མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔོན་རྩིས་དང་འབྲེལ་བའི་དོགས་འདྲི།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྤྱི་འཐུས་གྲོས་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་སྐབས་སྤྱི་འཐུས་ཁག་ཅིག་གིས་སྔོན་རྩིས་དང་འབྲེལ་བའི་དོགས་འདྲི་ཁག་ཅིག་གནང་བར། དེ་རིང་ཕྱི་དྲོར་དཔའ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ལན་འདེབས་གནང་སོང་།

Tsering dhondupསྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་རྩིས་ལོ་ ༢༠༡༦ དང་ ༢༠༡༧ ལོའི་སྔོན་རྩིས་བཀའ་འཁྲོལ་གཞི་ནས་ཞུ་དགོས་པ་དང་ཕྱི་ཟླ་ ༤ པ་ནས་ཕྱག་ལས་མགོ་འཛུགས་གནང་དགོས་པ་ཞིག་ཡིན་ཡང་། འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ཐོག་ས་གནས་ཁག་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་མི་ཚོར་ད་ལྟ་ནས་བརྒྱ་ཆ་ ༥༠ རེ་ཆག་ཡང་གནང་ཚར་ཏེ་དངུལ་བསྡུ་རྒྱུ་མགོ་བཙུགས་ཟིན་ཡོད་པ་དེ། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་སྟངས་འཛིན་གྱི་སྒྲིག་གཞིའི་ནང་འགྲོ་སོང་སྔོན་བཏང་དང་བཀའ་འཁྲོལ་རྗེས་ཞུ་ཆགས་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་པ་དེར། དེ་རིང་ཕྱི་དྲོར་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ནས་གསལ་བཤད་བཀའ་ལན་གནང་དོན།

བཀུར་འོས་སྤྱི་འཐུས་མཆོག་ལ་ཏན་ཏན་ཐུགས་ཁག་མེད་པ་ཞིག་རེད་འདུག སྨན་བཅོས་ལྟ་སྐྱོང་ལས་གཞིའི་འགྲོ་སྟངས་དེ་སྤྱིར་བཏང་ད་ལྟའི་ཆར་གྲོས་ཚོགས་ནང་ཏོག་ཙམ་གསལ་པོ་ཆགས་དགོས་པ་འདྲ་པོ་ཞིག་ཡོད་ཀྱང་ད་དུང་གསལ་པོ་མ་ཆགས་པ་འདྲ་པོ་ཞིག་འདུག སྨན་བཅོས་ལྟ་སྐྱོང་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞིའི་འོག་ནས་འགྲོ་སོང་གཏོང་བ་དེ། ལོ་རང་ག་སོ་སོའི་ཕྱི་ཟླ་ ༤ ཚེས་ ༡ ནས་འབྱུང་འགྱུར་ཕྱི་ཟླ་ ༣ ཚེས་ ༣༡ བར་དུ་འགྲོ་སོང་གཏོང་དགོས་ཀྱི་ཡོད་པ་རེད། གལ་སྲིད་སྨན་བཅོས་ཀྱི་ཐོག་ནས་མཐུན་འགྱུར་སྦྱོར་དགོས་པའི་གནས་བབ་ཅིག་བྱུང་བ་ཡིན་ན། མཐུན་འགྱུར་སྤྱོར་ས་དེ་ཚོ་ཚོགས་དངུལ་དེབ་སྐྱེལ་ཡོད་པ་ཞིག་དགོས་ཀྱི་ཡོད་པ་དང་། ཚོགས་དངུལ་དེབ་སྐྱེལ་ཡོང་དགོས་པ་དེ་ཕྱི་ཟླ་ ༤ ཚེས་ ༡ གི་གོང་ལ་དེབ་སྐྱེལ་ཟིན་པ་ཞིག་དགོས་པ་རེད་མ་གཏོགས་ཕྱི་ཟླ་ ༤ ཚེས་ ༡ ལ་དེབ་སྐྱེལ་བྱས་ཏེ། ཕྱི་ཟླ་ ༥ པའི་ནང་སྨན་བཅོས་ཀྱི་ཐོབ་ཐང་ཞུས་པ་ཡིན་ན་འགྲིག་གི་མེད་པ་ཞིག་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་གི་ལམ་སྲོལ་ནང་གསལ་འདུག་ལ། དངོས་ཡོད་གནས་སྟངས་ཀྱི་ཆ་ནས་ཀྱང་དེ་གནད་འགག་ཅིག་རེད་འདུག དེ་འདྲའི་ཆ་ནས་ཕྱི་ཟླ་ ༡ ནང་ནས་གསལ་བསྒྲགས་དང་སྦྲགས་ཚོགས་དངུལ་བསྡུ་བའི་ལས་རིམ་ཞིག་མགོ་བརྩམས་འདུག་པ་དེ་དངོས་ཡོད་ཡིན་པ་གསལ་པོ་བྱས་ནས་ཞུ་དགོས་པ་རེད། དེ་སྒྲིག་གཞི་དང་ཐད་ཀར་འགལ་བ་ཆེན་པོ་ཞིག་རེད་དམ་ཞེ་ན་མ་རེད་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། སྔོན་རྩིས་ཀྱི་སྒྲིག་གཞིའི་ནང་ཡོང་འབབ་བསྡུ་རུབ་དེ་ཟླ་བ་གསུམ་གྱི་ནང་སྔོན་རྩིས་ནང་སླེབ་པ་ཞིག་གནང་དགོས་པ་རེད། ཕྱི་ཟླ་དང་པོའི་ནང་བསྡུ་རུབ་བྱས་པ་དེ་ཟླ་བ་གསུམ་པའི་གྲོས་ཚོགས་ནང་ཕུལ་བའི་སྔོན་རྩིས་ནང་གསལ་ཡོད་ན། དེ་འགལ་བ་ཞེ་དྲགས་མེད་པ་ཞིག་རེད་ཅེས་སྙན་གསེང་ཞུ་བ་ཡིན། འདི་ཚོགས་དངུལ་བསྡུ་རུབ་དང་འབྲེལ་བའི་གནད་དོན་ཞིག་རེད། ད་སྨན་བཅོས་ལྟ་སྐྱོང་གི་ཐོག་ནས་འགྲོ་སོང་ཕྱིན་པ་ཞིག་རེད་དམ་ཟེར་ན་ད་ལྟ་བཏང་ཡོད་པ་མ་རེད། དེ་འདྲའི་ཆ་ནས་འགྲོ་སོང་སྔོན་བཏང་དང་བཀའ་འཁྲོལ་རྗེས་ཞུས་ཀྱི་གནས་བབ་ཅིག་ད་ལྟ་ཆགས་མི་འདུག ཅེས་གསུངས་སོང་།

ཡང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྔོན་རྩིས་ནང་རྩེད་ཐང་འཛུགས་སྐྲུན་ཆེད་སྒོར་ས་ཡ་ ༩།༨༩ ཞུས་ཡོད་པ་དང་། གོ་ཐོས་ལྟར་ན་མོན་གྷོ་ས་གནས་ཀྱི་རྩེད་ཐང་ལ་འབུམ་དྲུག་བཀའ་འཁྲོལ་གནང་ཡོད་པ་མ་ཟད། ལས་ཀ་མགོ་བཙུགས་ཚར་ཡོད་ཀྱང་སྤྱི་འཐུས་ནས་བཀའ་འཁྲོལ་གཞི་ནས་གནང་རྒྱུ་ཡིན་པས་འགྲོ་སོང་སྔོན་བཏང་དང་བཀའ་འཁྲོལ་རྗེས་ཞུས་ཆགས་ཀྱི་ཡོད་སྐོར་ཞུས་པ་དེར་དཔལ་འབྱོར་བཀའ་བློན་མཆོག་གིས། དངོས་ཡོད་གནས་སྟངས་ཀྱི་ཆ་ནས་དེ་འདྲ་པོ་ཞིག་ཆགས་འདུག ཡིན་ནའང་། ཞིབ་ཀྱིས་ལྟ་ཡོང་དུས་དེ་འདྲ་རང་རེད་མི་འདུག མོན་གྷོ་ལ་རྐང་རྩེད་སྤོ་ལོའི་རྩེད་ཐང་གཅིག་དང་སིལ་སྤོལ་རྩེད་ཐང་གཅིག་བཅས་རྩེད་ཐང་ཁག་གཉིས་ཡོད་པ་དང་། རྐང་རྩེད་སྤོ་ལོའི་རྩེད་ཐང་དེ་ས་གནས་རང་ནས་དངུལ་ཐབས་ཤེས་བཏང་སྟེ་ཚ་ཚ་འུར་འུར་གྱི་ཐོག་ནས་ལས་འགུལ་སྤེལ་བ་ཞིག་རེད་འདུག རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་དེ་ཡོང་ལ་ཉེ་བས་མགྱོགས་པོར་ཚར་དགོས་ཀྱི་ཡོད་པ་ཞིག་འགྲེལ་བཤད་གནང་གི་འདུག རོགས་དངུལ་དེའང་ཁོ་རང་ཚོ་ས་གནས་ནས་ཐབས་ཤེས་གནང་བ་ཞིག་རེད་འདུག བཀའ་ཤག་ནས་མར་གསོལ་སྩལ་གནང་རྒྱུའི་སྔོན་རྩིས་རྒྱབ་གཉེར་ཞུས་པ་དེ་སིལ་སྤོལ་རྩེད་ཐང་དེ་རེད། དེའི་ཐོག་ལ་ད་ལྟའི་ཆར་ས་གཤོང་སོགས་གང་ལྟར་ཏོག་ཙམ་ཕྱག་ལས་གནང་འདུག ཕྱག་ལས་གནང་བ་དེ་ས་གནས་རང་ནས་དགོས་དངུལ་སྒོར་འབུམ་ ༣ ཞུས་ཡོད་པ་དེ་འགྲོ་སོང་བཏང་བ་ཞིག་རེད་འདུག ད་ལྟའི་ཆར་སིལ་སྤོལ་གྱི་རྩེད་ཐང་གི་ལས་ཀ་མཚམས་འཇོག་བྱས་ཏེ། དགོས་དངུལ་མ་ཐོན་བར་དུ་ལས་གཞི་མགོ་བཙུགས་མ་ཐུབ་པའི་གནས་བབ་ཅིག་ཆགས་འདུག དེ་འདྲའི་ཆ་ནས་འགྲོ་སོང་སྔོན་བཏང་དང་བཀའ་འཁྲོལ་རྗེས་ཞུས་ཀྱི་གནས་བབ་ཅིག་བྱུང་མི་འདུག ཅེས་གསུངས་སོང་།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྔོན་མ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོ་ཕུལ་བ་འཛིན་སྐྱོང་བཀའ་ཤག་གིས་རྩིས་མེད་བཏང་བ་རེད། ལས་བྱེད་ཀྱི་གསོལ་ཕོགས་དེ་བར་བརྒལ་ངལ་སེལ་བརྒྱ་ཆ་ ༣༢ གནང་ཡོད་པ་དང་། མཛད་གཙོ་རྣམ་གྱི་དེ་ཆ་ཚང་རྩ་ཕོགས་ལ་བསྣན་ཏེ་གསོལ་ཕོགས་སྤར་བ་རེད། ལས་བྱེད་ལ་སྤར་མེད་པས་སྤར་དགོས་ཀྱི་འདུག་ཟེར་ནས་མང་པོས་གསུང་སྐད་བསྐྱོན་ཡོད་ཀྱང་ད་ལྟའི་བར་དུ་བྱུང་མེད་ལ། སྐབས་དེར་འཛིན་སྐྱོང་བཀའ་ཤག་ནས་ ༢༠༡༨ བར་དུ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་འཛུགས་རྒྱུ་མིན་ལ་གསོལ་ཕོགས་སྤར་གྱི་མིན་གསུངས་ཡོད་ཀྱང་། ཉེ་སྔོན་འོས་བསྡུའི་ལས་རིམ་གྱི་སྐབས་སུ་ཨ་རི་ལ་སྲིད་སྐྱོང་མཆོག་ནས་ལས་བྱེད་ལ་བརྒྱ་ཆ་ ༥༠ སྤར་རྒྱུ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ལ་བརྒྱ་ཆ་ ༧༠ སྤར་རྒྱུ་ཡིན་སྐོར་གསུངས་ཡོད་པ་དེ་སྔོན་རྩིས་ཀྱི་འགྲོ་སྟངས་ཐོག་ནས་འགྲིག་མེད་སྐོར་བརྗོད་པ་དེར་དཔལ་འབྱོར་བཀའ་བློན་མཆོག་གིས་གསུངས་དོན། གནད་དོན་དེའི་སྐོར་ལ་ཚོགས་དུས་ ༦ པའི་ཐོག་གླེང་སློང་ཤུགས་ཆེན་པོ་བྱུང་བ་རེད། དེ་དང་མཉམ་དུ་བཀའ་ཤག་གིས་གསལ་པོ་བྱས་ཏེ་ཞུས་པ་ཞིག་ལ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ཀྱི་ཆ་ནས་ཡིན་ནའང་ལམ་སང་ཡོང་ཐབས་མེད་པ་ཞིག་ཡིན་པ་ཞུས་ཡོད་ལ། བཀུར་འོས་སྤྱི་འཐུས་མཆོག་གིས་གསུངས་བའི་ཕྱི་ལོ་ ༢༠༡༨ ལོའི་བར་དུ་སྤར་རྒྱུ་མིན་ཟེར་བ་དེ་གསུངས་ཡོད་པ་རེད། དེ་དང་མཉམ་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ཀྱི་ཆ་ནས་ལམ་སང་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་འཛུགས་པའི་གནས་བབ་ཡོང་གི་མི་འདུག་ཅེས་ཀྱང་ཞུས་ཡོད་པ་རེད། གང་ལེགས་ཞེ་ན། བར་བརྒལ་ངལ་སེལ་དེ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་བཙུགས་ཏེ་རྩ་ཕོགས་ཏུ་བསྒྱུར་བ་ཡིན་ན་རང་བཞིན་གྱིས་ཟླ་བ་ ༦ རེར་ཡུལ་ཐང་གུན་གསབ་འབུལ་རྒྱུ་དེ་ཤུགས་ཆེན་པོ་འཕར་གྱི་ཡོད་པ་རེད། དེ་འདྲའི་ཆ་ནས་ཡོང་གི་མི་འདུག་ཅེས་སྙན་གསེང་ཞུས་ཡོད་པ་རེད།

ད་ལྟའི་ཆར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོའི་ནང་ཡོད་པ་དང་། བཀུར་འོས་སྤྱི་འཐུས་གཅིག་གཉིས་ཤིག་གིས་གྲོས་ཚོགས་ནང་དུ་གསལ་བཤད་གནང་བ། དེ་ཚོར་བཀའ་ཤག་གིས་དགོངས་བཞེས་གནང་བ་བཅས་ཕྱོགས་བསྡོམས་ཀྱི་གནས་སྟངས་ཐོག་ནས་བཀའ་ཤག་ལ་ད་ལྟའི་ཆར་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ཞིག་བཙུགས་པ་ཡིན་ནའང་། དབུ་འཛུགས་གཏམ་བཤད་ནང་གསལ་པོ་བྱས་ཏེ་བཀོད་པ་ལྟར་ཚོགས་ཆུང་གི་རྒྱབ་གཉེར་ལ་འོས་འཚམ་གྱིས་བཀའ་ཤག་ལ་དགོངས་བཞེས་གནང་བའི་དཔལ་འབྱོར་གྱི་གནས་བབ་ཅིག་དང་། བར་བརྒལ་ངལ་སེལ་དེ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གིས་རྩ་ཕོགས་ལ་བསྒྱུར་བའི་རྒྱབ་གཉེར་གནང་གི་ཡོད་ན། དེ་གནང་བ་ལ་རྐྱེན་བྱས་ཏེ་རྩ་ཕོགས་གསར་པའི་དབང་དུ་བཏང་སྟེ་ཡུལ་ཐང་གུན་གསབ་ཟླ་བ་ ༦ རེར་འཕར་འབབ་ག་ཚོད་ཡོད་ནའང་དེ་རྒྱག་ཐུབ་པའི་དཔལ་འབྱོར་གྱི་གནས་བབ་ཡོད་པ་ཅིག་བཀའ་ཤག་གིས་གཟིགས་ཀྱི་ཡོད་པ་རེད། དེ་འདྲའི་ཆ་ནས་ད་རེས་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་བཙུགས་ཏེ་ཕོགས་རིམ་བསྐྱར་ཞིབ་གནང་གི་ཡིན་ཟེར་བའི་རྒྱབ་ལྗོངས་ཡོང་སྟངས་དེ་འདྲ་ཞིག་རེད། ཅེས་གསུངས་སོང་།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་རྩིས་ལོ་ ༢༠༡༦ དང་ ༢༠༡༧ ལོའི་སྔོན་རྩིས་ནང་དབུ་མའི་ལམ་གྱི་ཐབས་ལམ་སྐོར་ཕྱི་ནང་མང་ཚོགས་ལ་ངོ་སྤྲོད་ལས་འགུལ་མུ་མཐུད་སྤེལ་ཆེད་སྒོར་༤༠༣༨༠༠༠༠༠ བཀའ་ཁྲོལ་ཞུས་ཡོད་པ་དང་། ས་ཡ་བཞི་བརྒྱ་གསུམ་ཟེར་བ་དེ་ཧ་ཅང་མང་པོ་རེད་ལ། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་ཐོག་ནས་དེ་ལས་ཀྱང་མང་པོ་ཡིན་པས། ལས་དོན་དེ་གཙོ་བོ་ག་རེ་ག་རེ་ཡིན་པ་དང་། བོད་རྒྱ་འབྲེལ་མོལ་དང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་ཆེ་ཤོས་དེ་བོད་པས་དབུ་མའི་ལམ་མ་ཤེས་པའི་དཀའ་ངལ་གྱིས་བྱུང་བ་རེད་དམ། ཡང་ན་རྒྱ་གཞུང་ལ་གོ་བརྡ་མ་འཕྲོད་པས་བྱུང་བ་རེད། ད་ལྟའི་གནང་སྟངས་གནང་ལུགས་མང་པོ་ཞིག་ལ་བལྟས་ཡོང་ན་ཕལ་ཆེར་བོད་པས་དབུ་མའི་ལམ་མ་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་མིན་འགྲོ་བསམ་པའི་ཚོར་སྣང་ཡོང་གི་ཡོད་སྟབས། དོན་ངོ་མར་དཀའ་ངལ་དེ་གང་ལ་ཐུག་ཡོད། ཅེས་དྲིས་པའི་ལན་དུ་དཔལ་འབྱོར་བཀའ་བློན་མཆོག་གིས། དེ་བོད་དོན་ཆབ་སྲིད་ཀྱི་ལས་དོན་ཐོག་ལ་འགྲོ་སོང་གཏོང་བའི་ཕྱོགས་བསྡོམས་མ་དངུལ་ཁྱོན་ས་ཡ་ ༤༠༣༨༠༠༠༠༠ རེད། དེའི་ནང་ནས་དབུ་མའི་ལམ་གྱི་ལས་དོན་ཁྱབ་སྤེལ་བྱེད་པ་དེར་ས་ཡ་གཅིག་དང་བཞི་འབུམ་ ༡༤༠༠༠༠༠ རྒྱབ་གཉེར་ཞུས་ཡོད། དེ་དང་མཉམ་དུ་བཀའ་འདྲི་གཅིག་དེ་དབུ་མའི་ལམ་གྱི་ཐོག་ང་རང་ཚོ་བོད་རིགས་ནང་ལོགས་ལ་ད་དུང་གོ་རྟོགས་མ་ཐུབ་པའི་གནས་བབ་ཅིག་ཡོད་པ་རེད་དམ་ཞེས་བཀའ་འདྲི་གནང་སོང་། དེ་ཡོད་པ་ཡིན་ས་རེད། སྔོན་མ་གྲོས་ཚོགས་ནང་ལའང་དེའི་སྐོར་ནས་གྲོས་བསྡུར་རིམ་པར་བྱུང་བ་རེད་ལ། ཕྱག་རོགས་ལས་ཁུངས་མཉམ་ཞུགས་བྱེད་པའི་སྐབས་སུའང་མང་པོས་གོ་རྟོགས་ཡག་པོ་མི་འདུག་ཅེས་གསུངས་ཚུལ་ཐོན་པའི་སྐབས་ལའང་གྲོས་ཚོགས་ནང་ནས་གླེང་སློང་བྱུང་བ་རེད། དྲན་པ་ཏག་ཏག་ཡོད་པ་ཡིན་ན། ལྷག་པར་དུ་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ས་དེ་མཐོ་རིམ་སློབ་གྲྭ་ཁག་ནང་འགྲིམ་པའི་ན་གཞོན་ཚོ་རེད་འདུག ད་ལྟ་སློབ་གྲྭ་མང་པོ་ཡོད་པ་དེ་ཚོའི་ནང་ལ་ཕྱི་དྲིལ་ལས་ཁུངས་ད་ལྟ་ཕེབས་ནས་སྐོར་བ་འཁོར་གྱི་ཡོད་ས་མ་རེད། དེར་བརྟེན་སློབ་མ་དེའི་རིགས་སློབ་གྲྭ་ཐོན་ནས་ནར་སོན་ཏེ་མཐོ་རིམ་སློབ་གྲྭའི་ནང་ལ་སློབ་སྦྱོང་བྱེད་པའི་སྐབས་དེར། མཐོ་རིམ་སློབ་གྲྭ་སོ་སོར་ཕེབས་ཏེ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་དེ་གལ་ཆེན་པོ་ཞིག་ཏུ་གཟིགས་ནས་སྤེལ་བཞིན་པ་ཞིག་རེད་འདུག ཅེས་གསུངས་སོང་།

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༩ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 3

  1. བདེན་པའི་རྒྱབ་ལངས། says:
    ལོ་ 9 སྔོན།

    བཙན་བྱོལ་བོད་མའི་སྤྱི་ཚོགས་ཁྲོད་གོ་རྟོག་དམན་པའི་དཔེ་མཚོན་འདྲ་བོ་ཞིག་ཞུས་ན་ད་ལྟའི་སྲིད་སྐྱོང་གི་མིང་དེ་ཡང་ཤེས་ཀྱི་མི་འདུག་དོ་བདག་གི་མིང་དངོས་སློབ་བཟང་སངས་རྒྱས་ལས་༼བློ་བཟང་སེང་གེ་རེད་མི་འདུག

    Reply
  2. ཁམས་གསུམ་དབང་འདུས། says:
    ལོ་ 9 སྔོན།

    སྐར་རྟགས་ཅན་གྱི་དྲི་བ་ཚ་པོ་ཚ་པོ།

    Reply
  3. བསྟན་པ། says:
    ལོ་ 9 སྔོན།

    ༸སྐྱབས་མགོན་༸རྒྱལ་བའི་ཅི་ཙམ་གསུངས་ཀྱང་འདྲ། །
    བོད་མི་ཉེན་ཚབས་ཅི་ཙམ་ཆེ་ཡང་འདྲ། །
    གཟི་བརྗིད་ཁོག་སྟོང་སྲིད་སྐྱོང་བློ་སེང་སོགས། །
    སྤྱི་ཚོགས་ཡར་རྒྱས་གཏང་བའི་འཇོན་ཐང་མེད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese