མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་ལུང་སོ་སོའི་འོས་བསྡུའི་སྒྲིག་སྲོལ་འདྲ་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་དང་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་དབང་བསྒྱུར་སྲིད་ཇུས་མུ་མཐུད་ལག་ལེན་སྟར་བཞིན་པའི་སྐབས་འདིར། བོད་མི་ཚོས་དམངས་གཙོའི་འོས་བསྡུ་ལ་བརྟེན་ནས་བོད་རྒྱའི་ཆབ་སྲིད་དཀའ་རྙོག་སེལ་རྒྱུ་གཏན་འཁེལ་ཡོད་པ་རེད།

DSC_9771དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གསུམ་མཉམ་འབྲེལ་གོ་སྒྲིག་འོག་བོད་མིའི་འོས་བསྡུ་རྟོག་ཞིབ་པ་རྣམས་ཀྱིས་གསལ་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

ལྷན་ཚོགས་སྟེང་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མ་ནན་ (Thomas Mann) ལགས་དང་། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཨན་ཌ་རི་གྷ་ཊོ་ལེན་ (Andre Gattolin) ལགས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་ཌེ་ནེ་ནོ་ (Di Nino) ཨོ་སི་ཊོ་ལེ་ཡའི་གྲོས་ཚོགས་འཐུས་མི་ལྕམ་ལེ་ས་སེན་ཧ་ (Lisa Singh) ལགས། ཧང་གྷ་རེའི་གྲོས་ཚོགས་འཐུས་མི་ལྕམ་ཨན་ན་ཧྥི་རིན་ཙེ་ (Anna Ferenczy) ལགས། ཡུ་རོབ་གྲོས་ཚོགས་འཐུས་མི་ཇོན་བྷ་ཀིར་ (John Baker) ལགས་བཅས་ཀྱི་གཙོས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མི་ཁག་སེ་ (Matteo Mecacci) ལགས་དང་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་བཅས་སོགས་ཕེབས་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མི་ཁག་སེ་ལགས་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིའི་འོས་བསྡུ་ལ་རྟོག་ཞིབ་གནང་བའི་དགོས་དམིགས་སྐོར་ངོ་སྤྲོད་གནང་རྗེས། འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མ་ནན་ལགས་ཀྱིས་བོད་མིའི་འོས་བསྡུ་ལ་རྟོག་ཞིབ་གནང་བའི་སྐོར་གྱི་བསྒྲགས་གཏམ་ཞིག་སྒྲོག་སྦྱང་གནང་བའི་ནང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་བོད་མི་ས་ཡ་དྲུག་གི་རང་དབང་དམངས་གཙོའི་མངོན་འདོད་དེ་བཞིན་ངོས་ལེན་བྱེད་ཀྱི་མེད་ནའང་། འཛམ་གླིང་གི་རང་དབང་ཡུལ་ལུང་གང་སའི་བོད་མི་ཚོར་དམངས་གཙོའི་འོས་བསྡུ་བརྒྱུད་མཛེས་སྡུག་གི་འབྱུང་འགྱུར་ཞིག་འཐོབ་ཀྱི་ཡོད་པར་ང་ཚོ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཚོ་ཧ་ཅང་དགའ་བོ་བྱུང་།

བཙན་བྱོལ་བོད་མི་བྱིངས་དམངས་གཙོའི་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་བྱས་པར་ང་ཚོས་བསྔགས་བརྗོད་འོས་པ་ཞིག་ཏུ་མཐོང་གི་ཡོད། རྒྱ་ནག་གཞུང་གིས་བོད་དང་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་དབང་བསྒྱུར་སྲིད་ཇུས་མུ་མཐུད་ལག་ལེན་སྟར་བཞིན་པའི་སྐབས་འདིར། བོད་མི་ཚོས་དམངས་གཙོའི་འོས་བསྡུ་ལ་བརྟེན་ནས་བོད་རྒྱའི་ཆབ་སྲིད་དཀའ་རྙོག་སེལ་རྒྱུ་གཏན་འཁེལ་ཡོད་པ་རེད།

ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་གྲོས་ཚོགས། སྲིད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་ཡོངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་འདས་པའི་མི་ལོ་དྲུག་བཅུ་ལྷག་རིང་གི་བོད་རྒྱའི་རྩོད་རྙོག་སེལ་ཐབས་འཚོལ་བཞིན་པར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་ཡི་ཡོད།

བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་བསྡུའི་ཁྲོད་དུ་བཙན་བྱོལ་བོད་མི་བྱིངས་ལ་སྲིད་སྐྱོང་འོས་མིར་བཞེངས་མཁན་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ལ་འོས་འཕེན་པའི་གོ་སྐབས་ཐོབ་ཡོད་པ་དང་། ༢༠༡༥ ལོའི་ཕྱི་ཟླ་ ༡༠ པའི་ནང་སྲིད་སྐྱོང་འོས་བསྡུའི་སྔོན་འགྲོའི་སྐབས་སུ་སྲིད་སྐྱོང་འོས་མི་གཉིས་ཀྱི་འོས་འདེམས་དེ་བཞིན་ཅུང་འཁྲུག་ཆ་དོད་པོ་ཆགས་ཡོད་པ་དང་། དེའི་རྗེས་སྲིད་སྐྱོང་འོས་མི་གཉིས་ནས་དངོས་གཞིའི་འོས་བསྡུ་ཚུགས་རག་བར་བཙན་བྱོལ་མིའི་འདུ་གནས་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་ཏུ་ཕྱིན་ཏེ་གཞི་རྒྱ་ཆེ་བའི་བྱ་འགུལ་སྤེལ་བ་དང་། སྤྱི་འཐུས་འོས་འདེམས་ཁྲོད་དུ་ཆོལ་ཁ་གསུམ་ནས་འོས་མི་གསར་བ་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་ནའང་། ང་ཚོ་རྟོག་ཞིབ་ཚན་པའི་ངོས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་སྲོལ་དང་འགལ་བའི་གནད་དོན་གང་ཡང་མཐོང་མ་སོང་།

ཕྱི་ཟླ་ ༤ བའི་ཚེས་ ༢༧ ཉིན་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་རྗེས་སུ། ང་ཚོ་བོད་མིའི་འོས་བསྡུ་རྟོག་ཞིབ་ཚན་པས། ད་ལན་གྱི་འོས་བསྡུའི་འགྲོ་གྲོན་དང་། བུད་མེད་འོས་ཞུགས། ཆོས་ལུགས་ཆོལ་ཁའི་འཐུས་མིའི་འོས་བསྡུའི་སྒྲིག་སྲོལ། འཛམ་གླིང་གི་རང་དབང་ཡུལ་ལུང་གང་སའི་བོད་མི་བྱིངས་འོས་བསྡུའི་ནང་མཉམ་ཞུགས་ཐུབ་ཡོད་མེད་སོགས་ཀྱི་རྟོག་ཞིབ་གྲུབ་འབྲས་གསལ་བསྒྲགས་ཞུ་རྒྱུ་ཡིན།

རྒྱ་གར་གཞུང་མང་གི་ངོས་ནས་བཙན་བྱོལ་བོད་མི་ཚོར་སོ་སོའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ཡར་རྒྱས་གཏོང་བའི་མཐུན་རྐྱེན་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བོད་མིའི་སྒྲིག་འཛུགས་དང་། ལྷག་དོན་བོད་མིའི་གྲོས་ཚོགས་དང་དབུས་འོས་བསྡུ་ལས་ཁང་གིས་ང་ཚོར་བོད་མིའི་འོས་བསྡུ་ལ་རྟོག་ཞིབ་བྱེད་བཅུག་པར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་འདུག

དེའི་རྗེས་དྲི་བ་དྲིས་ལན་སྐབས་སུ། གསར་འགོད་པས་རྒྱ་གར་ལྟ་བུར་ཆ་མཚོན་ན་སྲིད་བློན་འོས་མི་མང་པོ་བཏོན་ཆོག་གི་ཡོད་པ་དང་། མི་མང་གིས་སྲིད་བློན་འོས་མི་མང་པོའི་ཁྲོད་ནས་སོ་སོའི་མོས་འདུན་ལྟར་འདེམས་ཆོག་གི་ཡོད་པ་མ་ཟད། འོས་མི་དེ་ཚོར་མོས་འདུན་མེད་ཚེ། མ་འདམ་ནའང་ཆོག་གི་ཡོད་པ་རེད། བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་སྲིད་སྐྱོང་འོས་མི་ལྔ་བཏོན་ཡོད་ནའང་། དངོས་གཞིའི་སྐབས་སུ་སྲིད་སྐྱོང་འོས་མི་གཉིས་མ་གཏོགས་བཏོན་ཆོག་གི་མེད་སྟབས། ང་ཚོའི་འོས་འདེམས་མི་མང་ལ་སྲིད་སྐྱོང་འོས་མིའི་འདམ་ག་མང་པོ་མེད་པའམ། སྲིད་སྐྱོང་འོས་མི་ཉུང་དུ་བཏང་བའི་གནས་སྟངས་ཤིག་མཐོང་གི་ཡོད་མེད་དྲིས་པར། ཨོ་སི་ཊོ་ལེ་ཡའི་གྲོས་ཚོགས་འཐུས་མི་ལྕམ་ལེ་ས་སེན་ཧ་ལགས་ཀྱིས། ང་ཚོ་ཨོ་སི་ཊོ་ལེ་ཡར་ཆ་མཚོན་ན། སྲིད་འཛིན་འོས་མི་ག་ཚོད་བཏོན་པ་ཡིན་ནའང་། འོས་ཤོག་ངོས་ཀྱི་སྲིད་འཛིན་འོས་གཞི་དེ་ཚོར་མོས་འདུན་ཡོད་མེད་གང་ལྟར། དེ་ཚོའི་གྲོས་ནས་འོས་མི་གཅིག་འདམ་དགོས་ཀྱི་ཡོད་པ་དང་། གལ་སྲིད་འོས་ཤོག་ངོས་ཀྱི་འོས་མི་གཅིག་ཀྱང་མ་འདམ་པ་ཡིན་ན་ཆད་པ་གཅོད་ཀྱི་ཡོད་པ་ལྟར། ཡུལ་ལུང་སོ་སོའི་དམངས་གཙོའི་འོས་བསྡུའི་སྒྲིག་སྲོལ་འདྲ་གི་མེད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese