མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་ཤིན་ཅང་སྤྱི་ཚོགས་དང་དཔལ་འབྱོར་གྱི་རྨང་གཞིའི་འགྱུར་ལྡོག་བསྡུར་བ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨེན་སྒྲེའུ་ཕྷི་སི་ཆར་(Andrew Fischer)གྱིས་བརྩམས།

བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།

238658075_30bf6c82f9_o-600x300

བོད་དང་ཤིན་ཅང་གཉིས་ཀྱི་བར་གནས་སྟངས་འདྲ་བའི་ཆ་མང་པོ་ཡོད་ཅིང་མི་འདྲ་བའི་ཆ་ཞིག་ཡོད་པ་ནི་བོད་རིགས་དང་ཡུ་གུར་མི་རིགས་གཉིས་ཀྱི་ཆོས་ལུགས་ཐ་དད་ཡིན་པ་དེ་རེད། མི་རིགས་འདི་གཉིས་ཀྱི་འདྲ་བའི་ཆ་འགའ་ནི་དཔལ་འབྱོར་གྱི་ཡར་རྒྱས་ཆག་ཡང་དང་རོགས་དངུལ་ལ་ཤུགས་ཆེན་བརྟེན་ཞིང་། དབྱེ་འབྱེད་དང་བཙན་གནོན་གྱི་ཆབ་སྲིད་སྒྲོམ་གཞིའི་འོག་རྒྱ་ནག་ཧན་མི་རིགས་འབོར་ཆེན་ནང་འཛུལ་གྱི་དཀའ་རྙོག་ལ་གདོང་ལེན་བྱེད་བཞིན་པ་དེ་རེད། ཡིན་ན་ཡང་། འདས་པའི་ལོ་ཉི་ཤུ་ལྷག་གི་རིང་སྤྱི་ཚོགས་དང་དཔལ་འབྱོར་གྱི་རྨང་གཞིའི་འགྱུར་ལྡོག་འགར་བརྟག་དཔྱད་ཞིབ་ཚགས་བྱས་སྐབས། རྒྱ་ནག་གི་ནུབ་ཁུལ་ཡར་རྒྱས་ཟེར་བའི་ལས་གཞི་དེ་དག་ནས་ས་ཁུལ་འདི་གཉིས་ལ་མི་འདྲ་བའི་ཆ་མང་དག་ཅིག་བྱུང་བཞིན་པ་ཕྱིར་མངོན་གསལ་ཆགས་ཡོད། ས་གནས་འདི་གཉིས་ནང་གཞི་རྩའི་འགྱུར་ལྡོག་དེ་དག་གིས་རྐྱེན་པས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་ཏེ་ངོ་རྒོལ་དང་ཡར་ལངས་སོགས་ཀྱི་བྱུང་རྐྱེན་གཏེ་བ་དེ་ཆགས་ཡོད་ཅེས་བརྗོད་མི་ཐུབ་ཀྱང་། ཉེ་ཆར་རང་ཉིད་ཀྱི་དེབ་ནང་འགྲེལ་བརྗོད་གཏིང་ཟབ་བྱས་པ་བཞིན། གཞི་རྩའི་འགྱུར་ལྡོག་དེ་ཚོ་ནས་ང་ཚོས་སྤྱི་ཚོགས་དང་དཔལ་འབྱོར་གྱི་འགྱུར་བ་དེ་དག་རྐྱེན་པས་གྲངས་ཉུང་མི་རིགས་འདི་གཉིས་ཀྱི་མི་དམངས་ཁྲོད་དབྱེ་འབྱེད་དང་གྱོང་གུན་གྱི་ཚོར་བ་ཤུགས་ཆེན་སླེབ་བཞིན་ཡོད་པ་ཤེས་རྟོགས་ཐུབ་པ་དང་། དེ་ལྟར་གྲངས་ཉུང་མི་རིགས་ཀྱི་མི་མང་ཚོས་གཞུང་ལ་མི་དགའ་བའི་རྒྱུ་རྐྱེན་གལ་ཆེན་འགའ་མཐོང་ཐུབ་པའི་དགེ་མཚན་ལྡན་ཡོད།

མི་མང་གི་འཚོ་བ་དང་འཚོ་རྟེན་ལ་ཐད་ཀར་འབྲེལ་བ་དམ་ཟབ་ལྡན་པའི་གཞི་རྩའི་དགོས་དམིགས་ནི་མི་མང་གི་ལས་ཞུགས་ཀྱི་གནས་བབ་ཆགས་ཡོད་པ་རེད། ཅུང་ཞིབ་ཚགས་སྒོ་ནས་བརྗོད་ན་འདིར་དོ་སྣང་སྤྲོད་ཡུལ་གཙོ་བོ་དེ་ཡང་ངལ་རྩོལ་གྱི་འཕོ་འགྱུར་ཡིན་པ་དང་། ངལ་རྩོལ་འཕོ་འགྱུར་ཞེས་པ་ནི་ཞིང་ལས་ཐོག་ཆ་སྙོམས་ལས་ཞུགས་མི་འབོར་དེ་དག་ལས་གནས་སྡེ་ཚན་གཞན་པ་སྟེ། བཟོ་སྐྲུན་དང་འཛུགས་སྐྲུན་ནམ་ཞབས་ཞུ་སོགས་ལས་ཁོངས་གཞན་དག་དང་བརྗེ་སྤོ་བྱས་ཙང་བྱུང་བ་རེད། འཕོ་འགྱུར་དེ་འདྲའི་ཁྲོད་རྒྱུན་དུ་གྲོང་ཁྱེར་ཅན་དུ་ཁ་ཕྱོགས་པ་ཡོང་སྲིད་དེ་མི་རྣམས་ཞིང་ལས་ནས་ཁ་བཀྱེད་སྐབས་སུ་རང་བཞིན་གྱིས་གྲོང་གསེབ་ས་ཁུལ་ནས་གཏན་དུ་གནས་སྤོ་བྱེད་ཀྱི་ཡོད་པ་རེད། དམིགས་བསལ་ས་ཁུག་དང་མི་འབོར་ཁ་ཐོར་ཡོད་སའི་གྲོང་གསེབ་ས་ཁུལ་ཁག་ལ་དཔལ་འབྱོར་གྱི་གོ་སྐབས་དབེན་པས་མང་བ་མཐོང་རྒྱུ་ཡོད་པ་རེད།

རྨང་གཞིའི་འབྲེལ་བ་གྲུབ་སྟངས་ཀྱི་ལྟ་ཚུལ་འདི་ནི་སྡོམ་རྩིས་ཀྱི་དན་གྲངས་(Statistical data)ལ་གཞི་བཞག་ཐོག་ནས་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ཁྱོན་ཡོངས་ནས་མཚོན་ཐབས་བྱས་ཡོད་དེ། གཞན་ཡིན་ན་ས་གནས་གཅིག་གམ་རྒྱ་ཆུང་བའི་ཉམས་ཞིབ་ཀྱིས་ཐོག་ནས་དེ་ལྟར་ཁ་གསལ་པོ་བཟོ་ཐུབ་ཀྱི་མེད་པ་རེད།༼ང་ཚོས་གྲོང་ཁྱེར་གསར་སྐྲུན་གྱི་ལས་གཞི་དག་ས་གནས་རང་ནས་ཉམས་ཞིབ་བྱས་ནས་ཤེས་ཐུབ་ཀྱང་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་མེད་པར་ང་ཚོས་དེ་གྲོང་ཁྱེར་ཅན་དུ་འགྱུར་བའི་ལས་གཞི་ངེས་ཅན་ཞིག་ཡིན་པར་ཁ་ཚོན་གཅོད་མི་ཐུབ་པ་བཞིན་རེད།༽ དེ་བཞིན། ལས་ཞུགས་ཀྱི་གནས་བབ་ལ་རྨང་གཞིའི་དཔྱད་ཞིབ་འདི་ཁོ་ནས་དབྱེ་འབྱེད་ཀྱི་གནད་དོན་རྣམས་གསལ་འདོན་མི་ཐུབ་ཀྱང་། ཐབས་ལམ་འདིས་ས་གནས་ཀྱི་ཉམས་ཞིབ་པ་ཚོ་ལ་གཞོགས་འདེགས་ཀྱིས་དབྱེ་འབྱེད་ཀྱི་གནས་ཚུལ་གང་དུ་ལྷག་སྲིད་མིན་སོགས་ལམ་སྟོན་བྱ་ཐུབ་པའི་ཕན་ཡོན་ལྡན་པ་དང་། འདི་ནི་གཅིག་ལ་གཅིག་བརྟེན་གྱི་ཉམས་ཞིབ་བྱེད་སྟངས་ཚད་ལྡན་ཞིག་ཏུ་རློམ།

དཔྱད་གཞིའི་དགོས་མཁོ་བསྐོང་སླད་དུ་བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དང་དེ་བཞིན་རྒྱ་ནག་ནུབ་ཁུལ་གྱི་ཞིང་ཆེན་འགའ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་བཅས་ཀྱི་ཐོག་རང་ཉིད་ཀྱིས་ཉེ་བའི་དེབ་ཅིག་ནང་ཞིབ་བསྡུར་སྒོས་གསལ་སྟོན་བྱས་ཟིན་པ་དང་ད་ཐེངས་སྙིང་བསྡུས་ཤིག་ཞུ་རྒྱུ་ཡིན། ཤིན་ཅང་ནང་ཡུ་གུར་མི་རིགས་ད་ལྟ་གྲངས་ཉུང་ཅན་དུ་འགྱུར་ཟིན་པ་དང་བོད་ནང་ཤིན་ཅང་ནང་ལྟར་བོད་རིགས་མི་འབོར་གྲངས་ཉུང་ཅན་དུ་ད་དུང་འགྱུར་ཐུབ་མེད། ང་ཚོས་ཀྰ་ཤི་གྷར་(Kashgar)དང་(Khotan(ch.Hotan)ཁཱོ་ཐན་ས་ཁུལ་གཉིས་ཀྱི་ཐོག་གནས་ཚུལ་རྙེད་པར་གཞིག་ན་ཁུལ་འདི་གཉིས་ནང་ད་དུང་བོད་རང་སྐྱོང་ལྗོངས་ལྟར་ཡུ་གུར་མི་རིགས་ཤུགས་ཆེ་བ་ལྷག་ཡོད་འདུག

བོད་དང་ཤིན་ཅང་གཉིས་ཀྱི་ནང་དཔལ་འབྱོར་ཡར་རྒྱས་ལ་བརྟེན་ནས་ལས་གནས་འཕོ་འགྱུར་འགྲོ་བཞིན་པའི་རྒྱབ་ལྗོངས་སུ་ས་ཁུལ་འདི་གཉིས་ཀྱི་བར་ལ་མཚུངས་པ་དང་མི་མཚུངས་པའི་ཆ་དག་སྙིང་བསྡུས་སུ་གཤམ་ལ་བཀོད་ཡོད།

  • བོད་རང་སྐྱོང་ལྗོངས་ཀྱི་ནང་དཔལ་འབྱོར་ཡར་རྒྱས་དེ་ནི་རོགས་དངུལ་དང་ཆག་ཡང་ལ་ཤུགས་ཆེར་བརྟེན་གྱི་ཡོད་པ་དང་དེ་རྒྱ་ནག་གི་ཞིང་ཆེན་གཞན་པ་ཁག་དང་བསྡུར་ན་ཧ་ཅང་གིས་ཚད་མཐོ་པོ་ཡོད་པ་རེད། དཔལ་འབྱོར་ཡར་རྒྱས་དང་འབྲེལ་བའི་ཆག་ཡང་དེ་དག་ཐོན་ལས་གསུམ་པའམ་(Tertiary Sector)ཞབས་ཞུའི་ལས་རིགས་དང་ཨར་ལས་སོགས་ལ་དོ་སྣང་ཆེ་བ་བྱེད་པ་དང་གཏེར་ཁ་སྔོག་གདོན་དང་བཟོ་སྐྲུན་གྱི་ལས་གཞི་དག་ལ་འབྲེལ་བ་དེ་ཙམ་མེད་པར་འགྱུར་ཡོད། ཐོན་ལས་དང་པོ་སྟེ་(Primary Sector)ཞིང་ཁ་དང་སྒོ་ཕྱུགས་སེམས་ཅན་གསོག་ཉར་སོགས་དང་འབྲེལ་བའི་ལས་རིགས་ཁག་གི་ནང་ལས་ཞུགས་ཀྱི་གྲངས་ཚད་ད་དུང་མཐོ་ཤོས་ཡིན་པ་ལ་མ་ལྟོས་པར་ལོ་རེའི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་(GDP)ཀྱི་ཆ་ཤས་མར་ལྷུང་ཟིན་ཡོད།
  • རྒྱ་ནག་གི་ནུབ་ཕྱོགས་ས་ཁུལ་གཞན་པ་དག་གི་ནང་གཞུང་གི་ཆག་ཡང་དང་འཛུགས་སྐྲུན་ལས་གཞི་དག་གི་དམིགས་ཡུལ་གཙོ་བོ་དེ་ནི་བཟོ་གྲྭ་གསར་རྒྱག་སྟེང་ཆགས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་དང་མི་འདྲ་བར་མངའ་ཁུལ་དེ་དག་ནང་ཕྱི་ལོ་ཉིས་སྟོང་གི་དཀྱིལ་ཙམ་ནས་བཟོ་སྐྲུན་དང་རང་བྱུང་གཏེར་ཁ་སྔོག་གདོན་གྱི་ལས་རིགས་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་ཡོད། ཡིན་ཡང་བོད་རང་སྐྱོང་ལྗོངས་དང་འདྲ་བའི་ཆ་ཞིག་ཡོད་པ་ནི་ཐོན་ལས་དང་པོའི་ལོ་རེའི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་ཆ་ཤས་མར་ལྷུང་ཡོད་པ་དང་དཔལ་འབྱོར་ཡར་རྒྱས་ལ་དེ་ཙམ་གྱིས་ཕན་ཐོགས་བྱུང་ཐུབ་མེད་པ་རེད།
  • ཤིན་ཅང་ནང་གི་འགྱུར་འགྲོས་དེ་དག་རྒྱ་ནག་ནུབ་ཁུལ་གྱི་ཞིང་ཆེན་དག་དང་ཧ་ཅང་མཚུངས་ཀྱང་། བོད་རང་སྐྱོང་ལྗོངས་དང་ཐ་དད་དུ་མངོན་ཡོད། བཟོ་སྐྲུན་དང་གཏེར་ཁ་སྔོག་གདོན་དེ་བཞིན་བཟོ་གྲྭ་བསྐྱར་འཛུགས་དང་འབྲེལ་བའི་ལས་གཞི་དག་ཤུགས་ཆེར་དར་ཁྱབ་ཕྱིན་ཡོད། ཐོན་ལས་དང་པོའི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་ཆ་ཤས་གཞན་དག་ལས་ཚད་མཐོ་བ་བྱུང་ཡོད་པ་འདི་ནས་ཤིན་ཅང་དང་། དམིགས་བསལ་ནུབ་ཁུལ་དག་ལ་ཞིང་ལས་དང་བཟོ་ལས་གཉིས་ཧ་ཅང་གི་ཤུགས་ཆེར་གཉེར་བཞིན་པ་ཤེས་ཐུབ།
  • ཡིན་ན་ཡང་ཤིན་ཅང་གི་ལྷོ་ཁུལ་གྱི་ཀྰ་ཤི་གྷར་དང་ཁཱོ་ཐན་ས་ཆར་ཐོན་ལས་གཉིས་པའི་ཁོངས་ཀྱི་བཟོ་གྲྭའི་ཡར་རྒྱས་ཆེན་པོ་ཕྱིན་མེད་དེ་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ནང་ཐོན་ལས་དང་པོའི་ཆ་ཤས་ཆེ་བ་བཟུང་ཡོད། འདི་ནས་ང་ཚོས་བྱང་གི་ས་ཁུལ་དང་བསྡུར་ན་རྗེས་ལུས་ཆེན་པོ་ཐེབས་ཡོད་པ་ཤེས་ཐུབ་པ་དང་། རོགས་དངུལ་དང་ཐོན་ལས་གསུམ་པ་ཕྱུག་པོ་དེ་ཙམ་པའི་ལོ་རབས་དགུ་བཅུའི་བོད་རང་སྐྱོང་ལྗོངས་དང་ཧ་ཅང་འདྲ་པོ་ཡོད།

དེ་བཞིན། བོད་དང་ཤིན་ཅང་གཉིས་ཀྱི་ངལ་རྩོལ་འཕོ་འགྱུར་ཐད་ལ་མི་འདྲ་བའི་ཆ་ཆེན་པོ་ཞིག་ཕྱི་ལོ་ཉིས་སྟོང་ལོ་ཙམ་ནས་ཉིས་སྟོང་བཅུ་བར་ཕྱིར་མངོན་གསལ་འདོད་པོ་ཆགས་ཡོད། བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་པ་དག་གི་ཡར་རྒྱས་ལས་གཞི་གཙོ་བོ་དེ་ནི་གྲོང་གསེབ་དག་གྲོང་ཁྱེར་ཅན་དུ་འགྱུར་རྒྱུ་དེ་ཆགས་ཡོད་པ་དང་། རོགས་དངུལ་ཤུགས་ཆེན་ལ་བརྟེན་པའི་དཔལ་འབྱོར་མྱུར་སྐྱོད་ཀྱི་ཡར་རྒྱས་དེ་ས་གནས་ཀྱི་ཐོན་ལས་དང་པོ་བ་སྟེ། ཕལ་ཆེ་བ་ཞིང་ལས་དང་སྒོ་ཕྱུགས་བདག་གཉེར་བྱེད་མཁན་གྱི་བོད་རིགས་དག་ལས་ཀ་བརྗེ་སྤོ་བྱ་དགོས་འཁེལ་གྱི་ཡོད། རྒྱ་ནག་གཞུང་འབྲེལ་གྱི་ལོ་འཁོར་ལས་ཞུགས་ཀྱི་དན་གྲངས་དང་ཞིང་ཆེན་རིམ་པའི་ལོ་འཁོར་སྡོམས་རྩིས་གཉིས་ཀྱི་ནང་གསལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་གྲངས་ཚད་བརྒྱ་ཆ་ ༨༠ ཙམ་གྱིས་ཞིང་ལས་དང་འབྲོག་ལས་གཉེར་གྱི་ཡོད་འདུག ཕྱི་ལོ་ཉིས་སྟོང་ལོ་ཙམ་བར་གྲངས་ཚད་དེ་བརྒྱ་ཆ་ ༧༣ ལ་ལྷག་ཡོད་པ་དང་། དེ་ནས་ཉེ་ཆར་གནས་ཚུལ་ཐོན་པར་གཞིག་ན་ཆ་སྙོམས་བརྒྱ་ཆ་མར་ཆག་ཡོད་དེ། ཕྱི་ལོ་ ༢༠༡༢ བར་བརྒྱ་ཆ་ ༥༠ ཐམ་པ་དང་དེ་ནས་ཕྱི་ལོ་ ༢༠༡༤ ལ་བརྒྱ་ཆ་ ༤༤ ཆགས་ཡོད་འདུག དེ་ལྟར་ལོ་བཅུ་ལྷག་གི་ནང་ཚུན་ལ་བོད་རང་སྐྱོང་ལྗོངས་ནས་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་མེད་ཀྱང་རྒྱ་ནག་ཁྱོན་ཡོངས་ཀྱི་འགྱུར་ལྡོག་གི་རྗེས་སྙེག་གང་ཐུབ་བྱས་ཡོད།

ཐོན་ལས་དང་པོ་ནས་ཁ་གཞན་ལ་ཕྱོགས་པ་འདི་ནས་ངལ་རྩོལ་ལས་ཞུགས་གྲོང་ཁྱེར་ཅན་དུ་འགྱུར་བ་མཚོན་ཐུབ་པ་དང་གྲོང་ཁྱེར་ཁག་གི་ནང་ཕྱི་ལོ་ ༢༠༠༠ ལོ་ནས་ཕྱི་ལོ་ ༢༠༡༠ བར་ལས་ཞུགས་གྲངས་འབོར་གཞུང་འབྲེལ་གྱི་བརྒྱ་ཆ་ ༡༨ ནས་བརྒྱ་ཆ་ ༣༠ ལ་ཡར་འཕར་ཡོད། གྲོང་ཁྱེར་གྱི་ལས་ཞུགས་གྲངས་འབོར་འཕར་བ་དེའི་ཁོངས་སུ་རྒྱ་ནག་གི་ངལ་རྩོལ་འཕོ་འགྱུར་ཚུད་ཡོད་ཀྱང་ཕལ་ཆེ་བ་བོད་རང་གི་ངལ་རྩོལ་འཕོ་འགྱུར་ཕྱིན་པ་བསྟན་གྱི་ཡོད།

ཤིན་ཅང་ནང་གི་ངལ་རྩོལ་འཕོ་འགྱུར་གྱི་གནས་བབ་དེ་ནི་བོད་ཀྱི་ལྡོག་ཕྱོགས་ལྟ་བུ་ཆགས་ཡོད། སྒོས་སུ་ཀྰ་ཤི་གྷར་དང་ཁྰོ་ཐན་ས་གནས་གཉིས་ལ་རྒྱ་ནག་གི་ཀན་སུ་ཞིང་ཆེན་ཕུད་པའི་ས་གནས་གཞན་པ་དག་དང་བསྡུར་ན་ངལ་རྩོལ་འཕོ་འགྱུར་འགྲོ་ཚད་ཤིན་ཏུ་དལ་པོ་ཡོད་པ་དང་། ཀན་སུའུ་ཞིང་ཆེན་དང་འདྲ་བར་ཤིན་ཅང་ནང་ལ་ཡང་ངལ་རྩོལ་གྲངས་འབོར་ཆེན་པོ་ཞིག་གྲོང་གསེབ་ས་ཁུལ་ལ་ལུས་ཡོད། ཡིན་ཡང་ཤིན་ཅང་ནང་ས་ཞིང་དང་འབྲེལ་བའི་ལས་ཀ་ཁོ་ན་མ་ཡིན་པར་གྲོང་གསེབ་ཀྱི་ལས་ཞུགས་རྒྱ་བསྐྱེད་ཕྱིན་པ་དེ་ནི་ཞིང་ལས་མིན་པའི་བཟོ་ལས་ཐོན་སྐྱེད་གཉིས་པ་དང་གསུམ་པའི་སྡེ་ཚན་གྱི་ཁོངས་སུ་གཏོགས་ཡོད་འདུག ཕྱི་ལོ་ ༢༠༠༠ ལོ་ནས་ཕྱི་ལོ་ ༢༠༡༠ བར་ཐོན་ལས་དང་པོའི་ངལ་རྩོལ་ལས་ཞུགས་གྲངས་འབོར་བརྒྱ་ཆ་ ༥༨ ནས་བརྒྱ་ཆ་ ༥༡ ལ་མར་ཆག་ཡོད། ཡིན་ཡང་གྲོང་གསེབ་ས་ཁུལ་གྱི་ཆ་ཤས་བརྒྱ་ཆ་ ༥༣ ནས་བརྒྱ་ཆ་ ༥༥ ལ་ཡར་འཕར་ཡོད་པ་དང་གྲོང་ཁྱེར་གྱི་ཆ་ཤས་བརྒྱ་ཆ་ ༤༧ ནས་བརྒྱ་ཆ་ ༤༥ ལ་མར་ཆག་ཡོད།

ཤིན་ཅང་གི་རྫོང་རིམ་པའི་ལོ་འཁོར་བསྡོམས་རྩིས་དེབ་ཟེར་བ་དེ་ནས་ཀྰ་ཤི་གྷར་དང་ཁཱོ་ཐན་ས་གནས་གཉིས་ཀྱི་གནས་སྟངས་དངོས་ཤེས་རྟོགས་ཐུབ་པའི་གནས་ཚུལ་ཏག་ཏག་རྙེད་ཀྱི་མེད་མོད། གནས་ཚུལ་ལག་ཟིན་ཡོད་པ་ལ་གཞིག་ན་ཤིན་ཅང་གི་ཐོན་ལས་དང་པོའི་ལས་ཞུགས་གྲངས་འབོར་དེ་ལོ་རབས་དགུ་བཅུ་པའི་ནང་གི་བོད་རང་སྐྱོང་ལྗོངས་དང་ཧ་ཅང་མཚུངས་ཏེ་བརྒྱ་ཆ་ ༧༥ གཡས་གཡོན་ལ་གནས་ཡོད། ཡིན་ཡང་གྲོང་གསེབ་ཀྱི་ངལ་རྩོལ་བགོ་འགྲེམས་ཀྱི་ཚད་གཞི་ཧ་ཅང་མཐོ་པོར་གནས་ཡོད་པ་རེད། ཕྱི་ལོ་ ༢༠༠༣ ལོ་ནས་ཕྱི་ལོ་ ༢༠༡༠་བར་ཀྰ་ཤི་གྷར་བརྒྱ་ཆ་ ༧༦ ནས་ ༧༨ ཐམ་པ་དང་ཁྰོ་ཐན་ལ་བརྒྱ་ཆ་ ༨༡ ནས་ ༨༢ བར་གནས་ཡོད། འདི་ནས་ཡུ་གུར་བ་གྲངས་འབོར་མཐོ་བའི་ཤིན་ཅང་གི་ཞིང་ཆེན་འདི་གཉིས་བོད་རང་སྐྱོང་ལྗོངས་དང་ལྡོག་ཏེ་ངལ་རྩོལ་འཕོ་འགྱུར་འགྲོ་ཤིན་ཏུ་འགོར་པོ་ཡོད་པ་ཤེས་ཐུབ།

ལོ་རབས་དགུ་བཅུ་པའི་མཇུག་ཏུ་བོད་དང་ཡུ་གུར་མི་རིགས་གཉིས་ནི་རྒྱ་ནག་འོག་གི་ཞིང་ལས་ཤུགས་ཆེན་གཉེར་མཁན་གྱི་གྲས་ལ་ཡོད་ཀྱང་། གཞི་རྩའི་འཕེལ་རིམ་འདི་དག་གི་ཆ་ནས་དང་དམིགས་བསལ་ཀྰ་ཤི་གྷར་དང་ཁྰོ་ཐན་ས་གནས་གཉིས་བོད་རང་སྐྱོང་ལྗོངས་དང་དེ་མིན་བོད་ཀྱི་ས་གནས་གཞན་པ་ཁག་དང་བསྡུར་ན་ཉམས་མྱོང་རྩ་བ་ནས་མི་འདྲ་བ་བྱུང་ཡོད་པ་མངོན་གསལ་འདོད་པོ་ཆགས་ཡོད།

ཤིན་ཅང་གི་ཞིང་ལས་ངལ་རྩོལ་ལ་འཕོ་འགྱུར་འགྲོ་ཁག་པོ་ཡོད་པ་དང་དམིགས་བསལ་ཤིན་ཅང་གི་ལྷོ་ཁུལ་ས་ཆ་དག་ལ་དེ་བས་ཁག་པའི་གནས་སྟངས་དེས་ཅི་ཞིག་གསལ་སྟོན་བྱེད་ཀྱི་ཡོད་ཅེ་ན། རྒྱ་ནག་ས་ཁུལ་གཞན་དང་འབྲེལ་ནས་ཞིང་ལས་མི་འབོར་དེ་དག་ས་ཞིང་དང་གྲོང་གསེབ་ས་ཁུལ་ནས་ཕྱིར་ལོག་ལ་འགུལ་བསྐྱོད་ཞེ་དྲག་བྱེད་ཐུབ་ཀྱི་མེད་པ་དེ་རེད། དེའི་རྒྱུ་རྐྱེན་གཙོ་བོ་དེ་ཡང་དབུས་གཞུང་གི་ཡར་རྒྱས་འཆར་གཞི་ལ་རག་ལུས་ཡོད་པ་ས་གནས་ཁག་ལ་ཉམས་ཞིབ་བྱས་པའི་བརྒྱུད་ནས་ཤེས་རྟོགས་ཐུབ་པ་བྱུང་ཡོད།

རྒྱ་ནག་གཞུང་གི་ཡར་རྒྱས་ཀྱི་ལས་གཞིའི་ཁོངས་སུ་བོད་ཀྱི་ས་ཁུལ་དག་ལ་དེ་ལས་ལྡོག་སྟེ་ཞིང་ལས་དང་ཕྱུགས་འཚོ་སྐྱོང་ལ་སྣང་འཇོག་དེ་འདྲ་བྱས་མེད་པ་དང་། རྒྱུན་དུ་དབུལ་སྐྱོབ་ཀྱི་ཆ་ཤས་ཙམ་ལས་བཟོ་ལས་གོང་འཕེལ་གྱི་ནང་གསེས་གལ་ཆེན་ཞིག་ལ་ཁྱོན་ནས་བརྩིས་མེད་ཅིང་། བོད་ནང་གྲོང་ཁྱེར་གསར་སྐྲུན་གྱི་ལས་རིགས་ཁོ་ནར་དོ་སྣང་བྱས་ཡོད།

འདི་ལྟར་སྒྲོམ་གཞི་འདི་འདྲ་ཞིག་གི་འོག་ནས་སྤྱི་ཚོགས་ཐོག་འདྲ་མཉམ་མེད་པའི་གནས་སྟངས་ལ་ཡང་ཁྱད་པར་ཐེབས་ཡོད། ཤིན་ཅང་གི་ཡུ་གུར་མི་རིགས་རྣམས་ལ་གྲོང་གསེབ་དང་གྲོང་ཁྱེར་གཉིས་ཀར་དབྱེ་འབྱེད་ཀྱི་གནས་ཚུལ་འདྲ་མིན་འཕྲད་བཞིན་པར་འདྲ་ཡང་གྲོང་ཁྱེར་གྱི་ངལ་རྩོལ་ཁྲོམ་རིའི་སྟེང་བོད་རིགས་ཚོར་འགྲན་རྩོད་དང་དཀའ་ཚེགས་ཆེ་བ་འཕྲད་བཞིན་ཡོད་པ་རེད།

ཡིན་ན་ཡང་ས་གནས་འདི་གཉིས་ཀ་ལ་གཅིག་མཚུངས་ཀྱི་ཆ་ཞིག་ཡོད་པ་ནི་གྲངས་ཉུང་མི་རིགས་ཀྱི་མི་འབོར་མང་བ་ལ་མ་ལྟོས་པར་ཞིང་ཆེན་དང་རྫོང་རིམ་པའི་ལས་རིགས་བྱེ་བྲག་དག་གི་ནང་ལས་ཞུགས་ཀྱི་གོ་སྐབས་ཐོབ་ཀྱི་མེད་པ་དེ་རེད། འདི་དག་ནི་ཕྱི་ལོ་ ༢༠༠༢ དང་ ༢༠༠༣ ཙམ་ལ་གནས་ཚུལ་ཉམས་ཞིབ་བྱས་སྐབས་དངོས་སུ་ར་སྤྲོད་བྱུང་ཡོད། དེ་ལྟར་ཉེ་ཆར་ལག་ཟིན་བྱུང་བའི་གནས་ཚུལ་ལ་གཞིག་ན་ཡང་བོད་རིགས་མི་འབོར་གྱི་བརྒྱ་ཆ་ ༩༣ ཙམ་ཟིན་གྱི་ཡོད་ཀྱང་གྲོང་ཁྱེར་སྡེ་ཁག་གི་ལས་ཞུགས་ཆ་ཤས་ནི་ཕྱི་ལོ་ ༢༠༠༣ ལོར་བརྒྱ་ཆ་ ༦༥ ལ་མར་ལྷུང་ཟིན་ཡོད་པ་དང་ལས་ཞུགས་མི་སྣའི་ཆ་ཤས་ཀྱང་བརྒྱ་ཆ་ ༥༠ ལ་མར་ལྷུང་ཟིན་ཡོད་པ་རེད། ཤིན་ཅང་ནང་ཕྱི་ལོ་ ༢༠༠༢ ལོར་གྲངས་ཉུང་མི་རིགས་ཏེ་ཡུ་གུར་བ་དང་ཁྰ་ཛ་ཀིསི་དང་ཧཱུ་བཅས་ཀྱི་གྲོང་ཁྱེར་སྡེ་ཁག་གི་ལས་ཞུགས་བརྒྱ་ཆ་ ༣༠ ཙམ་ཟིན་གྱི་ཡོད་པ་དང་མི་འབོར་གྱི་བརྒྱ་ཆ་ ༦༠ ཙམ་ཟིན་གྱི་ཡོད་འདུག

ཤིན་ཅང་ནང་གྲངས་ཉུང་མི་རིགས་ཚོར་སློབ་སྦྱོང་གི་གོ་སྐབས་བོད་རང་སྐྱོང་ལྗོངས་ལས་ཚད་མཐོ་བ་ཐོབ་ཀྱི་ཡོད་ཀྱང་ལས་རིགས་དྲག་གྲས་ནང་ད་དུང་འཛུལ་ཞུགས་ཐུབ་ཀྱི་མེད་པ་རེད། བོད་རང་སྐྱོང་ལྗོངས་ནང་ལ་ཡང་སློབ་གསོའི་ལས་དོན་སྤེལ་དོན་ནི་ས་གནས་ཀྱི་བོད་རིགས་རྣམས་གཞུང་འབྲེལ་ལས་རིགས་ཆེ་ཁག་ནང་འཛུལ་ཞུགས་ཀྱི་གོ་སྐབས་སྤྲད་ཆེད་ཡིན་ཞེས་པ་དེ་དོན་དངོས་མིན་པ་གསལ་པོ་རེད། དེ་ལས་ལྡོག་སྟེ་ས་གནས་འདི་གཉིས་ནང་རྩལ་ཡོད་ངལ་རྩོལ་བའི་དགོས་མཁོ་སྐོང་ཐབས་སུ་རྒྱ་ཧན་མི་རིགས་ལ་གོ་སྐབས་སྤྲད་ཤུགས་ཆེ་རུ་དང་མང་དུ་འགྲོ་བཞིན་ཡོད་པ་དངོས་སུ་མཐོང་ཐུབ། དབྱེ་འབྱེད་ཀྱི་སྲིད་བྱུས་འདི་དག་བཀོལ་སྤྱོད་བྱེད་སྟངས་ནི་རྒྱ་སྐད་མི་བཀོལ་མཁན་གྱི་མི་སེར་དག་ལ་མི་དགའ་བའི་སྒྲིག་གཞི་གཏན་འབེབས་བྱེད་པའམ་ཡང་ན་མངོན་གསལ་འདོད་པོའི་ཐོག་ནས་མི་རིགས་ཀྱི་ངོ་བོའི་ཐོག་ནས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༠༢ ལོ་དང་ཕྱི་ལོ་ ༢༠༠༣ ལོ་ནས་བཟུང་སྟེ། གཞུང་ཕྱོགས་ནས་རྒྱ་ནག་ནུབ་ཁུལ་གྱི་ངལ་རྩོལ་ཁྲོམ་རར་བསྒྱུར་བཅོས་ཤུགས་ཆེར་བཏང་ཡོད་པ་དང་གྲོང་ཁྱེར་སྡེ་ཁག་གི་ལས་རིགས་ཁག་གི་ནང་ལས་ཞུགས་ཡོང་བར་མི་རིགས་བྱེ་བྲག་རང་དང་འབྲེལ་བའི་ཆ་རྐྱེན་གསར་པ་འདྲ་མིན་གསར་བཟོ་བྱས་ཡོད་པ་དེས་ལས་རིགས་དེ་འདྲའི་ནང་འགྲན་ཞུགས་བྱེད་པར་རྒྱ་ཡིག་ཀྱི་གནས་ཚད་དང་སྤྱིར་བཏང་ཤེས་ཚད་སོགས་ཚང་དགོས་རྒྱུ་ནི་ཆ་རྐྱེན་ཐོག་མ་དེ་ཆགས་ཡོད་འདུག

ད་དུང་དེའི་ཁར་གཞུང་གི་ལས་གནས་ཁག་ལས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་འདམ་གསེས་ཀྱི་འགྲོ་སྟངས་ཕྱིིར་འཐེན་སོགས་ཀྱི་གནས་ཚུལ་འདི་དག་ཕྱོགས་གཅིག་ཏུ་སྤུངས་ནས་ལྟ་སྐབས་བོད་དང་ཡུ་གུར་མི་རིགས་གཉིས་ཀས་གྲོང་ཁྱེར་གྱི་མཐོ་རིམ་ལས་གནས་དག་གི་ཟུར་འདོན་དང་ཕྱིར་འཕུད་ཀྱི་གནོན་ཤུགས་ཆེན་པོ་མྱོང་གི་ཡོད་པ་ཤེས་ཐུབ། དཔལ་འབྱོར་ཡར་རྒྱས་ཚད་མྱུར་པོ་འགྲོ་ཞིང་སློབ་སྦྱོང་གི་གོ་སྐབས་ཀྱང་གང་འཚམས་ཡག་པོ་ཐོབ་བཞིན་པའི་དུས་སྐབས་དེ་འདྲ་ཞིག་གི་ནང་ལས་གནས་གོང་འཕར་གྱི་སྒོ་མོ་ཡོད་ཚད་བརྒྱབས་ཟིན་པ་དེས་ཅི་ཞིག་མཚོན་ཐུབ་བམ།

ཤེས་ཡོན་དང་རིག་གཞུང་སྐད་ཡིག་བཅས་ཀྱི་ལམ་ནས་ཟུར་འདོན་དང་དབྱེ་འབྱེད་ཀྱི་སྒོ་ནས་བོད་དང་ཡུ་གུར་མི་རིགས་ཕལ་ཆེ་བ་རང་རང་གི་གྲོང་ཁྱེར་གྱི་ཁྲོམ་ར་ནས་གྱོང་གུན་ཐེབས་བཞིན་ཡོད་པ་རེད། སྤྱི་ཚོགས་དང་དཔལ་འབྱོར་གྱི་སྒྲོམ་གཞི་ཡེ་ནས་མ་མཚུངས་པའི་བོད་དང་ཡུ་གུར་གཉིས་ཀྱི་གནས་སྟངས་དེ་ནས་ཕྱི་ལོ་ ༢༠༠༨ དང་ཕྱི་ལོ་ ༢༠༠༩ ལོའི་ཡར་ལངས་ཀྱི་ངོ་རྒོལ་དང་འབྲེལ་བའི་གནད་འགག་དུ་མ་གསལ་སྟོན་བྱས་ཡོད།

སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ཁྱད་པར་ཡོད་མིན་ལ་མ་ལྟོས་པར་ངོ་རྒོལ་ལས་འགུལ་གྱི་དུས་ཚོད་གཅིག་མཚུངས་དེས་ཅི་ཞིག་གསལ་སྟོན་བྱས་པ་རེད་ཅེ་ན། ངོ་རྒོལ་དང་སྡུག་བསྔལ་གྱི་འབོད་སྒྲ་དག་དབྱེ་འབྱེད་དང་མཚུངས་འགྱུར་བྱེད་ཐབས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲོམ་གཞི་གཅིག་པ་ཞིག་གིས་བཟོས་པ་རེད།

རྩོམ་པ་པོ་ངོ་སྤྲོད། མཁས་དབང་ཨེན་སྒྲེའུ་ཨེམ་ཕྷི་སི་ཆར་(Dr.Andrew M. Fischer) ཁོང་ནི། སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་དུ་སྤྱི་ཚོགས་སྲིད་བྱུས་དང་ཡར་རྒྱས་ཉམས་ཞིབ་ཀྱི་ཕྱག་སྦྲེལ་སློབ་དཔོན་གྱི་ལས་གནས་བཞེས་བཞིན་པ་དང་། ཕྱི་ལོ་ ༢༠༡༤ ལོར་ཡུ་རོབ་ཁུལ་ཞིབ་འཇུག་བསྟི་གནས་ཁང་གི་གཟེངས་རྟགས་ཐོབ་ཡོད་པ་རེད། ཁོང་ནི་ཨོ་སི་ཕྷོ་ཏྲི་གཙུག་ལག་སློབ་གྲྭའི་མཚན་རྟགས་འཁོད་པའི་རྒྱལ་སྤྱིའི་ཡར་རྒྱས་ཞིབ་འཇུག་གི་མཐའ་མཚམས་གལ་ཆེ་ཁག་ཞེས་པའི་དཔེ་དེབ་ཁག་གི་མགོ་འཛུགས་རྩོམ་སྒྲིག་པ་ཡང་ཆགས་ཡོད་འདུག

མ་རྩོམ་འབྲེལ་ཐག http://blogs.nottingham.ac.uk/chinapolicyinstitute/2016/03/14/comparing-tibet-and-xinjiang-through-the-structural-dimensions-of-socioeconomic-change/

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese