་བོད་དང་རྒྱ་ནག་ནང་དམངས་གཙོ་ལག་བསྟར་བྱེད་ཐུབ་པ་ཞིག་རེད། ང་ཚོའི་མིག་དཔེ་བཟང་པོ་འདིར་གཟིགས་རོགས་གནང་། རྒྱ་ནག་གཞུང་གིས་ང་ཚོའི་དམངས་གཙོ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། མཛུབ་མོ་གཅིག་ཕར་བཙུགས་ཡོད་སྐབས་མཛུབ་མོ་བཞི་ཚུར་བཙུགས་ཡོད་པ་ཤེས་པ་གནང་རོགས། དམངས་གཙོ་ལག་བསྟར་བྱས་ན་རྒྱ་ནག་མི་མང་དང་བོད་པར་ཕན་ཐོགས་ཡོད་པ་རེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཁོང་ལ། སྲིད་སྐྱོང་གི་རྒྱལ་ཁ་དེ་ཁྱེད་རང་ལ་ཐོབ་པ་ཡིན་ན་འདྲ་ལ་སྤེན་པ་ཚེ་རིང་ལ་ཐོབ་པ་ཡིན་ནའང་འདྲ། ཕྱོགས་གཉིས་སོ་སོར་རྒྱབ་སྐྱོར་གནང་མཁན་མང་ཚོགས་ཚོར་ལམ་སྟོན་ཁ་གསལ་ག་རེ་གནང་རྒྱུ་ཡོད་མེད་དྲིས་པར་ཁོང་གིས། འདིའི་ཐད་ངས་སྔོན་མ་ནས་ཞུས་ཡོད། ང་ཚོའི་ཐུན་མོང་མ་ཡིན་པའི་དམངས་གཙོ་འདིར་ཁྱད་ཆོས་གཅིག་ག་རེ་ཡོད་པ་རེད་ཟེར་ན། ཡ་རབས་བཟང་སྤྱོད་ཐོག་ནས་ཆ་ཤས་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འོས་འཕངས་ཚར་བའི་རྗེས་ལའང་ཡ་རབས་བཟང་སྤྱོད་ཐོག་ནས་འགྲོ་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ང་ཚོ་བཙན་བྱོལ་སྒྲིག་འཛུགས་ལ་མི་འབོར་ཉུང་ཤས་ཤིག་ལས་ཡོད་པ་མ་རེད། ང་ཚོའི་དམངས་གཙོའི་སྒྲིག་སྲོལ་འདི་ཡང་ནུབ་ཕྱོགས་སུ་དམངས་གཙོ་ལོ་བརྒྱ་ཕྲག་རིང་ལག་བསྟར་བའི་རྒྱལ་ཁབ་དག་ལ་སྙོབ་ཐུབ་ཡོད་པ་མ་རེད། ཡིན་ནའང་བོད་པའི་ཡ་རབས་བཟང་སྤྱོད་འདི་ལ་རྒྱལ་སྤྱི་དང་རྒྱ་གར་གྱིས་བསྔགས་བརྗོད་གནང་གི་ཡོད་པ་རེད། ཅེས་གསུངས་སོང་།

སྔ་དྲོའི་ཆུ་ཚོད་ ༩།༤༠ ཙམ་ལ་ཐེངས་འདིར་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་ཆེད་དུ་རྟོག་ཞིབ་གནང་བར་ཕེབས་ཡོད་པའི་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Thomas Mann) ལགས་དང་། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ (Andre Gattolin) ལགས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ (Consiglio Di Nino) དེ་བཞིན། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ (Lisa Singh) ལགས་གཙོས་པའི་དབྱིན་ཡུལ་དང་ཨི་ཊ་ལི་བཅས་ཀྱི་གྲོས་ཚོགས་འཐུས་མི་དང་འཐུས་མི་ཟུར་པ་སོགས་མི་གྲངས་ ༨ དང་། དེ་བཞིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་དང་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སོགས་དྷ་ས་གཙུག་ལག་ཁང་དུ་འོས་བསྡུའི་ལས་རིམ་ལ་རྟོག་ཞིབ་གནང་ཟིན་ཏེ་གངས་སྐྱིད་ཁུལ་རྟོག་ཞིབ་ཏུ་ཕེབས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. ལུང་རྟོགས་རྒྱ་མཚོ། says:
    ལོ་ 10 སྔོན།

    ང་ཚོ་བཙན་བྱོལ་ནང་གི་མཁས་དབང་རྣམ་གཉིས་ཀྱིས་ངོ་མ་དྲི་ལན་ཡག་པོ་བསླབ་བྱ་གནད་དུ་བསྣུན་པ་ཞིག་གནང་འདུག་བཀའ་དྲིན་ཆེ། སྙིང་སྟོབས་དང་ལ་རྒྱ་ཟེར་ན་དེ་འདྲ་ལོས་ཡིན། ཁྱེད་གཉིས་ཀྱི་སྐུ་ཚེ་རྒྱལ་མཚན་བརྟན། བྱ་བ་ལམ་འགྲོ་ཡོང་བར་ཤོག

    Reply
  2. ལམ་བཟང་རྣམ་རྒྱལ། says:
    ལོ་ 10 སྔོན།

    རྣམ་པ་གཉིས་ཀར་འཚམས་འདྲི་ཞུ། བོད་པའི་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་རིལ། བཙན་བྱོལ་མི་མང་གི་མི་ཚེའི་བདེ་སྡུག་བཅོལ་ས། གཞིས་བཞུགས་མི་མང་གི་རེ་བའི་མིག་འབུར་ལྟ་ས་ཁྱེད་རང་གཉིས་ཡིན། ཉི་མ་དེ་རིང་ནས་བཟུང་འཆམ་མཐུན་རྡོག་རྩ་གཅིག་སྒྲིལ་ཐོག་བོད་པ་ནང་ཁུལ་ལ་གྱི་ཕུན་ནུ་མིང་སྲིང་ཚོར་བྱམས་སྐྱོང་དང་། བོད་པའི་ཕྱི་ལོག་གི་འགྲ་བོ་རྒྱ་དམར་ལ་ཁ་གཏད་ལྕོགས་དགོས། བཀྲ་ཤིས་བར་གྱུར་ཅིག། བོད་རྒྱལ་ལོ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese