མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་རྒྱལ་ཁག་ནས་བོད་མིའི་གྲངས་འབོར་ལེན་རྒྱུ་ཧ་ཅང་ཁག་པོ་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

འཆར་འགོད་ལྷན་ཚོགས་ནས་དེ་སྔོན་ཐེངས་ཁ་ཤས་ལ་བཙན་བྱོལ་བོད་མིའི་མི་གྲངས་ཞིབ་བཤེར་གྱི་ལས་གཞི་སྤེལ་ཡོད་ཀྱང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོའི་གྲངས་འབོར་རག་ཁག་པོ་ཡོད་པས་མུ་མཐུད་ཞིབ་བཤེར་བྱས་པ་ཡིན་ནའང་གྲངས་འབོར་ཏག་ཏག་ཅིག་རག་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་སྐོར་གསུངས་སོང་།

IMG_0793དེ་རིང་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་དྲུག་པའི་སྔ་དྲོར། སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་འཆར་འགོད་ལྷན་ཚོགས་ཀྱི་ངོ་བོ་དང་འགན་དབང་། འདས་པའི་ལོ་ངོ་ ༣༠ ལྷག་རིང་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མི་འདུས་སྡོད་ཁུལ་མང་པོའི་ནང་ཉམས་ཞིབ་དང་ཟབ་སྦྱོང་སྦྱོང་བརྡར་སྤྲོད་པའི་ལས་གཞི་མང་པོ་གནང་དང་གནང་མུས་ཡོད་པའི་སྐོར་ལ་སྐར་རྟགས་ཅན་གྱི་དྲི་བ་འགའ་དང་འབྲེལ་འཕྲོས་དོན་དྲི་བ་ཁག་ཅིག་ཞུས་སོང་།

སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་འཆར་འགོད་ལྷན་ཁང་ཕྱི་ལོ་ ༡༩༨༧ ལོར་གལ་ཆེ་དོན་ཆེའི་ཐོག་ནས་ཟུར་དུ་གསར་འཛུགས་གནང་སྟེ་ལོ་ངོ་ ༣༠ ལྷག་འགྲོ་བཞིན་ཡོད་པ་དང་། ལྷན་ཁང་འདིའི་ཐོག་ནས་བཀའ་ཤག་གོང་མ་རྣམས་ཀྱི་དགོངས་གཞི་དང་ད་ལྟའི་བཀའ་ཤག་བར་ཁྱད་པར་ཇི་འདྲ་ཡོད་པ་དང་། ལྷན་ཁང་གི་ངོ་བོ་ཇི་འདྲ་ཞིག་ལ་འགྱུར་ཡོད་མེད། ད་ལྟ་ལྷན་ཁང་གི་འགན་དབང་དང་ལས་དོན་གནང་ཕྱོགས་ཐོག་རང་དབང་ཇི་ཙམ་ཡོད་པ། དེ་བཞིན་སྔར་དང་མི་འདྲ་བའི་ཕན་རླབས་གང་བྱུང་ཡོད་སྐོར་དྲིས་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། འཆར་འགོད་ལྷན་ཁང་གི་ཐོག་ཕྱི་ལོ་ ༡༩༨༨ ཚུན་གྱི་བཀའ་ཤག་གོང་མ་རིམ་བྱོན་དང་། ད་ལྟའི་བཀའ་ཤག་གཉིས་ཀྱི་རྩ་བའི་དགོངས་གཞི་ལ་ཁྱད་པར་མེད་ཀྱང་། ལས་དོན་བྱེད་ཕྱོགས་ཐོག་དུས་ཀྱི་དགོས་མཁོར་འཚམ་པའི་འགྱུར་བ་ཕྲན་བུ་ཕྱིན་ཡོད་ཅིང་། ལྷན་ཁང་གི་མིང་ཡང་འཆར་འགོད་ལྷན་ཚོགས་ཞེས་པར་འགྱུར་བ་ཕྱིན་ཡོད་ཀྱང་ངོ་བོ་རང་འཇགས་གནས་ཡོད་པ་དང་། ལྷན་ཚོགས་ཀྱི་འགན་དབང་དང་ལས་དོན་གནང་ཕྱོགས་ཐོག་རང་དབང་བཀའ་ཤག་ལ་ཇི་ཙམ་ཡོད་པ་དེ་ཙམ་ཡོད་ལ། སྔར་མེད་ཀྱི་ཕན་རླབས་ནང་སྔར་གྱི་ལས་སྒོའི་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་སྒོ་ཁག་ཅིག་ལའང་འགན་འཁུར་མཉམ་ལེན་བྱས་ཏེ་གཞི་རྒྱ་ཆེ་རུ་ཕྱིན་ཡོད་སྐོར་བཀའ་ལན་གནང་སོང་།

འཕྲོས་དོན་དྲི་བའི་སྐབས་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་ལས་དོན་གནང་ཕྱོགས་ལ་ཁྱད་པར་ཕྱིན་ཡོད་ན། སྔར་གྱི་ཕྱག་ལས་གནང་ཕྱོགས་ག་འདྲ་ཡོད་པ་དང་། ད་ལྟ་དགོས་མཁོ་ལ་དཔག་པའི་ཕྱག་ལས་གནང་ཕྱོགས་ག་འདྲ་ཡོད། དེ་བཞིན་འཆར་འགོད་ལྷན་ཚོགས་ཀྱི་ཚོགས་མིའི་གྲུབ་ཆར་རྣམ་པ་དང་གནང་སྟངས་མི་འདྲ་བ་གང་ཡོད། སྔོན་མ་འཆར་འགོད་ལྷན་ཚོགས་ཀྱི་དམིགས་ཡུལ་ཆེ་ཤོས་ཤིག་ན། ལོ་ལྔ་ཚན་རེའི་ནང་བོད་ནང་འཆར་གཞི་ཞིབ་འཇུག་གནང་དགོས་པ་རེད་གསུངས་ཡོད་པ་དེ་ད་ལྟ་གནས་བབ་དེའི་སྒང་ལ་རང་འཇགས་ཡོད་མེད་དོགས་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། ཐོག་མ་མགོ་བཙུགས་པའི་སྐབས་ལ་འཆར་འགོད་ལྷན་ཚོགས་ཞེས་པའི་ཐོག་ནས་མགོ་བཙུགས་པ་རེད། དེ་ནས་འཆར་འགོད་ལྷན་ཁང་ཞེས་བཏགས་ཡོད་པ་རེད། འཆར་འགོད་ལྷན་ཚོགས་ཡིན་པའི་སྐབས་ཀྱི་ལྷན་ཚོགས་ནང་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་དང་དྲུང་ཆེ་རྣམ་པ། ཟུང་དྲུང་དང་དྲུང་གཞོན་བཅས་ཡོད་པ་རེད། རྗེས་སུ་འཆར་འགོད་ལྷན་ཁང་ཆགས་ཡོང་དུས་ཚོགས་གཙོ་བཀའ་བློན་ཁྲི་པ་དང་ཚོགས་གཞོན་དཔལ་འབྱོར་བཀའ་བློན། འཐུས་མིའི་ནང་བཀའ་བློན་གཞན་དང་བཀའ་དྲུང་། དེ་བཞིན་འཆར་འགོད་ཀྱི་འགན་འཛིན་ཟེར་ན་རེད་ཁྱད་ལས་པ་ཡོད་པ་རེད། འཆར་འགོད་ལྷན་ཚོགས་ལ་ཚུར་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༢ ཉིན་བསྒྱུར་བ་དང་། སྐབས་དེར་ངོ་བོ་རང་འཇགས་ལྷག་ཡོད་ཀྱང་ལས་དོན་ལ་འགྱུར་བ་ཕྲན་བུ་འགྲོ་ཡོད་པ་རེད་ལབ་པ་ནང་བཞིན་ཚོགས་གཙོ་སྲིད་སྐྱོང་དང་། ཚོགས་གཙོ་གཞོན་པ་དཔལ་འབྱོར་བཀའ་བློན། འཆར་འགོད་ལྷན་ཚོགས་ནང་འཐུས་མི་བཀའ་བློན་གཞན་ཡོད་ལ། ལྷན་ཚོགས་ཀྱི་དྲུང་ཆེའི་འགན་འཁུར་མཁན་དེ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་དྲུང་ཆེ་ཆགས་ཡོད་པ་རེད། སྔོན་མ་ཡིན་ན་བཀའ་དྲུང་རེད། ད་ལྟའི་ཆར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་དྲུང་ཆེ་ཆགས་ཏེ་འགྱུར་བ་ཕྱིན་ཡོད་པ་རེད། ཕྱག་ལས་གནང་ཕྱོགས་དེ་སྔོན་མའི་གནང་སྟངས་ཀྱི་ཐོག་ནས་ས་གནས་ཁག་ལ་ཕེབས་ཏེ་ལས་འཆར་གྱི་འཆར་གཞི་དེ་ཚོ་བསྡུ་རུབ་བྱས་རྗེས། དཔལ་འབྱོར་འདུ་འགོད་ཐབས་ཤེས་བྱས་པ་དེ་འདྲ་བྱུང་ཡོད་པ་དང་། ཡང་མཚམས་རེར་རོགས་དངུལ་རག་པ་ཡིན་ན་དེ་གཞིར་བཟུང་སྔར་ནས་འཆར་གཞི་མེད་པ་ཡིན་ནའང་། དགོས་ངེས་ཡོད་པ་ཡིན་ན་ལག་བསྟར་བྱས་པའང་ཡོད་པ་རེད། དེ་སྔོན་གྲོས་ཚོགས་ནང་ཞུས་པ་ལྟར་ལོ་ལྔ་རེའི་ནང་ཞིབ་འཇུག་འགྲོ་ཐུབ་ཡོད་པ་མ་རེད། ཐེངས་དང་པོའི་ནང་ཧིན་སྒོར་ས་ཡ་ཆིག་སྟོང་བཅོ་བརྒྱད་ཀྱི་འཆར་གཞི་ཡར་བསྡུས་ཡོད་པ་དང་། ལག་བསྟར་ཐུབ་པ་བརྒྱ་ཆ་ ༢༠ བྱུང་ཡོད། ཐེངས་གཉིས་པའི་ནང་ས་ཡ་ཆིག་སྟོང་དགུ་བཅུ་གོ་བདུན་གྱི་འཆར་གཞི་ཡར་བསྡུས་ཏེ། བརྒྱ་ཆ་ ༣༠ ལག་བསྟར་ཐུབ་ཡོད་པ་དང་། གསུམ་པའི་ནང་ས་ཡ་ཆིག་སྟོང་བཞི་བཅུའི་འཆར་གཞི་བསྡུས་ཡོད་པ་དང་། ལག་བསྟར་ཐུབ་པ་དེ་བརྒྱ་ཆ་ ༦༠ མ་ཟིན་ཙམ་ཡིན་པ་འདྲ། ཐེངས་གསུམ་པ་དེར་ས་ཡ་ལྔ་བརྒྱ་དགུ་བཅུ་གོ་བདུན་གྱི་ལས་འཆར་ཡར་བསྡུས་ཏེ། ལག་བསྟར་བརྒྱ་ཆ་ ༦༥ བྱས་ཡོད་པ་རེད། ངོ་བོ་གཅིག་པ་ཡིན་པ་གང་ཞིག་ལ་ལས་དོན་བྱེད་ཕྱོགས་ལ་ཕྲ་ལ་ཕྲན་བུ་འགྱུར་བ་བཏང་སྟེ། བཀའ་ཤག་འདིའི་ཐོག་ནས་མི་མང་ནང་ལ་བསམ་ཚུལ་ག་རེ་ཡོང་གི་འདུག་ཟེར་ན། འཆར་གཞི་ཡར་གཏོང་ཤོག་ལབ་དུས་རིམ་པ་མང་པོ་ཞིག་ཡོང་གི་འདུག ཁ་ཤས་ཀྱིས་ས་གནས་སུ་ཡོད་པའི་འདོད་པ་གཞིར་བཟུང་འཆར་གཞི་ག་རེ་ཡོད་པ་ཆ་ཚང་བཏང་ཡོང་གི་འདུག གཞི་རྩའི་ཞིབ་འཇུག་གནང་གི་ཡོད་པ་རེད་དེ་རྗེས་སུ་ས་གནས་ཁག་ལ་སྐྱོན་ཆ་ག་རེ་ལྷག་གི་འདུག་ཟེར་ན། ང་ཚོའི་འཆར་གཞི་དབུས་ལ་བཏང་ཚར་ཡང་ད་དུང་ལན་འབྱོར་མ་སོང་ཟེར་བ་དང་། ཡང་འགའ་ཤས་ཀྱིས་ཁྱེད་རང་ཚོས་འཆར་གཞི་དེ་འདྲ་བཙུགས་ཡོད་ཟེར་གྱི་འདུག་སྟེ། ད་དུང་དངུལ་འབྱོར་མ་སོང་ཟེར་ནས་སྐད་ཆ་མང་པོ་ཞིག་ལྷག་ཡོང་གི་འདུག དེར་བརྟེན་ད་ལན་ང་ཚོས་མི་མང་ནང་ནས་འཆར་གཞི་ཡར་མ་བསྡུས་པར་ང་རང་ཚོ་ས་གནས་ས་ཐོག་ཏུ་འགྲོ་སྐབས་དགོས་མཁོ་ག་རེ་འདུག་ཞིབ་འཇུག་བྱས་ཏེ། ལྷན་ཁང་རེ་རེ་ནས་འགན་འཁུར་ཏེ་འཆར་འགོད་ལྷན་ཚོགས་མཉམ་དུ་བཀའ་སྡུར་གནང་བའི་ཐོག་ནས་བྱས་ན་ཞེས་ལབ་སྟེ། ད་ལྟའི་ཆར་ཞིབ་འཇུག་བྱས་མེད་ཀྱང་ཕལ་ཆེར་འཆར་གཞི་ཡོད་པ་དང་ལག་བསྟར་བྱས་པ་གཉིས་ཀར་བལྟས་པ་ཡིན་ན། ལག་བསྟར་བྱས་པ་དེ་མང་བ་དང་དཔལ་འབྱོར་ཐོག་ནས་ཡིན་ནའང་མང་ཙམ་ཆགས་ཡོད་པ་རེད་བསམ་གྱི་ཡོད། ཅེས་གསུངས་སོང་།

ཡང་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་འཆར་འགོད་ལྷན་ཚོགས་ལ་རང་དབང་བཀའ་ཤག་ལ་གང་ཡོད་པ་དེ་ཙམ་ཡོད་གསུང་དུས། འཆར་འགོད་ལྷན་ཚོགས་ཀྱི་འགན་འཛིན་ལ་དབང་ཆ་བཀའ་ཤག་དང་འདྲ་མཉམ་ཡོད་གསུང་གི་ཡོད་པ་རེད་དམ། ཡང་ན་འཆར་འགོད་ལྷན་ཚོགས་ལ་རང་དབང་བཀའ་ཤག་དང་འདྲ་མཉམ་ཡོད་གསུང་གི་ཡོད་དྲིས་པར་སྲིད་སྐྱོང་མཆོག་ནས། འཆར་འགོད་ལྷན་ཚོགས་ནང་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གྱིས་གཙོས་པའི་བཀའ་བློན་རྣམ་པ་ཚང་མ་ཡོད་དུས། བཀའ་ཤག་ལ་སྐུ་དབང་ག་ཚོད་ཡོད་པ་དེ་འཆར་འགོད་ལྷན་ཚོགས་ལ་ཡོད་པ་རེད། ཁྱད་པར་དེ་ག་རེ་རེད་ཟེར་ན། དེ་སྔ་ཡིན་ན་དྲུང་ཆེ་བཀའ་དྲུང་གིས་གནང་གི་ཡོད་པ་དང་། ད་ལྟ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་དྲུང་ཆེ་ཡིས་གནང་གི་ཡོད་སྟབས། བཀའ་ཤག་ལ་སྐུ་དབང་ཡོད་པ་དེ་རང་གནས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

IMG_0808སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། བར་སྐབས་ཤིག་ལ་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་ཁ་ཤས་ཤིག་གནང་ཡོད་པ་དང་། འཆར་གཞི་ལྟར་ན་ལོ་ལྔ་རེའི་ནང་ཐེངས་གཅིག་རེ་གནང་གི་ཡིན་གསུངས་ཡོད་ཀྱང་། བར་སྐབས་ཤིག་ནས་གནང་མེད་པ་དེ་སྔོན་མ་ཞིབ་བཤེར་གནང་བ་དེ་ཏག་ཏག་མ་བསྡད་ནས་མ་གནང་བ་རེད་དམ། ཡང་ན་མི་རྒྱུའི་མཐུན་རྐྱེན་གང་རུང་ཞིག་མ་འཛོམས་ནས་མ་གནང་བ་རེད་ཅེས་དྲིས་པར་སྲིད་སྐྱོང་མཆོག་གིས། བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་བྱེད་པ་དེ་དཀའ་ལས་ཁག་ཙམ་ཆགས་བསྡད་ཡོད་པ་རེད། དཔལ་འབྱོར་བཀའ་བློན་གྱིས་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་ཐོག་ནས་གྲངས་འབོར་ཞིག་གསུངས་སོང་ང་། ཕྱི་རྒྱལ་ཁག་ལ་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་གནང་མཁན་ད་ལྟའི་ཆར་མང་དུ་མང་དུ་འགྲོ་ཡི་ཡོད། ཡིན་ནའང་། རྒྱ་གར་ལ་ཡོད་པའི་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་འབུལ་མཁན་གྱི་གྲངས་ཚད་དེ་ངས་མ་བརྗེད་པ་ཡིན་ན། འབུམ་གཅིག་དང་ཁྲི་གསུམ་ཡོད་པ་རེད། མི་འབོར་གྲངས་ཚད་ཀྱི་ཐོ་ལེན་རྒྱུ་དེ་ཞེ་དྲགས་ཁག་པོ་རེད་འདུག དཔྱ་ཁྲལ་ལག་དེབ་ལ་གཅིག་ཡོང་གི་འདུག་ལ། སྐྱབས་བཅོལ་ལག་དེབ་ནས་གཅིག་ཡོང་གི་འདུག ཡང་གཞིས་ཆགས་རང་གི་ཐོ་གཞུང་གི་ཐོག་ནས་ཀྱང་གཅིག་ཡོང་གི་འདུག དེར་བརྟེན་ང་ཚོ་བཙན་བྱོལ་རང་ཡིན་དུས་དཔལ་འབྱོར་གྱི་དོན་དུ་ཡིན་ནའང་རེད། གནད་དོན་ཁག་ཁ་ཤས་ལ་བརྟེན་ནས་ང་ཚོའི་མི་འབོར་དེ་ག་དུས་ཡིན་ནའང་སྐོར་བ་ཞིག་བརྒྱབ་ནས་བསྡད་ཡོད་པས་གྲངས་འབོར་དེ་ཁག་པོ་ཞེ་དྲགས་འདུག སྔོན་མའི་འཆར་འགོད་ལྷན་ཚོགས་ཀྱི་གྲངས་ཀ་གཞིར་བཟུང་བྱས་ན། ངས་དྲན་པ་རང་གི་ཐོག་ནས་ཞུས་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡོངས་ནང་མི་འབོར་འབུམ་གཅིག་དང་གསུམ་ཁྲི་བདུན་སྟོང་ཡིན་ས་ཡོད། དེའི་ནང་རྒྱ་གར་ནང་ཡོད་པའི་བོད་མིའི་གྲངས་འབོར་དེ་གང་ལ་གང་འཚམ་ཐིག་པ་འདྲ་པོ་འདུག ཡིན་ནའང་། ཕྱི་རྒྱལ་དང་དམིགས་བསལ་གྱིས་ཨ་རིར་ཡོད་པའི་གྲངས་འབོར་དེ་ཧ་ལས་པའི་ཉུང་ཉུང་རེད་འདུག ངས་ཀྱང་དྲན་གྱི་འདུག སྔོན་ཆད་འཆར་འགོད་ལྷན་ཚོགས་ཀྱི་མི་འབོར་གྲངས་བཤེར་གྱི་འགེང་ཤོག་དེ་ཡོང་གི་འདུག ཡིན་ནའང་། འགེང་ཤོག་སྐོང་མཁན་དང་མི་སྐོང་མཁན་གཉིས་བསྡུར་ན་རྦད་དེ་མི་སྐོང་མཁན་མང་བ་ཡོད་པ་རེད། གང་ཡིན་ཟེར་ན། ཁོ་ཚོས་འགེང་ཤོག་དེ་བསྐངས་བ་ཡིན་ན་གྲངས་ཀ་དེར་དམིགས་བསལ་གྱིས་འབྲེལ་བ་ཞེ་དྲགས་ཡོད་པ་མ་རེད། གཞིས་ཆགས་ཁག་ཡིན་ན་འབྲེལ་བ་ཏན་ཏན་ཡོད་པ་རེད། དེར་བརྟེན་ཕྱི་རྒྱལ་ལ་ཡོད་པའི་བོད་མིའི་གྲངས་ཀ་ལེན་རྒྱུ་དེ་ཧ་ལས་པའི་དཀའ་ལས་ཁག་པོ་ཆགས་འདུག ང་ཚོས་བསྐྱར་དུ་གྲངས་བཤེར་ཞིག་དགོས་ཀྱི་འདུག་ཅེས་ན་འབད་བརྩོན་བྱེད་ཆོག་གི་རེད། ཡིན་ནའང་། གྲངས་ཀ་རང་འབབ་ཐུབ་རྒྱུ་དེ་ག་འདྲ་ཞིག་ཡིན་ན་བསམ་གྱི་འདུག འོན་ཀྱང་ངེས་པར་དུ་དགོས་ཀྱི་འདུག་ཅེས་པའི་དགོངས་པ་ཡོད་ན། ང་ཚོས་འབད་བརྩོན་བསྐྱར་དུ་བྱེད་ཆོག་གི་རེད། ཅེས་གསུངས་སོང་།

བཀྲས་མཐོང་དབང་པོ་ལགས་ཀྱིས་ད་ལྟའི་ཆར་འཆར་འགོད་ལྷན་ཚོགས་ཀྱི་ཕྱག་ལས་དེ་གཙོ་བོ་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་གནས་སྡོད་ཁུལ་ཆགས་བསྡད་ཡོད་པ་དང་། འདས་པའི་ལོ་ཤས་ནས་བཟུང་ཡུ་རོབ་དང་ཨ་རིའི་ནང་བོད་པ་མང་པོ་ཞེ་དྲགས་བསླེབས་ཡོད་པས་དེ་ཚོའི་ཐོག་ལ་འཆར་གཞི་ཅི་ཡོད་མེད་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། འཆར་འགོད་ལྷན་ཚོགས་ཀྱི་འཆར་གཞི་དེ་མང་ཆེ་བ་ལས་འཆར་ཡིན་དུས། འགྲོ་སྟངས་བྱས་ན་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་དང་འབྲེལ་བའི་ཐོག་ནས་ཡིན་སྟབས། ད་ལྟའི་བར་དུ་རྒྱ་བལ་འབྲུག་གསུམ་གྱི་ནང་གཙོ་བོ་དམིགས་ཡོད་པ་རེད། ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཚོར་དཀའ་ངལ་ཡོད་པ་དེ་སྔ་ནས་བཀའ་ཤག་གིས་ཞིབ་ཅིང་ཕྲ་བ་ཞུས་ཡོད་ལ། ཧ་གོ་ཡི་ཡོད་པ་ལྟར་འབད་བརྩོན་བྱེད་ཀྱི་ཡོད། དཔེར་ན། ཡིག་ཆ་རག་ཐབས་ཀྱི་གཙོས་པའི་ངོ་སྤྲོད་ཡི་གེ་གནང་བ་སོགས་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། ཅེས་སོགས་གསུངས་སོང་།

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༦/༡༣
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༡༣
Mobile App

ཧི་མ་ཅལ་གྱི་འཕགས་བོད་ཚོང་ལམ་ཤིབ་ཀི་ལ་བསྐྱར་དུ་སྒོ་ཕྱེས་འདུག

༢༠༢༥/༠༦/༡༢
༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ༢༠༢༥།༦།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

 ཝེ་ཐི་ནམ་སོགས་ཀྱི་དད་ལྡན་དོན་གཉེར་བ་ ༣༠༠ ལྷག་གིས་མཇལ་བཅར་ཞུས།

༢༠༢༥/༠༦/༡༢
Mobile App

སྐུ་པར་རྙིང་བ་ཞིག

༢༠༢༥/༠༦/༡༢
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་། ༢༠༢༥།༠༦།༡༡ དུས་བབ་ཀྱི་པར།
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐོབ། 

༢༠༢༥/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese