མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲན་སྐུལ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

གཡུ་སྒང་དགེ་འདུན།

༢༠༡༦ ཟླ་ ༠༣ ཚེས་ ༢༠ ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་མཇུག་སྒྲིལ་བ་རེད། ལྷག་པར་ཏུ་སྲིད་སྐྱོང་འོས་མི་གཉིས་ཀྱིས་ང་ཚོའི་རྨོངས་འཐོམ་གྱི་ཁྲོད་ན་གཉིད་ཁུག་བཞིན་པ་རྣམས་གཉིད་ལས་སད་ཡོད་ལ། ནམ་རྒྱུན་ཤེས་ཡོན་དང་ལྷག་བསམ། ཆོལ་ཁའི་ཕྱོགས་ཞེན་མེད་མདོག་བྱེད་མཁན་རྣམས་ལའང་འདྲེ་གཟུགས་ཕྱི་རུ་མངོན་བཅུག་ཡོད།

ཕྱོགས་གང་ཐད་ནས་བསམ་བློ་ཞིག་བཏང་དུས་ད་རེས་སྲིད་སྐྱོང་འོས་མི་གཉིས་ཀྱི་ཟིང་ཆ་དེ་བརྒྱུད་ནས་མང་ཚོགས་ཀྱིས་མིག་ཧྲིག་ཧྲིག་དང་རྣ་བ་ཀྲོང་ཀྲོང་བྱེད་དགོས་པ་མ་ཟད། ད་དུང་རང་ཉིད་ཀྱི་འགན་རང་ཉིད་ཀྱིས་ཁུར་ཏེ་འོས་བླུག་གི་མ་འོང་ཐབས་མེད་ཆགས་པ་ཞིག་བཟོས་ཡོད་པས་མང་ཚོགས་ལ་རང་བཞིན་གྱིས་འགན་ལེན་དགོས་པའི་ལས་འགན་ཞིག་ཆགས་པ་དེ་ཡག་པོ་རེད།

ཡིན་ནའང་། སྲིད་སྐྱོང་འོས་མི་གཉིས་ཀྱི་གཅིག་ལ་ཐོབ་ན་ཟིང་ཉུང་བ་དང་གཅིག་ལ་ཐོབ་ན་ཟིང་ཆེ་བ་ཞིག་ཏན་ཏན་ཡོང་གི་རེད། གང་ཡིན་ཟེར་ན། ངས་སྲིད་སྐྱོང་འོས་གཞི་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་སྐབས་སུ་རྒྱབ་སྐྱོར་བ་ཚོས་བྱེད་སྟངས་ཁ་ཤས་ལ་བལྟས་དུས་ཟུར་བལྟས་ལེབ་མཐོང་ཆགས་ཡོད། ངས་འདིར་ཉོག་བཤད་མི་བྱེད་མང་ཚོགས་བརྒྱ་ཆའི་བརྒྱད་ཅུའི་སེམས་ན་གསལ་པོ་ཡོད་པ་རེད།

ཡིན་ནའང་། ད་ང་ཚོ་རྒྱབ་སྐྱོར་བ་ཕྱོགས་ཁག་ཚང་མས་བསམ་བློ་གཏོང་དགོས་ས་ཞིག་ནི་སུ་སྲིད་སྐྱོང་ལ་ཕེབས་ན་དེ་ལ་མི་དགའ་བ་དང་མ་རངས་པའི་རྣམ་འགྱུར་དང་། ཕྱོགས་ཡོང་ནས་དེ་ལ་གནག་ཨེ་ཐུབ་ལྟ་བའི་ལུགས་སྲོལ་ངན་གོམས་དེ་མི་འོང་རྒྱུ་དང་། སུ་ཕེབས་ན་དེ་ལ་ཆེ་མཐོང་དང་གུས་བརྩི་ཞུས་ཏེ་མཐོ་དམའ་བར་གསུམ་གྱི་ནུས་པ་གཅིག་ཏུ་སྤུངས་རྒྱུ་གལ་ཆེན་ཡིན།

མི་ཞིག་གི་ཕྲག་ལ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འགན་འཁྲི་ལྷུང་དུས་དེ་ལས་སླ་བོ་ཞིག་གཏན་ནས་མིན་ལ། ལས་དོན་གྱི་ཐད་ལ་འགྲུབ་དང་མི་འགྲུབ་གཉིས་ཀ་ཡོད་ལ། ལམ་ལྷུང་ཡང་འབྱུང་དང་མི་འབྱུང་གཉིས་ཀ་ཡོད་དུས་དེའི་ཐད་ལ་ང་ཚོ་མང་ཚོགས་ཀྱི་ངོས་ནས་ཁ་མང་པོ་མ་གཡུག་ན་བཟང་གི་རེད། དང་པོ་དེ་རང་ཉིད་ལ་མཛུབ་མོ་བཙུགས་ནས་གཞན་ལ་བརྗོད་རྒྱུ་གལ། རང་ཉིད་ཇི་འདྲ་ཞིག་ཡིན་པ་མ་ཤེས་པར་གཞན་ལ་བཤད་རྐྱང་བྱས་ན་དེ་འདྲའི་འཚམས་པོ་མེད།

ཡིན་ནའང་དེ་དང་མཉམ་དུ་ཞུ་འདོད་པ་ཞིག་ནི་མགོ་སྲིད་སྐྱོང་ནས་མཇུག་གཞུང་ཞབས་ལས་མི་ཡན་ཆད་ཀྱི་མི་སྣ་སུ་དང་སུ་ཡིན་ཡང་མང་ཚོགས་ཀྱི་མདུན་དུ་རང་ཉིད་ཀྱི་ལས་དོན་གང་གི་ཐད་ནས་ཤེས་པ་ལ་ཤེས་པའི་ལན་དང་མ་ཤེས་པ་མི་ཤེས་པའི་ལན་སོགས་ཁ་གསལ་ཅིག་རྒྱག་དགོས་པ་དེ་ལོ་བཞི་དང་ཕྱེད་ཀའི་ཁྲོད་ཀྱི་ཉམས་མྱོང་དངོས་བྱུང་ཞིག་ཡིན་པ་སེམས་ལ་དྲན་པར་མཛོད། ཕྱོགས་ཞེན་རང་བཞིན་ཅན་མ་ཡིན་པ་ཡིན་པར་ཨུ་ཚུགས་རྒྱག་མཁན་ཅིག་ཡིན་ན་གནས་ཚུལ་ཐ་དད་རེད་མ་གཏོགས། གཞན་མང་ཚོགས་ཚང་མ་སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་རང་བཞིན་ཅན་ཡིན་སྟབས་ལས་སླ་བོའི་མགོ་སྐོར་གཏོང་ཐུབ་པ་ཞིག་གཏན་ནས་མིན།

 

 ༢༠༡༦ ། ཟླ་ ༣། ཚེས་ ༢༢། ཉིན།

འབྲེལ་ཡོད་གསར་འགྱུར།

Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

ཆུ་ཚོད་ ༡༧ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

༢༠༢༦/༡༠/༡༤

མཆན། 3

  1. འཁྱམས་པོ། says:
    ལོ་ 11 སྔོན།

    ཇི་སྲིད་ཕུང་པོར་འཛིན་ཡོད་པ། དེ་སྲིད་དེ་ལ་ངར་འཛིན་ཡོད། ངར་འཛིན་ཡོད་ན་ཡང་ལས་ཏེ། ལས་ལས་ཀྱང་ནི་སྐྱེ་བ་ཡིན།

    Reply
  2. དུང་ཁྲི་གནམ་ལྷ་དཀར་ཆུང་། says:
    ལོ་ 11 སྔོན།

    ད་ཐེངས་ཀྱི་འོས་བསྡུ་འདིས། བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་གངས་སྐྱིད་ར་བའི་ནང་དུས་རྒྱུན་དུ་སྒམ་ཚུགས་ཅན་ཡིན་མདོག་དང་། བསམ་བློ་བ་ཡིན་མདོག ཤེས་ཡོན་ཅན་ཡིན་མདོག ལྷག་བསམ་ཡོད་མདོག ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་མདོག་སྟོན་མཁན་གྱི་སྐུ་ངོ་མི་ཉུང་བ་ཞིག་གིས་རང་གཟུགས་ངོ་མ་ཕྱིར་རུ་མངོན་བཅུག་སོང་།
    དེ་སྔོན་མི་ལྷག་བསམ་ཅན་དང་། དྲང་ཚུགས་ཅན། བོད་ཀྱི་རྩ་དོན་གཙིགས་སུ་འཛིན་མཁན་དུ་འདོད་པའི་སྐུ་ངོ་དེ་ཚོ་ངོ་མ་འཇིགས་སུ་རུང་བ་རེད་འདུག ཨ་ཁ་ཁ། ད་ནི་རྗེས་སུ་དེ་ཚོའི་གདོང་པ་མཐོང་དུས་ང་ནི་ངོ་ཚ་དང་། དོགས་མི་བདེ་བ་ཞིག་ཡོང་ས་རེད།

    Reply
  3. གནམ་ལྕག་ཐོགས་འབེབས། says:
    ལོ་ 11 སྔོན།

    འོས་བསྡུ་འགོ་འཛུགས་པ་ནས་བཟུང་། དཔྱད་གཏམ་སྤེལ་ཁུལ་བྱེད་ཕལ་ཆེར་བ་རང་ངོར་གཡག་རྗེས་མི་མཐོང་བར་གཞན་ངོར་ཤིག་རྗེས་འཚོལ་མཁན་ཤ་སྟག་དུ་འདོད་ཀྱང་། དེ་རིང་འདིར་བོད་སྤྱི་པ་དང་རྩ་དོན་གཙིགས་སུ་འཛིན་ནས་དཔྱད་བརྗོད་སྤེལ་མཁན་ཨ་མདོའི་བུ་ཆུང་དྲང་ཚུགས་ཅན་ཞིག་བྱུང་བ་ནི་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཀྱི་ཐེ་བོང་གནམ་ལ་སྒྲེང་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese