མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རེ་སྐུལ་ཞུ་ཡིག་དང་འབྲེལ་ཏེ་དོགས་ཡོད་འགའ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་ཏང་དང་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་རྩ་དགོངས་ཞུ་དགོས་པའི་ཞུ་ཡིག་ཅིག་དང་འབྲེལ་ཏེ་ཤིན་ཅང་གི་ཝུ་ཡེ་གསར་ཁང་གི་རྩོམ་སྒྲིག་པ་དང་ལས་བྱེད་ ༤ འཛིན་བཟུང་བྱས་ཡོད་འདུག

160319124539-jia-jia-missing-new-exlarge-169ཧྥ་རན་སིའི་གསར་ཁང་ (AFP) གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གཞུང་གིས་ཤིན་ཅང་གི་ཝུ་ཇེ་ (Wujie) གསར་ཁང་གི་རྩོམ་སྒྲིག་པ་དང་ལས་བྱེད་ ༤ འཛིན་བཟུང་བྱས་ཡོད་པ་དང་། ཁོ་ཚོ་འཛིན་བཟུང་བྱེད་དོན་གཙོ་བོ་ཉེ་ཆར་གསར་ཁང་དེའི་དྲ་ཚིགས་སྟེང་ཞི་ཅིན་ཕིན་ཏང་དང་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་རྩ་དགོངས་ཞུ་དགོས་པའི་ཞུ་ཡིག་ཅིག་སྤེལ་བའི་རྐྱེན་གྱིས་ཡིན་ཞིང་། (ད་ཆར་ཞུ་ཡིག་དེ་འབྲི་མཁན་སུ་ཡིན་གསལ་ཁ་བྱུང་མེད་པ་རེད)

ཞུ་ཡིག་དེའི་ནང་ཞི་ཅིན་ཕིན་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་དབང་སྒེར་འཛིན་དང་སྒེར་གཅོད་བྱས་པའི་རྐྱེན་པས། དེང་སྐབས་ང་ཚོར་ཆབ་སྲིད་དཔལ་འབྱོར་དང་བསམ་བློ་རིག་གནས་སོགས་ཕྱོགས་ནས་དཀའ་རྙོག་ལ་འཕྲད་ཀྱི་ཡོད་པ་དང་། ང་ཚོ་ཚང་མ་ཏང་ལ་བློ་དཀར་བའི་ཐོག་ནས་ཏང་དང་རྒྱལ་ཁབ་ཞི་བདེ་བརྟན་ལྷིང་། ཁྱེད་དང་ཁྱེད་ཀྱི་ནང་མིའི་བདེ་འཇགས་ཀྱི་ཆེད་དུ་ང་ཚོས་ཁྱེད་རང་ཏང་དང་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་གནས་ནས་རྩ་དགོངས་ཞུ་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་སྐོར་སོགས་འཁོད་ཅིང་། གནས་ཚུལ་སྤེལ་སའི་ཤིན་ཅང་གི་ཝུ་ཡེ་གསར་ཁང་ནི་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གི་ཚོང་གཉེར་ཁང་ཆེན་མོ་ཨ་ལེ་བྷ་བྷ་ (Alibaba) ཡིས་མཐུན་འགྱུར་འོག་རྒྱ་ནག་གི་ནུབ་བྱང་ཤིན་ཅང་ནང་གསར་འཛུགས་བྱས་པ་ཞིག་ཡིན་འདུག

མིང་བརྗོད་འདོད་མེད་པའི་གསར་ཁང་དེའི་ལས་བྱེད་ཅིག་གིས། ང་ཚོའི་དྲ་ཚིགས་སྟེང་ཞུ་ཡིག་དེ་སྤེལ་བའི་རྐྱེན་གྱིས། རེས་གཟའ་སྔོན་མ་ནས་ང་ཚོའི་གསར་ཁང་གི་རྩོམ་སྒྲིག་པ་ཧུང་ཀྲེ་ཅེ་ (Huang Zhijie) གཙོས་པའི་གཞན་ལས་མི་ ༤ འཛིན་བཟུང་བྱས་སོང་། ངས་བསམ་ན་ད་སྐབས་ཁོ་ཚོར་འདྲི་གཅོད་དང་ཞིབ་བཤེར་བྱེད་བཞིན་ཡོད་ཀྱི་རེད། གཅིག་བྱས་ན་གསང་བའི་སྒོ་ནས་ང་ཚོའི་དྲ་ཚིགས་སྟེང་སྤེལ་བའི་ཞུ་ཡིག་དེར་ཞིབ་བཤེར་བྱས་ཏེ་ང་ཚོའི་གསར་ཁང་གི་སྒོ་ཡང་རྒྱག་ཏུ་འཇུག་སྲིད་པ་རེད། ཅེས་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་དབང་བཟུང་བ་ནས་རྒྱལ་ནང་གི་གསར་འགྱུར་ལས་རིགས་ཁག་ཏང་ལ་བློ་དཀར་དགོས་པའི་བཙན་སྐུལ་ཐོག་སྤྱི་ཚོགས་བརྒྱུད་ལམ་ཁག་དང་གནས་འཕྲིན་དྲ་ཚིགས་ཁག་ལ་སྟངས་འཛིན་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་ལག་བསྟར་ཁྲོད་དུ་དམར་ཤོག་ཚོགས་པའི་དཔོན་རིགས་ ༣༠༠་༠༠༠ འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་འདུག

གཞན། ཧོང་ཀོ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་པེ་ཅིན་གྲོང་ཁྱེར་ཉེན་རྟོག་པས་རྒྱ་ནག་གི་གསར་འགོད་པ་ཇ་ཇ་ (Jia Jia) ཟེར་བ་ཞིག་པེ་ཅིན་ནས་ཧོང་ཀོང་ལ་འགྲོ་ཁར་པེ་ཅིན་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁོ་འཛིན་བཟུང་བྱེད་དོན་ཞི་ཅིན་ཕིན་ཏང་དང་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་ཞུ་ཡིག་དེ་དང་འབྲེལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། བྷེ་བྷེ་སེ་གསར་ཁང་གིས་གནས་ཚུལ་བསྒྲགས་པའི་ནང་། ཞི་ཅིན་ཕིན་རྩ་དགོངས་ཞུ་དགོས་པའི་ཞུ་ཡིག་དེའི་གནད་དོན་ཐོག་ད་ཆར་དོགས་ཡོད་མི་སྣ་ ༢༠ འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༦ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist